|
གཅིག གཤམ་གྱི་སྟོང་ཆར་ཡི་གེ་གདམ་སྐོང་བྱོས། ༡.ཉལ་ཐུལ་( ) རྟེབ སྟེབ ལྟེབ ༢.ལག་པ་ཆུ་ལ་ ( ) བསྒྲེས བགྲེས བགྲོས ༣.མིག་ཟུང་བར་མེད་དུ་( ) སྡེབ ལྡེབ རྡེབ ༤.གྲི་ཡིས་( ) གཙགས རྩེག གཙེག ༥.ལྕགས་ལ ( )་ཆགས། བཙའ ཙ བཙལ ༦.ཨ་ཕས་( )མོ་བྱས། སྡུག སྡིག སྡིགས ༧.རྣ་བ་( )ནས་ཉན། གླགས བླགས རླགས ༨.རྒྱུགས་འཕྲོད་པར་( )་ཚོད་ཡོད། གདིང བདེང གདེང ༩.ཕ་མ་བུ་ལ་( )ཆེ། འདིང འདང མདང ༡༠.ལུས་པོ་ཅོག་ཙེར་( ) བརྙེས བསྙེས བརྙེ གཉིས ༡. གཤམ་གྱི་མིང་ལ་འགྲེལ་རྒྱོབ། སྙེམས་པ མནལ་བ ཐན་ཐུན འོ་སྐོལ བྲེད ཀླན་ཀ ༢. མངོན་བརྗོད་ཀྱི་མིང་ངོས་འཛིན་བྱོས།(༡×༤=༤) རྐང་དྲུག འཆི་མེད་ལམ། ཚངས་སྲས་མ། འདྲེན་བྱེད གསུམ། (༡) བྱེད་འབྲེལ་དང་ལ་དོན་གྱི་ཕྲད་ཁ་སྐོངས། ཁྱིམ་མཚེས་ཚང་( )བུ་མོ( )་རང་ལ་འབོད་བཞིན་པ་ཐོས་འཕྲལ། སྒྲོལ་མ( )་མྱུར་( )དཔེ་ཁུག་ཁུར་ཏེ་སྒོ་ལ་རྒྱུག སློབ་གྲྭ( )་བརྡ་སྦྱོར་ལྟར་ན་དེ་རིང་ནི་མཇུག་རྒྱུགས་ལེན་( )་དུས་ཚོད་རེད། ཁོ་གཉིས་སློབ་གྲྭར་འགྲོ་རྒྱུ་ཧ་ཅང་འཕྱི་བ( )་སེམས་ནང་སྐྲག་སྣང་( )ཁེངས། སློབ་ཁང་( )ཐོན་པ་ན། དགེ་རྒན་( )་སྐད་ཡིག་( )རྒྱུགས་ཤོག་སྟེར་བཞིན་འདུག སློབ་སྐབས་འདི( )་ནང་ང་ཚོ( )་སྐད་ཡིག་སྦྱངས་བ་བཟང་( )དེ་རིང་( )འདྲི་གཞི་རྣམས་ཧ་ཅང་སླ་བའི་ཚོར་བ་ཞིག་སྟེར། (༢) སྟོང་ཆའི་ནང་དུ་འོས་འཚམ་གྱི་དོན་ཁ་སྐོངས།(༡×༡༠=༡༠) ༡.གསལ་བྱེད་སུམ་ཅུ་ལ་སྡེ་བ་ དབྱེ་བ་ལས། རྣམས་ནི་རྗེསའཇུག་གི་ཡི་གེ་ཡིན། ཡང་འཇུག་གི་ཡི་གེ་ནི་ གཉིས་དང་། ན་ར་ལའི་རྗེས་སུ་ཡང་འཇུག་གི་ཡི་གེ་ ཐོབ། ༢.རྫོགས་ཚིག་དང་ ། རྣམས་ནི་མིང་གི་རྣམས་གྲངས་ཡིན། ༣.སློབ་དཔོན་ཐོན་མི་ནི་བོད་ཕྲུག་མཛངས་མི་བདུན་གྱི་ ཡིན་ལ། ཁོང་གི་ མཛངས་བའི་ལས་ནི་རྒྱལ་བོའི་བཀའ་བཞིན་ བྱས་པ་དེ་ཡིན། ༤. ། ། ། ། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས ། ། བྲག་གི་རི་འབིགས་ལ་ལྟོས། ། བཞི། བརྡར་ཤ་ཆོད།(༡×༡༠=༡༠) ༡. རྙིལ་ནི་སོ་རྟིང་གི་ཤ་སྐྱིའི་མིང་ཡིན་ལ། བསྟབས་ནི་བྱིན་པའི་དོན་ཡིན།( ) ༢.མེ་མདའ་ཡིས་བསད་ཅེས་པར་མེ་མདས་བསད་ཅེས་ཀྱང་བྲིས་ཆོག( ) ༣.བྱེད་འབྲེལ་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་ནི་ཕྲད་ཀྱི་སྦྱོར་ཚུལ་གཅིག་འདྲ་ཡིན།( ) ༤སྲོང་བཙན་སྒམ་པོ་ཞེས་པའི་མཚན་གསོལ་མཁན་ནི་ཁོང་གི་ཡབ་ཡིན།( ) ༥.ཨ་ཆུང་གིས་རུམ་ནས་རས་ཐུམ་ཞིག་བཏོན་ཞེས་པ་བྱ་བྱེད་ཞིབ་འབྲི་ཡིན།( ) ༦.ཡིད་ཀྱི་དྲན་པ་ལྟ་བུ་ནི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན།( ) ༧.གཉིདདང་རྨུགས་པར་སོང་སྟེ་ཤེས་བྱ་ཡིད་ལ་འཛིན་མི་ཐུབ་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཡིན( ) ༨.ལས་ཀའོ་ལྟ་བུ་ནི་བྱ་ཚིག་གི་རྗེས་སུ་རྫོགས་ཚིག་ཐོབ་པ་ཡིན།( ) ༩.འོ་སྐོལ་ཞེས་པ་འོ་མ་བསྐོལ་བའི་དོན་ཡིན།( ) ༡༠.ལོ་རྒྱུས་ཐོག་གཞིས་ཀ་རྩེ་ལ་གཙང་ཞེས་འབོད་པ་ཡིན། ( ) ལྔ། ཕྲད་སོགས་ཡིག་ནོར་བཅུ་ཡོད་པ་དག་བཅོས་བྱོས།(༡×༡༠=༡༠) ཨ་ཕ་དགུང་ལོ་བགྲེས་པའི་ཁར་དཀའ་སྡུག་གང་མང་མྱངས་པས། གདོང་ལ་སྒས་ཉམས་ཤར་འདུག ཁྱིམ་ཚང་གི་འགན་ཁུར་ཡོད་ཚད་ཁོང་གི་ཁྲག་ཏུ་བབས་ཡོད་པས། ཉིན་མོར་ཤོར་ལས་ལས་པ་དང་དགོང་མོར་གཞན་ནས་ལངས་པའི་ཡིག་ཆ་གཤུ་འབྲི་བྱེད་དགོས། བྱ་བ་འདི་ནི་ཧ་ཅང་དཀའ་སྡུག་ཆེ་བའི་མི་སྒྱིད་ལུག་ཅན་ཞིག་གིས་སྒྲུབ་དཀའ། འདི་འདྲའི་གནས་ཚུལ་འོག་དུ་ཞི་ལེ་འོ་ཡི་རང་གི་ཨ་ཕར་རོག་མ་བྱས་ན་ག་ལ་འགྲིག ཞི་ལེ་འོ་ནི་ལོ་ཆུང་བྱིས་པ་ཅིག་ཡིན་ཡང་ཕ་མའི་བདེ་སྡུག་ལ་འདི་འདྲའི་སེམས་ཁུར་བྱེད་ཤེས་ན། ང་ཚོ་ནི་སློབ་འབྲིང་གི་སློབ་མ་ཡིན་པའི་རང་གི་ཕ་མའི་སྐྱིད་སྡིག་ལ་ཁ་ཡ་མ་བྱས་ན་ག་ལ་འགྲིག དྲུག ལེགས་བཤད་གཞིར་བཟུང་ནས་དྲི་བར་ལན་ཐོབས།(༣×༤=༡༢) མཁས་པས་བདེན་རྫུན་བརྟགས་ནས་འབྱེད། ། བླུན་པོ་གྲགས་པའི་རྗེས་སུ་རྒྱུག ། ཆུ་ནང་ཅལ་གྱི་སྒྲ་གྲགས་པས། ། གཅན་གཟན་རི་དྭགས་ཕལ་ཆེར་བྲོས། ། ༡.ལེགས་བཤད་འདི་གང་ནས་དྲངས་པ་ཡིན། ༢.གཞུང་འདིའི་རྩོམ་པ་པོ་སུ་ཡིན། ༣ ཤོ་ལོ་ཀ་འདིའི་དཔེ་གང་དང་དཔེ་ཅན་གང་ཡིན། ༤.ལེགས་བཤད་འདིའི་ནང་དུ་ང་ཚོར་གནས་ལུགས་ཅི་ཞིག་བསྟན་ཡོད། བདུན། རྩོམ་ཡིག རང་ལ་ཆ་རྒྱུས་ཟབ་པའི་མི་སྣ་ཞིག་གཞིར་བཟུང་ནས་དེའི་གཟུགས་རིས་དང་གཏམ་སྤྱོད། བྱ་བྱེད་སོགས་ཞིབ་འབྲི་བྱས་པའི་རྩོམ་ཐུང་ཞིག་ཕྲིས། རྩོམ་འབྲིའི་རེ་འདུན། ༡ ཁ་བྱང་རང་གིས་འདེམས་དགོས། ༢ ཚིག་སྦྱོར་བདེ་ཞིང་དག་ཆ་ལྡན་པ། ཡིག་གཟུགས་ལེགས་པོ་ཡིན་དགོས། ༣ ཡིག་འབྲུ་༢༠༠ཡན་དགོས། (༡.༥×༡༠=༡༥) |
འཕྲིན་སྟེགས། weikangba