ཁྱུང་རྒྱའི་སྟོན་ཁའི་མཛེས་ལྗོངས།

2025-10-17
465

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དུ་གནས་པའི་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ཆ་སྙོམས་ཀྱི་མཚོ་འཕགས་སྨི3000ལས་བརྒལ་ཡོད་པ་དང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཡིན། ལོ་རེའི་ཟླ10བ་ནས་བཟུང་ཁྱུང་རྒྱ་ལ་ཉིན20ལྷག་རིང་གི་སྟོན་ལྗོངས་ལ་རོལ་མྱོང་བྱེད་པར་ཆེས་ཡག་པའི་དུས་ཚིགས་བསུས་ཤིང་། མཚོ་འཕགས་ཀྱི་ཁྱད་པར་དབང་གིས་ཁྱུང་རྒྱའི་སྟོན་མདངས་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། རི་འདབས་ཀྱི་དབྱང་སྡོང་གི་ལོ་མ་སེར་པོར་གྱུར་བ་དང་། རི་སྐེད་ཀྱི་གསོམ་ཤིང་ཁྲ་ཁྲ་རུ་གྱུར་བ། རི་རྩེ་ལ་ཁ་བ་བབས་པས་དཀར་པོར་གྱུར་ཡོད། མཚོ་སྔོན་གསོམ་དཀར་གྱི་སྔོ་ལྗང་དང་། རྒྱ་ལྕང་གི་གསེར་མདོག སྤང་ཁོག་གི་སེར་པོ། མཐོ་སྒང་གི་སྟག་མ་དམར་པོ། རི་རྩེ་ཡི་དཀར་པོ་བཅས་མཉམ་དུ་འདྲེས་ནས་ཚོན་མདངས་བཀྲ་བའི་མཐོ་སྒང་གི་རི་མོ་ཡིད་དུ་འོང་བ་ཞིག་གྲུབ་ཡོད། ཀྱག་ཀྱོག་གི་སྐྱེ་ཁམས་རྐང་ལམ་ནགས་ཁུལ་དུ་སྲིང་ཡོད་པ་དང་། གུང་གསེང་དང་གཟའ་མཇུག་ལ་གྲོང་མི་དང་ཡུལ་སྐོར་བ་དག་གནས་འདིར་ཕེབས་ནས་ཟི་ལིང་གི་ཆེས་མཛེས་སྡུག་ལྡན་པའི་སྟོན་ཁ་ལ་རོལ་མྱོང་བྱེད་བཞིན་ཡོད།  །

པར་འདི་དག་ནི་ཁྱུང་རྒྱའི་སྟོན་ཁའི་མཛེས་ལྗོངས་རེད།


  • 顶