
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་དངོས་མང་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས“རིག་གནས་ཤུལ་བཞག”གི་མུ་འབྲེལ་དམིགས་བསལ་འགྲེམས་སྟོན་ཏེ ། “གངས་ལྗོངས་མཐོ་སྒང་གི་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ”ཞེས་པའི་དམིགས་བསལ་འགྲེམས་སྟོན2024ལོའི་ཟླ2པའི་ཚེས6ཉིན་ནས་ཟླ5པའི་ཚེས19ཉིན་བར་ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་དངོས་མང་བཤམས་སྟོན་ཁང་དུ་བསྡོམས་པས་རིག་དངོས་ཆ་ཚང101དང་ཆ169འགྲེམས་སྟོན་བྱ་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་དངོས་དང་རིག་གནས་ཤུལ་བཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་འཛིན་གཞི་རྩ་དང་ཁྲག་རྒྱུན་ཐེག་ཡོད་པས། དེ་ནི་སླར་སྐྱེས་མི་ཐུབ་པ་དང་ཚབ་བྱེད་མི་ཐུབ་པའི་ཀྲུང་ཧྭའི་ཕུལ་བྱུང་དཔལ་ཡོན་གྱི་ཐོན་ཁུངས་ཡིན”། ལོ་རྒྱུས་རིག་གནས་ཤུལ་བཞག་ནི་མེས་པོས་ང་ཚོར་བཞག་པའི་གཅེས་ནོར་ཡིན་ལ། དེའི་ནང་འདུས་པའི་ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གཞལ་གྱིས་མི་ལང་བ་ཞིག་ཡིན་པས། ངེས་པར་དུ་སྲུང་སྐྱོང་བྱ་བ་ཨང་དང་པོར་འཇོག་དགོས་ཞེས་བསྟན་ཡོད།
ཕོ་བྲང་པོ་ཏ་ལ་དང་ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་དངོས་མང་བཤམས་སྟོན་ཁང་གཉིས་འཛམ་གླིང་རིག་གནས་ཤུལ་བཞག་གི་ཁོངས་སུ་གཏོགས་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་དམར་པོ་རི་རྩེར་རྔམ་བརྗིད་ལྡན་པའི་སྒོ་ནས་ཆགས་ཡོད་ལ། དགུང་ཨ་སྔོན་ལྟ་བུའི་སྤོབས་པ་ལྡན་པ་དང་མི་དམངས་ཀྱི་བློ་རིག་གོང་བུར་འགྲིལ་བ། མི་རིགས་འགྲོ་འོང་དང་བརྗེ་རེས་བཅས་མངོན་ཡོད་པ། དེའི་བརྗིད་ཆགས་འོད་སྟོང་འབར་བའི་དཔའ་ཉམས་དང་ཕོན་ཆེ་བའི་གཅེས་ནོར་གྱིས“འཛམ་གླིང་ཡང་རྩེའི་རིག་གནས་སྒྱུ་རྩལ་གྱི་ནོར་བུའི་བང་མཛོད”ཅེས་པའི་མཚན་སྙན་ཐོགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཕོ་བྲང་པོ་ཏ་ལ་དང་ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་རིག་གནས་ཤུལ་བཞག་འདུས་པའི་གསར་གཏོད་གསར་སྐྲུན་གཞི་རྒྱུ་མུ་མཐུད་ཆེ་རུ་བཏང་བ་དང་། མི་རིགས་མང་པོའི་རིག་གནས་ཀྱི་སྲོག་རྩ་མུ་འབྲེལ་ནས་ཆགས་པ། ཀྲུང་ཧྭའི་དཔལ་ཡོན་མི་རབས་ནས་མི་རབས་དབར་རྒྱུན་འཛིན་གང་ལེགས་བྱས་ཡོད།
“གངས་ལྗོངས་མཐོ་སྒང་གི་འཛམ་གླིང་རིག་གནས་ཤུལ་བཞག་སྟེ་ཕོ་བྲང་པོ་ཏ་ལ”ཞེས་པའི་དམིགས་བསལ་འགྲེམས་སྟོན་ནི་ཕོ་བྲང་པོ་ཏ་ལའི་རིག་དངོས་ནང་ལོག་ས་ཁུལ་དུ་ཆེས་གཅིག་སྡུད་འགྲེམ་སྟོན་བྱས་པ་ཡིན་ལ། རིག་དངོས་ཚང་མ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་མཁོ་སྤྲོད་བྱས་པ་མ་ཟད། རིག་དངོས་ཀྱི་གསུམ་ཆའི་གཅིག་ཐེངས་དང་པོར་འགྲེམས་སྟོན་བྱས་པ་ཡིན། ཐེངས་འདིའི་འགྲེམས་སྟོན་གྱིས་ཕོ་བྲང་པོ་ཏ་ལར་རྒྱུས་མངའ་ཟབ་མོ་བྱེད་པའི་སྐར་ཁུང་ཞིག་གི་སྒོ་ཕྱེས་ཏེ། རྒྱ་ཆེའི་ལྟད་མོ་བ་དང་རིག་དངོས་ལ་དགའ་ཞེན་མཁན་གྱིས་ཕོ་བྲང་པོ་ཏ་ལའི་བརྗིད་ཆགས་པའི་སྐུ་མཁར་གྱི་ཡུལ་ལྗོངས་ཧྲིལ་བོར་བལྟ་ཐུབ་པ་དང་། ཉེ་སར་བཅར་ནས་དེའི་ཉར་ཚགས་བྱས་པའི་རིག་དངོས་གཅེས་ནོར་གྱི་མཛེས་སྡུག་གི་རྣམ་པ་མཐོང་བ། རང་ཉིད་དངོས་སུ་སླེབས་པ་ཇི་བཞིན་རིག་གནས་ཤུལ་བཞག་གི་ནོར་བུའི་བང་མཛོད་འདིའི་ཕུན་སུམ་ཚོགས་པའི་དོན་སྤྱི་མྱོང་ཚོར་ཐུབ་པ། ཡུན་རིང་བ་དང་མཚར་སྡུག་འོད་སྟོང་འབར་བའི་ཀྲུང་ཧྭའི་མི་རིགས་ལོ་རྒྱུས་རིག་གནས་ཉམས་སུ་མྱོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་གི་བློ་སེམས་དཀར་པོ་ཆེ་རུ་གཏོང་བ་བཅས་སོ།

ཁག་དང་པོ། ལོ་ངོ་སྟོང་གི་གཟི་བརྗིད།
འཛམ་གླིང་ཡར་རྩེར་གནས་པའི་ཕོ་བྲང་པོ་ཏ་ལར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ལ། དེ་ནི་སྤྱི་ལོ་དུས་རབས་བདུན་པར་སྐྲུན་མགོ་ཚུགས་པ་དང་རྗེས་སུ་དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུའི་སྐབས་བསྐྱར་སྐྲུན་བྱེད་མགོ་ཚུགས་པ་དང་། དུས་རབས་ཉི་ཤུ་བའི་ལོ་རབས་སུམ་བཅུའི་བར་སླེབས་དུས་ད་ལྟའི་བརྗིད་ཉམས་ལྡན་པའི་གནའ་བོའི་བཟོ་སྐྲུན་གྱི་ཕོ་བྲང་གི་རྣམ་པ་ཆགས། དེ་ནི་བོད་ལྗོངས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་བཟོ་དབྱིབས་སྣ་མང་འཛོམས་པའི་ཕོ་བྲང་ཡིན། ཁག་འདིའི་འགྲེམས་སྟོན་ནང་སོ་སོར་ཕོ་བྲང་པོ་ཏ་ལའི་ལོ་ངོ་སྟོང་གི་འཛུགས་སྐྲུན་གྱི་གཏམ་རྒྱུད་ངོ་མཚར་ཅན་དང་དེའི་ཐུན་མོང་མ་ཡིན་པའི་བཟོ་སྐྲུན་རྣམ་པ་ངོ་སྤྲོད་བྱས་ཡོད།




པར་འདི་དག་ནི་ཁག་དང་པོའི་ལོ་ངོ་སྟོང་གི་གཟི་བརྗིད་ཀྱི་པར་རིས་ཁ་ཤས་རེད།

པར་འདི་ནི་སྤྱི་ལོ་དུས་རབས14པའི་སྲོང་བཙན་སྒམ་པོའི་སྐུ་རེད།

པར་འདི་ནི་པད་མ་འབྱུང་གནས་ཀྱི་གུ་རུ་མཚན་བརྒྱད་ཀྱི་སྐུ་རེད།
ཁག་གཉིས་པ། མ་ལུས་ཀུན་འཛོམས།
ཕོ་བྲང་པོ་ཏ་ལའི་ནང་དུ་ཕལ་ཆེར་བོད་ཀྱི་རིག་གནས་དང་སྒྱུ་རྩལ་སོགས་ཀྱི་སྙིང་བཅུད་འདུས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གྲངས་ལས་འདས་པ་ནང་དུ་ཡོད། དེའི་ཁྲོད་ཐང་གའི་བཟོ་བཀོད་ལེགས་པ་དང་བཟོ་སྟངས་མང་ཞིང་རྙོག་འཛིང་ཆེ་བ། སྐུ་འདྲའི་བཟོ་དབྱིབས་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་དོད་པ། ངོ་འབག་ལྐོག་འགྱུར་ཐུན་མོང་མ་ཡིན་པ། སྤུས་དག་ལ་ལྟ་ན་སྡུག་པ། ཆོས་གོས་ཚོན་མདངས་རྣམ་པར་བཀྲ་བ། ནང་དོན་ཕུན་སུམ་ཚོགས་པ། ད་དུང་རྩེར་སོན་སྤུས་ལེགས་དང་དངོས་ཕན་ཀྱི་འཚོ་བའི་མཁོ་ཆས་སྣ་ཚོགས་བཅས་ཀྱིས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་རིག་གནས་ཀྱི་བསམ་པའི་ཆུ་ཚད་དང་རིན་ཐང་འཕེལ་ཕྱོགས་ལ་འགྲེལ་བཤད་བྱས་ཡོད་ལ། མི་ཀུན་ལ་ལོ་ངོ་སྟོང་ཕྲག་དུ་མའི་རིང་རྒྱ་བོད་རིག་གནས་དང་སྒྱུ་རྩལ་བརྗེ་རེས་དང་དཔྱད་གཞིའི་མེ་ལོང་དུ་འཛིན་པ། མཉམ་འདྲེས་བཅས་ཀྱང་མངོན་ཡོད། ཁག་འདིའི་འགྲེམས་སྟོན་ནང་ཕོ་བྲང་པོ་ཏ་ལའི་ཐང་གའི་སྒྱུ་རྩལ་དང་སྐུ་འདྲ་བཞེངས་པའི་སྒྱུ་རྩལ། འཚོ་བའི་སྒྱུ་རྩལ་སོགས་རྣམ་པ་མང་པོའི་སྒྱུ་རྩལ་དངོས་རྫས་རྩ་ཆེན་ཕྱོགས་བསྡུས་བྱས་ཏེ། ལྟད་མོ་བར་ཕྱོགས་ཡོངས་ནས“བོད་ལྗོངས་སྒྱུ་རྩལ་གྱི་རིག་གནས་ཀུན་བཏུས་དཔེ་དེབ”འགྲེམས་སྟོན་བྱས་ཡོད།





པར་འདི་དག་ནི་ཁག་གཉིས་པ་སྟེ་མ་ལུས་ཀུན་འཛོམས་ཀྱི་པར་རིས་ཁ་ཤས་རེད།

པར་འདི་ནི་སྤྱི་ལོ་དུས་རབས18-19བའི་ཕུར་བའི་ཐང་ག་ཞིག་རེད།

པར་འདི་ནི་སྤྱི་ལོ་དུས་རབས12-13ཀྱི་འཕགས་པ་སྤྱན་རས་གཟུགས་ཀྱི་སྐུ་རེད།

པར་འདི་ནི་སྤྱི་ལོ་དུས་རབས11པའི་བཅོམ་ལྡན་འདས་ཀྱི་སྐུ་རེད།


པར་འདི་ནི་སྤྱི་ལོ་དུས་རབས18-19བའི་གསེར་གཤོག་ཆོས་དུང་རེད།


པར་འདི་ནི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལིའི་སྐབས་ཀྱི་པད་མ་འདབ་བརྒྱད་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་མཎྡལ་རེད།

པར་འདི་ནི་གསེར་གྱི་མཆོད་མེ་རེད།

པར་འདི་ནི་སྤྱི་ལོ་དུས་རབས18པའི་གཡུ་འབྲུག་ཟུང་གིས་ནོར་བུ་རྩེད་པའི་ལུག་མིག་མེ་ཏོག་གི་འདབ་མའི་གསེར་གྱི་སྡེར་མ་རེད།

པར་འདི་ནི་དུས་རབས18པའི་གསེར་བྱུགས་པ་དང་རྡོ་རྗེ་ཕ་ལམ་གྱིས་ཕྲ་རྒྱན་བཏབ་པའི་སྣོད་ཆས་རེད།

པར་འདི་ནི་སྤྱི་ལོ་དུས་རབས18-19བའི་འབྲུག་གི་ཡུ་བའི་ཆང་རྐྱན་དང་སྡེར་མ། བཏུང་ཕོར་རེད།


པར་འདི་ནི་སྤྱི་ལོ་དུས་རབས18-19བའི་རྡོ་རྗེ་ཕ་ལམ་གྱི་ཕྲ་རྒྱན་བཏབ་པ་དང་གསེར་དངུལ་བྱུགས་པའི་རྟ་སྒ་རེད།

པར་འདི་ནི་སྤྱི་ལོ་དུས་རབས18-19བའི་ཆོས་སྐྱོང་གི་ངོ་འབག་རེད།
ཁག་གསུམ་པ། མཁའ་ལམ་གྱི་ལག་རྩལ་རྨད་བྱུང་།
འཛམ་གླིང་རིག་གནས་ཤུལ་བཞག་འདིར་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་ཏང་ཀྲུང་དབྱང་གིས་མཐོང་ཆེན་བྱེད་བཞིན་ཡོད། 1989ལོར་ཕོ་བྲང་པོ་ཏ་ལའི་དུས་ཐེངས་དང་པོའི་ཉམས་གསོའི་ལས་གཞི་དངོས་སུ་མགོ་ཚུགས་པ་དང་དུས་ཡུན་ལོ6འགོར་ནས1944ལོར་ལས་ཚར་བ་དང་། ལས་གཞིར་གྲོན་དངུལ་སྒོར་ཁྲི5300ཙམ་བཏང་བ་དང་། དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་གནའ་བོའི་བཟོ་སྐྲུན་ཉམས་གསོ་བྱས་པའི་ལས་གཞི་ཨང་དང་པོ་ཡིན་ཞེས་བཤད་ཀྱང་ཆོག དུས་ཐེངས་གཉིས་པའི་ལས་གཞི2002ལོ་ནས2009ལོའི་བར་ཏེ་བསྡོམས་པས་ལོ་ངོ7གྱི་དུས་ཚོད་སྤྱད་ནས་ཉམས་གསོ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.793བཏང་། “སྲུང་སྐྱོང་གཙོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད། དོ་དམ་ལ་ཤུགས་སྣོན”དང“སྔོན་ལ་སྲོག་སྐྱོབ་པ་དང་། རྗེས་སུ་ནད་བཅོས”ཀྱི་ཉམས་གསོ་བྱེད་ཕྱོགས་བརྩི་སྲུང་བྱས་ཡོད་ལ། དེ་ནི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཚད་ལྡན་མིག་དཔེ་ཡིན། ཁག་འདིའི་འགྲེམས་སྟོན་ནང་ཉམས་གསོ་ཐེངས་གཉིས་ཀྱི་དུས་ཚོད་གླེང་གཞི་བྱས་པ་དང་། ཉམས་གསོའི་འདྲ་པར་རྩ་ཆེན་འགའ་ཤས་དང་གནའ་གཞུང་དང་ཆོས་དཔེ་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་ནས། རྒྱ་ཆེའི་ལྟད་མོ་བའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལྷག་བསམ་དཀར་པོ་འཕེལ་བར་བྱས་ཡོད།


པར་འདི་དག་ནི་ཁག་གསུམ་པ་སྟེ་མཁའ་ལམ་གྱི་ལག་རྩལ་རྨད་བྱུང་གི་དཔེ་རིས་འགའ་རེད།

ཕོ་བྲང་པོ་ཏ་ལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བོའི་ལོ་རྒྱུས་དང་མཚར་སྡུག་ལྡན་པའི་རིག་གནས་ཀྱི་དཔང་པོ་ཡིན་པའི་ཆ་ནས། དུས་རབས་བཅུ་ཕྲག་འགའ་བརྒལ་ནས་འཛམ་གླིང་གི་ཡང་རྩེར་ཀྲོང་ངེར་ལང་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་དྭངས་གཙང་ལྷད་མེད་ཀྱི་ཉི་འོད་འོག མི་སེམས་འགུལ་བའི་བརྗིད་ཉམས་དང་མཛེས་སྡུག་མངོན་ཡོད། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཞིབ་འཇུག་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། སྔར་བས་ཡིད་དབང་འཕྲོག་པའི་གངས་ལྗོངས་ཀྱི་གཏམ་རྒྱུད་གཅིག་རྗེས་གཉིས་མཐུད་ངང་གླེང་ནས། དུས་རབས་གསར་བར་གཞན་དང་མི་འདྲ་བའི་བརྗིད་ཉམས་ཞིག་མངོན་ཡོད། །
འཕྲིན་སྟེགས། weikangba