བོད་ཀྱི་དགོན་པའི་སློབ་གསོའི་སྐོར་གླེང་བ།

2019-05-23
288

བོད་ཀྱི་དགོན་པའི་སློབ་གསོའི་སྐོར་གླེང་བ།

 སམ་བྷོ་ཊ་ཡིག་སྒྱུར་ཀུང་ཟི་ནས་བོད་ཡིག་ཏུ་བསྒྱུར། 


     ང་ཚོས་ནམ་རྒྱུན་བོད་མི་རིགས་གླེང་དུས། གོམས་གཤིས་ཀྱི་དབང་དུ་སོང་ནས་རྟག་པར་བོད་ལྗོངས(西藏)ཞེས་བཤད། སྤྱིར་བཏང་དུ་མི་འབོར་དང་ས་ཁམས་གནས་ཡུལ། རིག་གནས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་། བོད་ལྗོངས་ཞེས་པ་ནི་བོད་ཁུལ་ཡོངས་ཀྱི་ཆ་ཤས་ཙམ་ལས་མི་ཟིན་པ་ཤེས། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་རྒྱ་ཆེའི་བོད་རིགས་མང་ཚོགས་རྣམས་འཚོ་སྡོད་བྱེད་སའི་ཡུལ་གྲུ་འདིར་ཡང་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལ། ཐོན་སྐྱེད་རྣམ་པ་དང་ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་ཀྱི་རིག་གནས་ཀྱི་ལྟེ་བར་ཆགས་པའི་བོད་རང་སྐྱོང་ལྗོངས་དང་ཁྱད་པར་མེད། ཡིན་ཡང་དེང་སྐབས་ཀྲུང་གོའི་སྤྱི་ཚོགས་ཁྲོད་དུ། རིག་གཞུང་གི་སྐད་ཆ་དང་ཆབ་སྲིད་ཀྱི་སྐད་ཆ་གང་ཡིན་ཡང་བོད་ལྗོངས་ཞེས་པའི་མིང་བརྡ་འདིས་བོད་རིགས་སྤྱི་མཚོན་པའི་ཚབ་བྱས། བོད་ལྗོངས་མ་ཡིན་པའི་བོད་ཀྱི་ས་ཁུལ་གཞན་ལ་སྣང་ཆུང་བྱས་པའི་གནས་ཚུལ་འདིས་རྐྱེན་གྱིས། ཉེ་བའི་ལོ་འདི་དག་གི་རིང་བོད་རང་སྐྱོང་ལྗོངས་ལས་ཀྱང་བོད་ཀྱི་ས་ཁུལ་གཞན་དག་ལ་དོན་དག་མང་བོ་བྱུང་ཡོད། དེ་བས་སྲིད་གཞུང་གི་ལས་བྱེད་མི་སྣ་དང་རིག་གཞུང་ཞིབ་འཇུག་མཁན་དག་གིས་བོད་ཀྱི་ས་ཁུལ་སྤྱིའི་ངོས་ནས་མི་རིགས་འདིར་ངེས་འཛིན་དང་རྒྱུས་ལོན་བྱ་རྒྱུ་གལ། ལྷག་པར་དུ་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་གླེང་བའི་སྐབས་སུའང་འདི་ལ་དོ་སྣང་བྱ་དགོས་ཏེ། རྒྱུ་མཚན་གང་རེད་ཅེ་ན་རྨ་ནུབ་དོག་ལམ(河西走廊)དང་ཁམས་ཕྱོགས་སོགས་བོད་ཀྱི་མཐའ་མཚམས་ནིགནའ་ནས་ད་བར་རྒྱ་བོད་རིག་གནས་བརྗེ་རེས་དང་འབྲེལ་འདྲིས་བྱེད་སའི་ས་ཁུལ་གལ་ཆེན་དུ་ཆགས་ཡོད། ནང་ཆོས་གཙོ་བྱས་པའི་རྒྱ་བོད་ཤེས་རིག་བརྗེ་རེས་ཀྱི་མྱུ་གུ་ཐོག་མ་ས་ཁུལ་འདི་དག་ནས་འབུས་པ་ཡིན། དེ་རིང་གི་ངའི་བརྗོད་གཞི་ནི་ནང་ཆོས་ཀྱིས་རྒྱ་བོད་མི་རགས་བར་གྱི་འབྲེལ་བ་དང་། དེ་མིན་བོད་ཁུལ་ན་གནས་པའི་གནད་དོན་ཁག་ཅིག་ལ་ཐོན་པའི་བྱེད་ནུས། ཞེས་པ་འདི་ཡིན། འདི་ལྟར་གོ་བ་བླངས་ནའང་ཆོག་སྟེ། བོད་ཁུལ་ན་གནས་པའི་གནད་དོན་མཐའ་དག་གི་ཁྲོད་དུ། ཆེས་གཙོ་བོ་ནི་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་ཡིན་ལ། ནང་ཆོས་ཀྱིས་འབྲེལ་བ་འདིའི་ཁྲོད་དུས་ཡུན་རིང་བོར་ནུས་པ་གལ་ཆེན་ཐོན་ཡོད་པ་དེའོ། །

དང་བོ། དུས་རབས་བདུན་པའི་སྔོན་གྱི་ཐུ་བྷོད་ཀྱི་ཆོས་ལུགས་དང་དེའི་མི་རིགས་ཀྱི་འབྲེལ་བ།

     ང་རང་བོན་ཆོས་ཞིབ་འཇུག་གི་ལས་ལ་ཞུགས་པ་ནས། ངའི་རིག་གཞུང་གི་དོ་སྣང་བྱེད་ས་གཙོ་བོ་ནི་སངས་རྒྱས་ཆོས་ལུགས་མ་དར་སྔོན་གྱི་བོད་ལྗོངས་ཀྱི་ཆོས་ལུགས་དང་ལོ་རྒྱུས་ཡིན། སྤྱི་ལོ་དུས་རབས་༧པའི་སྔོན་དུ། ཡང་ཅིག་བཤད་ན་ཐུ་བྷོད་གཅིག་གྱུར་མ་བྱུང་བའི་ཡར་སྔོན་ལ། བོད་ཀྱི་རིག་གནས་དང་དཔལ་འབྱོར། ཆབ་སྲིད། དམག་དོན། རིན་ཐང་ལྟ་བ་སོགས་རྒྱ་མི་རིགས་དང་འབྲེལ་འདྲིས་ཆེན་པོ་མེད། ཡིན་ཡང་ཏ་ཟིག་སོགས་ཡ་གླིང་དབུས་མར་འབྲེལ་བ་ཅུང་མང་། སྐབས་དེར། ཐུ་བྷོད་རིག་གནས་ནི་དར་གོས་ཚོང་ལམ་ལ་བརྟེན་ནས་ཡ་གླིང་དབུས་མ་དང་ནུབ་གྱི་རྒྱལ་ཁབ་དག་ལ་འབྲེལ་བ་བྱུང་། དེའི་ཁྲོད་ཀྱི་ཏ་ཟིག་ནི་རིག་གནས་ཀྱི་འབྲེལ་འདྲིས་ཆེས་ཆེ་ས་ཡིན། ཐུ་བྷོད་དང་གཙང་བོ་ཆེན་པོ་གཉིས་ཀྱི(两河流域)ཤེས་རིག་ཕན་ཚུན་བརྗེ་རེས་བྱས་མྱོང་། ཐུ་བྷོད་ཀྱི་གླ་རྩི་དང་རྟ། རྒྱ་མཚལ་སོགས་དར་གོས་ཚོང་ལམ་ལ་བརྟེན་ནས་ཏ་ཟིག་སོགས་སུ་བསྐྱལ། ཏ་ཟིག་སོགས་ས་ཆའི་གཟི་མིག་དང་རིག་གནས་ཕྱིར་ཐུ་བྷོད་དུ་ཁྱེར་ཡོང་བ་རེད། དར་གོས་ཚོང་ལམ་གྱི་ཚོང་ལས་དང་རིག་གནས་བརྗེ་རེས་ཀྱིས་ཐུ་བྷོད་ཀྱི་བོན་ཆོས་དང་ཏ་ཟིག་གི་མེ་མཆོད་ཆོས་ལུགས(祆教)སོགས་ཆོས་ལུགས་ཀྱི་བསམ་བློ་རིམ་བཞིན་ཇེ་ཉེར་སོང་ནས། རྒྱུ་གཉིས་སྨྲ་བའི(二元论)ཁྱད་ཆོས་གྲུབ། འོན་ཀྱང་། སྤྱི་ལོ་དུས་རབས་བདུན་པའི་རྗེས་སུ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་འབྲེལ་བ་ཁ་ཕྱོགས་གསར་བར་བསྐྱོད་པ་སྟེ། བོད་མི་རིགས་ཀྱི་རིག་གནས་ཤར་ཕྱོགས་ཀྱི་རྒྱའི་རིག་གནས་དང་འབྲེལ་འདྲིས་བྱེད་པའི་འགོ་ཚུགས། ཁ་ཕྱོགས་འདིར་བསྐྱོད་པར་རྒྱུ་རྐྱེན་འགའ་ཡོད་སྲིད། དེའི་ཁྲོད་ཀྱི་ཆེས་གལ་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་ནུས་པ་ཡིན།

གཉིས་པ། སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་རྒྱལ་རབས་རིམ་བྱུང་སྐབས་ཀྱི་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ།

      སྤྱི་ལོ་དུས་རབས་བདུན་པར་སངས་རྒྱས་ཆོས་ལུགས་ཐུ་བྷོད་དུ་དར་བའི་དགོས་མཁོའི་ཆེད་དུ། སྲོང་བཙན་སྒམ་པོས་རིམ་གྱིས་རྒྱ་གར་དང་ཐང་རྒྱལ་རབས་ནས་བཙུན་མོ་གཉིས་བསུས་ཏེ། སྔོན་ལ་ཐང་རྒྱལ་རབས་དང་འབྲེལ་འདྲིས་བྱས་པའི་འགོ་བརྩམས། དེ་ནས་བཟུང་། རྒྱ་དང་བོད་ལྗོངས་གཉིས་ཀྱི་བར་ལ་སངས་རྒྱས་ཆོས་ལུགས་གཙོ་བྱས་པའི་བརྗེ་རེས་མང་པོ་བྱུང། སྤྱི་ལོ་དུས་རབས་༧ནས་དུས་རབས༡༣བར་སངས་རྒྱས་ཆོས་ལུགས་ལ་དུས་རབས་འགར་འཕེལ་རྒྱས་བྱུང་། བོད་རྒྱ་མི་རིགས་གཉིས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་བརྗེ་རེས་གནད་གཙོ་བོར་བཟུང་ནས་རིམ་གྱིས་གཏིང་ཇེ་ཟབ་ལ་གྱུར། བོད་རྒྱ་མི་རིགས་གཉིས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་སྦྲེལ་ཐག་གཙོ་བྱས་པའི་རིག་གནས་ཀྱི་བརྗེ་རེས་ཁྲོད་དུ་འགལ་བ་དང་། འབྲེལ་འདྲིས། དོན་དངོས་རང་བཞིན(实质性)གྱི་བརྗེ་རེས་བྱས། དེའི་ཁྲོད་ཀྱི་ཆེས་དཔེ་མཚོན་ཅན་ནི་བལ་བཟའ་བོད་དུ་བསླེབས་པ་དང་ལྷན་དུ་ཧ་ཤང་མ་ཧ་ཡ་ནས་བོད་དུ་བསམ་གཏན་གྱི་ཆོས་སྤེལ་བར་འབད་པ་བྱས། འབྲེལ་འདྲིས་འདི་འདྲ་ཇེ་མང་སོང་བ་དང་ལྷན་དུ། སྤྱི་ཡོངས་ནས་རིག་གནས་དང་འབྲེལ་འདྲིས་གཏིང་ཟབ་པའི་གོ་རིམ་དུ་ཐོན། འདི་ལྟར་འབྲེལ་འདྲིས་བྱས་པའི་མཐར་སོག་པོའི་ཡོན་རྒྱལ་རབས་ཀྱི་རྒྱལ་བོས་ས་སྐྱ་བར་འབྲེལ་འདྲིས་བྱས་ནས་བོད་ལྗོངས་ཡོངས་མེས་རྒྱལ་གྱི་མངའ་འོག་ཏུ་བཅུག ཡོན་རྒྱལ་རབས་སྐབས་ཀྱི་རྒྱ་དང་བོད། སོག་པོ་བཅས་ཀྱི་མི་རིགས་འབྲེལ་བའི་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱིས་ཡང་བསྐྱར་ནུས་པ་གལ་ཆེན་ཐོན། དེས་བོད་ལྗོངས་མེས་རྒྱལ་གྱི་མངའ་དུ་བཅུག་པ་དང་། ཀྲུང་དབྱང་གི་འབྲེལ་བ་སྲ་བརྟན་གཏོང་བར་ནུས་པ་གཞལ་དུ་མེད་པ་ཐོན།

མིང་ཆིང་དུས་སྐབས་སུ། རྒྱལ་རབས་རིམ་བྱོན་གྱི་རྒྱལ་པོས་དགེ་ལུགས་པའི་བསྟན་པ་དར་སྤེལ་བཏང་ཞིང་སོག་པོ་བདེ་འགོད་ཀྱི་ཐབས་ཇུས་ལ་བརྟེན་ནས། སངས་རྒྱས་ཆོས་ལུགས་རྒྱལ་ཁབ་ཀྱི་རིག་མཛོད་ཆེན་པོའི་ཁྲོད་དུ་བཞག བོད་མི་རིགས་ཀྱིས་ལྟ་བ་གཞན་ཞིག་གིས་མིང་ཆིང་གོང་མར་བལྟས་པ་སྟེ་ཆིང་རྒྱལ་རིམ་བྱོན་བསྟན་སྲུང་ལ་བཀུར། ནམ་ཡིན་ཡང་བོད་རྒྱ་མི་རིགས་གཉིས་ཀྱི་བརྗེ་རེས་ལ་སངས་རྒྱས་ཆོས་ལུགས་ཀྱིས་གཙོ་ཤུགས་དང་སྒུལ་ཤུགས་ཆེན་པོ་ཐོན། མིང་ཆིང་གོང་མ་ནི་སངས་རྒྱས་ཆོས་ལུགས་སྲུང་སྐྱོབ་མཁན་གྱི་རྣམ་པར་གྱུར་བས་འབྲེལ་བ་རིམ་གྱིས་ཇེ་བཟང་ལ་སོང་། མིང་རྒྱལ་རབས་ཀྱི་གོང་མས་བོད་ཀྱི་བླ་སྤྲུལ་དག་ལ་ཆོས་རྗེ་སོགས་ཀྱི་ཆོ་ལོ་བསྩལ། ཆིང་རྒྱལ་རབས་སྐབས་སུ་སངས་རྒྱས་ཆོས་ལུགས་ཀྱི་ནུས་པ་ཇེ་མཐོར་སོང་བ་སྟེ། རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིང་དུ་ཕེབས་པ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་དང་བླ་སྤྲུལ་ཆེན་མོ་ཚོས་རྒྱ་ནང་ནས་གསང་སྔགས་སོགས་སྤེལ་བས། བོད་རྒྱ་མི་རིགས་གཉིས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་བརྗེ་རེས་གཏིང་ཇེ་ཟབ་དང་ཇེ་རྒྱས་སུ་བཏང་། དེ་དང་མཉམ་དུ། རྒྱ་ནག་གི་གྲྭ་བ་མང་པོས་བོད་ལྗོངས་ཀྱི་ས་མང་བོ་ནས་ཆོས་སྤེལ་གྱི་བྱ་བ་མང་པོ་བསྒྲུབས། ལྷག་པར་དུ་བོད་ཀྱི་མཐའ་ཁུལ་དུ་རིག་གནས་ཀྱི་བརྗེ་རེས་འདི་འདྲ་ཧ་ཅང་མང་། 《ཐོག་ཁང་དམར་པོའི་རྨི་ལམ》དང་མིང་ཆིང་གི་བརྩམས་སྒྲུང་ནང་ནས་མང་པོ་མཐོང་ཐུབ། སྐབས་དེར་བོད་ཀྱི་བླ་མས་རྒྱ་ནང་དུ་ཆོས་ལུགས་ཁྱབ་སྤེལ་བྱས།

    སངས་རྒྱས་ཆོས་ལུགས་གཙོ་བྱས་པའི་རིག་གནས་ཀྱི་བརྗེ་རེས་ཀྱི་འབྱུང་ཚུལ་དང་འཕེལ་རྒྱས་ཀྱིས། བོད་རྒྱ་མི་རིགས་གཉིས་བར་གྱི་རིག་གནས་ངོས་ལེན(文化认同)ལ་ཚད་ཇེ་ཆེར་སོང་ཞིང་ཐུན་མོང་གི་ལྟ་ཚུལ་མང་པོ་རྙེད། མི་རིགས་གཉིས་ཀྱི་བར་ཐག་ཡང་དད་སའི་ཆོས་ལུགས་གཅིག་པའི་དབང་གིས་ཇེ་ཉེར་གྱུར། ལོ་རྒྱུས་སུ་རྒྱ་ནང་ལ་སངས་རྒྱས་ཆོས་ལུགས་དར་རྒྱས་ཆེན་པོ་བྱུང་བས་སངས་རྒྱས་ཆོས་ལུགས་ལ་དད་མཁན་མཚམས་ཆད་མ་མྱོང་། འབྲེལ་ཡོད་སྡོམ་རྩིས་ལྟར་ན། ཉེ་བའི་འདི་དག་ལ་ནང་ཁུལ་དུ་སངས་རྒྱས་ཆོས་ལུགས་ལ་དད་མཁན་ཇེ་མང་ལ་འགྲོ་བཞིན་འདུག དམངས་ཁྲོད་ནས་བོད་ཀྱིས་གཅིག་ཏུ་བསམ་པ་ནི་བོད་རྒྱ་གཉིས་ཀྱི་དད་སའི་ཆོས་ལུགས་གཅིག་ཡིན་པའི་བསམ་བློ་བཟུང་ཡོད། དེ་དང་ལྷན་དུ་བོད་རྒྱ་གཉིས་ཀྱི་འབྲེལ་བ་ཡང་ཇེ་ཉེར་གྱུར། དཔེར་ན། སྲོལ་རྒྱུན་ལྟར་ན་བོད་མི་རིགས་ཀྱིས་མི་རིགས་གཞན་ལ་གཉེན་སྒྲིག་བྱེད་པར་འཛེམ། འོན་ཀྱང་། གལ་ཏེ་རྒྱ་མི་དང་གཉེན་སྒྲིག་ན་ཅུང་བར་ཐག་ཉེ་བའི་ཚོར་བ་ཡོད། རྒྱུ་མཚན་བོད་རྒྱ་གཉིས་ཀྱི་ཆོས་ལུགས་ཀྱི་དད་མོས་གཅིག་ཡིན་ཏེ་སངས་རྒྱས་ཆོས་ལུགས་ཡིན། མང་ཚོགས་ཀྱིས་ང་ཚོའི་ཆོས་ལུགས་དད་མོས་གཅིག་ཡིན་ཟེར་བའི་བཤད་རྒྱུན་བོད་ཁུལ་དུ་ཧ་ཅང་ཁྱབ་ཆེ། དེའི་རྐྱེན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློས་བོད་མི་རིགས་ཀྱི་འཇེམ་དོགས་བསལ་ནས་རྒྱ་མི་རིགས་དང་ལེན་བྱེད་པར་མཐུན་རྐྱེན་བསྐྲུན། སངས་རྒྱས་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་སྲིད་དབང་སྒྲིག་འཛུགས་དང་། མི་རིགས་འཐབ་ཇུས་བྱ་བའི་ལག་བསྟར། དམངས་ཁྲོད་ཀྱི་འབྲེལ་འདྲིས། རིག་གནས་བརྗེ་རེས། རིག་གནས་ངོས་ལེན་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་ཡོད།

ཆིང་རྒྱལ་རབས་སྐབས། ཆིང་སྲིད་གཞུང་ནི་སངས་རྒྱས་ཆོས་ལུགས་སྲུང་སྐྱོབ་མཁན་གྱི་རྣམ་པར་གྱུར་ཡོད། གོང་མ་ཁང་ཞི་དང་ཆན་ལུང་གིས་བོད་ཡིག་སྦྱངས་ནས་སངས་རྒྱས་ཆོས་ལུགས་ཉམས་ལེན་བྱས་པ་རེད། དེའི་རྐྱེན་གྱིས། སྐབས་དེའི་བོད་ཡིག་གི་ཡིག་ཆ་མང་པོས་ཆིང་རྒྱལ་རབས་ཀྱི་རྒྱལ་པོ་ནི་འཇམ་པའི་དབྱངས་ཀྱི་རྣམ་སྦྲུལ་ཡིན་པར་འདོད་ནས། ཆོས་ལུགས་ཀྱི་དད་པའི་ཁྱབ་ཁོངས་ནས་ཁོ་ཚོར་བླ་ན་མེད་པའི་ཆོ་ལོ་གནང་། བོད་སྐྱ་སེར་གཉིས་ཀྱིས་ཆོས་ལུགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་པའི་རྒྱལ་པོའི་བཟོ་ལྟ་དེ་ཚད་ཐིག་ངེས་ཅན་ཞིག་གི་སྟེང་ནས་རྒྱལ་ཁབ་ཀྱི་རྣམ་པ་དང་དབང་བསྒྱུར་མཁན་གྱི་ཚབ་ཡིན། ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་ཀྱི་སེམས་ཤུགས་ལ་ནུས་པ་གལ་ཆེན་ཐོན། ལྷག་པར་དུ་དེང་གི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་དབང་ཆའི་སྒྲིག་འཛུགས་ལ་དཔེ་སྟོན་རང་བཞིན་དང་ཟུར་བལྟས་ཀྱི་ནུས་པ་ཐོན།

     མིན་གོའི་དུས་སྐབས་སུ་ཕལ་ཆེར་ཆིང་རྒྱལ་རབས་ཀྱི་མི་རིགས་ཆོས་ལུགས་ཀྱི་སྲོལ་རྒྱུན་ཐབས་ཇུས་ལ་ལད་ཟློས་བྱས། ཆོས་ལུགས་མི་སྣའི་འབྲེལ་འདྲིས་ལ་བརྟེན་ནས་མེས་རྒྱལ་དང་བོད་མི་རིགས་ཀྱི་ས་གནས་སྲིད་གཞུང་གི་འབྲེལ་བར་ཤུགས་བསྣན། སངས་རྒྱས་ཆོས་ལུགས་ནི་ནམ་ཡིན་རུང་རྒྱ་དང་བོད་ཁུལ་འབྲེལ་འདྲིས་ཀྱི་གསེར་ཟམ་ལྟ་བུ་ཡིན། དེའི་སྐོར་ལ་ཁོ་ལིན་པི་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཞིག་གིས་དཔེ་ཆ་ཡང་བརྩམས་མྱོང་། དེའི་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱིས་ཀྲུང་གོ་གསར་བ་འཛུགས་བསྐྲུན་ལ་ནུས་པ་ཧ་ཅང་གལ་ཆེ་བ་ཐོན་ཡོད། ཅེས་བྲིས་འདུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཏང་དང་སྲིད་གཞུང་གིས་སངས་རྒྱས་ཆོས་ལུགས་ཀྱི་གནས་བབ་ལ་ཤིན་ཏུ་མཐོང་ཆེན་བྱས། སངས་རྒྱས་ཆོས་ལུགས་ཀྱིས་ཀྲུང་གོ་གསར་བའི་རིག་གནས་གཉིས་ཀྱི་འཛུགས་བསྐྲུན་ལ་ནུས་ཤུགས་དགེ་མཚན་ལྡན་པ་ཐོན་པ་ཧ་ཅང་གསལ། བོད་མི་རིགས་ཀྱི་མས་ཚོགས་མང་བོས་མའོ་ཙེ་ཏུང་ལྷའི་རྣམ་ཤེས་སུ་འདོད་མཁན་ཡང་གང་ས་གང་དུ་ཡོད། སྤྱིའི་ཆ་ནས་བཤད་ན། ང་རང་ཉིད་ཀྱིས་ཀྲུང་གོའི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་ཅུང་རྒྱལ་ཁ་ཐོབ་ཡོད་པར་འདོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་ནས་བཟུང་། རང་རྒྱལ་གྱི་མི་རིགས་ས་ཁུལ་གྱི་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་ནི་མི་རིགས་སྲིད་ཇུས་ཀྱི་བྱས་རྗེས་རེད་བསམ།

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་པའི་དུས་མགོར། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་ལག་བསྟར་ཡག་པོ་བྱུང་། དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བླ་གྲྭ་མཐོན་པོ་དག་གིས་ཏང་དང་མའོ་ཙེ་ཏུང་གི་སྲིད་ཇུས་ལ་བསྟོད་གླུ་བླངས། ཆོས་ལུགས་ཁག་གིས་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ་བྱས། མི་རིགས་ས་ཁུལ་གྱི་རྒྱ་མི་ལས་བྱེད་པས་མི་རིགས་ཀྱི་སྐད་ཆར་སློབ་སྦྱོང་བྱས། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ་ཡང་ཧ་ཅང་བཟང་། མའོ་ཙེ་ཏུང་གི་སྐུ་འདྲ་ལྷ་ཁང་དུ་བཞག འོན་ཀྱང་། སྲིད་དབང་སྲ་བརྟན་སོང་བ་དང་མི་རིགས་་ས་ཁུལ་འཕེལ་རྒྱས་སོང་བ་དང་བསྟུན་ནས། རིམ་གྱིས་ཆོས་ལུགས་སྲིད་ཇུས་དང་མི་རིགས་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་རྒྱུ་སྣང་མེད་དུ་བཞག གནད་དོན་གཅིག་ཡོད་པ་ནི་ཆོས་ལུགས་དད་མོས་རང་དབང་སོགས་ཆོས་ལུགས་སྲིད་ཇུས་དེ་གཞི་རིམ་ནས་སྣང་མེད་དུ་གཡུགས། ཉེ་བའི་ལོ་འདི་གར་བོད་ཁུལ་དང་ཡུ་གུར་དུ་དོན་རྐྱེན་བྱུང་བ་ནི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཕམ་ཁ་མིན་པར། མི་རིགས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་མཐར་ཕྱིན་བྱས་མེད་པས་རེད། མཇུག་མཐར། དད་ལྡན་མང་ཚོགས་ཀྱི་སེམས་ཁོང་གི་རྒྱལ་ཁབ་དབུ་ཁྲིད་ཀྱི་སྣང་བརྙན་དེ་མར་ལྷུང་ཞིང་སྔོན་གྱི་ཆོས་སྐྱོང་སྲུང་མ་དེ་མ་ཡིན། འཕགས་པ་སྤྱན་རས་གཟིགས་དང་འཇམ་པའི་དབྱངས་ཀྱི་རྣམ་སྦྲུལ་ནི་ལྷག་ཏུ་མ་ཡིན་ནོ། ། འདི་ནི་སྣང་ཚུལ་དགའ་ཞིག་མ་རེད།

གསུམ་པ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་བོད་ཀྱི་ཆོས་ལུགས་སྲིད་ཇུས་དང་དགོན་པའི་དོ་དམ་ཁྲོད་བྱུང་བའི་གནད་དོན།

      ལོ་རྒྱུས་ཐོག་གི་བོད་རྒྱའི་འབྲེལ་བ་དང་ཆོས་ལུགས་སྲིད་ཇུས་དང་ཡོངས་སུ་ལྡོག་པ་ཞིག་ནི། རིག་གནས་གསར་བརྗེ་ཡི་བསམ་བློ་ནོར་འཁྲུལ་ཅན་གྱིས་བོད་བརྒྱུད་ནང་བསྟན་ལ་བཟོས་པའི་གནོད་འཚེ་ནི་སྔ་ན་མེད་པ་ཞིག་ཡིན། སྐབས་དེར་སྲིད་ཇུས་ཀྱི་ངོས་ནས་གཡོན་ཐལ་གྱི་བསམ་བློ་ལག་བསྟར་བྱས་པས་དད་ལྡན་མང་ཚོགས་ཀྱི་སེམས་སུ་གནོད་འཚེ་བཟོས་ཤིང་། དད་ལྡན་མང་ཚོགས་དང་འགལ་བ་བྱུང་། ད་ལྟ་ལོ་རྒྱུས་བསླབ་བྱ་རུ་བཟུང་ནས་ལོ་བཅུའི་གོད་ཆག་ལ་ཕྱིར་རྟོག་བྱེད་ན་འགྲིག ངའི་ལས་རིགས་ཀྱི་སྒོས་དབང་གིས་བོད་ཀྱི་གནད་དོན་སྐོར་མི་གླེང་ཐབས་མེད་ཆགས། ལོ་འདི་དག་ལ་བོད་དུ་གནད་དོན་མང་བོ་བྱུང་བའི་འབྱུང་རྩ་ནི་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་ལག་བསྟར་མཐར་ཕྱིན་མ་ཡོང་ཞིང་། གྲྭ་བའི་ཆོས་ལུགས་དད་མོས་ཀྱི་དབང་ཆ་མ་བརྩིས་པ་དེ་རེད། དེའི་དབང་གིས་སྔོན་ཆད་བསྒྲུབས་པའི་ལས་ཀ་མང་བོས་ཕན་མ་ཐོགས་པར་གྱུར། བོད་ཀྱི་གནད་དོན་མང་བོ་ཞིག་ནི་རྩ་ལ་གཏུགས་ན་ཆོས་ལུགས་ཀྱི་གནད་དོན་དང་དད་མོས་ཀྱི་གནད་དོན་རེད་སྙམ། ད་ལྟ་འུ་ཅག་གིས་མགྲིན་གཅིག་ཏུ་འཕེལ་རྒྱས་ཡོང་དགོས་ཞེས་བཤད་ཅིང་ཆོས་ལུགས་ཀྱི་གནད་དོན་སྣང་ཆུང་བྱས། ཀྲུང་གོ་གསར་བ་འཛུགས་པའི་སྐབས་དང་བཙུགས་རྗེས་ཀྱི་དུས་མགོ་ལ། འཐབ་ཕྱོགས་གཅིག་ཏུ་ཡོང་ཆེད་དུ་མི་རིགས་གྲངས་ཉུང་གི་ཆོས་ལུགས་ལ་དོ་སྣང་བྱས་ཤིང་། མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་མཐོང་ཆེན་བྱས་པས་མི་རིགས་གྲངས་ཉུང་དང་ཆོས་ལུགས་མི་སྣའི་རྒྱབ་སྐྱོར་ཐོབ། དེ་ནས་སྲིད་དབང་ཇེ་བརྟན་སོང་རྗེས་མི་རིགས་གྲངས་ཉུང་གི་དྲིན་ལན་དང་མི་རིགས་ཆོས་ལུགས་ཀྱི་དམིགས་བསལ་རང་བཞིན་བརྗེད། དེ་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་གལ་ཆེ་བའང་སྣང་མེད་བྱས།

      ད་ལྟ་བོད་ལ་ལག་བསྟར་བྱེད་པའི་སྲིད་ཇུས་ལ་གནད་དོན་འདི་འདྲ་ཞིག་ཡོད་དེ། རྒྱལ་ཁབ་སྲིད་ཇུས་ཀྱི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་གོམས་སྲོལ་དང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་ཚད་མི་འདང་ཞིང་སྲོལ་རྒྱུན་རྩ་ཆེན་མང་བོ་ཉམས་རྒུད་དུ་སོང་། ང་ནི་ཆོས་ལུགས་ཞིབ་འཇུག་པ་ཞིག་ཡིན་པས་རྟག་པར་གཞི་རིམ་དུ་ཡུལ་དངོས་བརྟག་དཔྱད་ལ་སོང་བ་ཡིན། འདས་པའི་ལོ༢༠ལྷག་གི་རིང་བོད་ཀྱི་ནང་བའི་དགོན་པ་དང་བོན་པོའི་དགོན་པ༢༥༠ལྷག་ཏུ་སོང་། དེའི་ཕྱིར་བོད་ཀྱི་དགོན་པ་དང་མང་ཚོགས་ཀྱི་ཆོས་ལུགས་དད་པ་དང་ཆོས་ལུགས་འཚོ་བ་ལ་ཆ་རྒྱུས་གང་འཚམ་ཞིག་ལྡན། འདིར་བཞུགས་ཚོའི་ནང་བོད་ཀྱི་དགོན་པར་སོང་བའི་ཚོར་བ་ཕལ་ཆེར་འདྲ་རྒྱུ་རེད། ཐོག་དང་བོར་སོང་དུས་རྣ་ལ་ཐོས་ཚད་བཀྲ་ཤིས་བདེ་ལེགས་ཞེས་པ་དང་མིག་གིས་མཐོང་ཚད་ཁ་བཏགས་དང་འཛུམ་བསྟན་པ་ཡིན་རྒྱུ་རེད། དེ་ནས་རང་ཉིད་ལ་ཡང་ཚོར་བ་སྐྱིད་པོ་རེ་ཡོང་། འོན་ཀྱང་དགོན་པ་མང་བོར་སོང་ནས་རྒྱུས་མངའ་ཅུང་ཙམ་ལོན། དེ་ནས་མི་ལ་འདྲིས་རྗེས་མཐོང་ཐོས་སྔོན་དང་མི་འདྲ། ང་རང་གི་ལོ༢༠ཡི་ཉམས་མྱོང་དུ་ཚོར་བ་ཞིག་ཡོད་པ་ནི། གནད་དོན་གལ་ཆེན་སྐོར་དྲིས་པ་སྟེ་དགོན་པའི་སློབ་གཉེར་གྱི་ལམ་ལུགས་དང་དགོན་པ་གཞན་དུ་སློབ་གཉེར་ལ་འགྲོ་བ། བསླབ་གནས་གོང་འཕར་གྱི་ལམ་ལུགས། གྲྭ་བའི་འགྲོ་འདུག་རང་དབང་སོགས་གླེང་དུས་རྣ་ལ་གོ་བ་བཀྲ་ཤིས་བདེ་ལེགས་མིན་པར་རེ་ཐག་ཆད་པ་དང་ཅི་བྱ་ཐབས་མེད་ཀྱི་རྣམ་པ་ཞིག་ཡིན། གྲྭ་བའི་སེམས་ལ་ཤར་བ་ནི་ཁོ་ཚོའི་མེས་པ་གོང་མའི་རབས་ནས་མ་ཆད་མ་ཉམས་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་རྒུད་དུ་འགྲོ་བཞིན་པ་ཡིན། ཉམས་པའི་རྒྱུ་གཙོ་བོ་ནི་ས་གནས་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་མ་འཚམ་པས་ཆོས་ལུགས་བྱེད་སྒོའི་རང་དབང་ལ་རྒྱབ་སྐྱོར་ཆེན་པོ་མ་བྱས། དཔེར་ན་གྲྭ་བའི་ཁ་གྲངས་ལ་ཚོད་འཛིན་བྱས་པས་གྲངས་ཀ་མར་བབས། བཅིངས་གྲོལ་སྔོན་ལ་དགོན་པ་ཞིག་ལ་གྲྭ་བ་ཆིག་སྟོང་ལྷག་ཡོད་མོད་ད་ལྟ་བཅུ་ཁ་ལས་མེད་པར་གྱུར། འདི་ལྟར་གྱུར་ན་བོད་མི་དམངས་ཀྱི་ཆོས་ལུགས་འཚོ་བའི་དགོས་མཁོ་སྐོང་མི་ཐུབ། མང་ཚོགས་ཀྱིས་སེམས་ཁུར་བྱེད་ས་གཉིས་ཡོད་དེ། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་ཆད་པའི་སེམས་ཁུར་དང་གཅིག ཆོས་ལུགས་དད་མོས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་སེམས་ཁུར་དང་གཉིས་བཅས་ཡིན། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་གྲུབ་འབྲས་ལས་ཡོང་བའི་མང་ཚོགས་ཀྱི་བདེ་སྐྱིད་(幸福指数)ཞེས་པར་མཐོང་ཆེན་བྱེད་པའི་ཞོར་ལ། ཆོས་ལུགས་དད་མོས་ཀྱི་དགོས་མཁོ་ཞེས་པར་ཡང་མཉམ་འཇོག་བྱེད་ན་ཨེ་འགྲིག གོང་གི་གནད་དོན་འདི་ང་ཚོས་བསམ་བློ་ནན་མོ་གཏོང་དགོས་པ་ཞིག་རེད། ད་དུང་གནད་དོན་ཞིག་ལྷག་པ་ནི་གྲྭ་བའི་ཁ་གྲངས་ཚོད་འཛིན་བྱས་པ་དེ་རེད། ནང་བའི་དད་པའི་རྒྱུན་སྐྱོང་བ་དང་འཕེལ་རྒྱས་འགྲོ་བ་ལ་དགེ་འདུན་པ་ཤིན་ཏུ་གལ་ཆེ། ལ་ལས་ཅིའི་ཕྱིར་གལ་ཆེ་སོང་ཞེས་འདྲི་ངེས། རྒྱུ་མཚན་ནི་སངས་རྒྱས་ཆོས་དགེ་འདུན་གསུམ་ནི་ནང་བའི་གྲུབ་ཆ་ཁག་གཙོ་བོ་ཡིན་པས་གཅིག་ཀྱང་ཆད་མི་རུང། གལ་ཏེ་དགེ་འདུན་པ་མེད་སོང་ན་ནང་བའི་དཀོན་མཆོག་གསུམ་ནི་དཀོན་མཆོག་གཉིས་སུ་འགྱུར་ལ་སངས་རྒྱས་ཆོས་ལུགས་ཞེས་པའང་མིང་གི་ལྷག་མར་འགྱུར། སངས་རྒྱས་དང་ཆོས་གཉིས་ནི་ཕྱི་མ་དགེ་འདུན་གྱི་རྩ་བའི་ཐོག་ནས་ཡོང་བ་ཡིན་པས། དགེ་འདུན་མེད་ན་སངས་རྒྱས་དང་ཆོས་ཀྱང་མེད། དེ་བས་དགེ་འདུན་པའི་མི་གྲངས་ཚོད་འཛིན་བྱས་པ་ནི་དོན་དག་ཚབས་ཆེན་ཞིག་ཡིན་པ་ཧ་གོ་ཡོང་། ནང་བའི་བགྲང་བྱ༢༥༠༠ལྷག་ནས་བརྒྱུད་པའི་ལམ་ལུགས་གཙང་མ་འདིར་བརྩི་འཇོག་དང་སྲུང་སྐྱོང་བྱེད་ན་འགྲིག ངས་བསམ་ན་འདི་ནི་བོད་མི་རིགས་སམ་ཀྲུང་གོའི་གནད་དོན་ཤ་སྟག་མིན་པར་འགྲོ་བ་མིའི་གནད་དོན་ཞིག་རེད། ནང་བའི་ཆོས་ནི་འགྲོ་བ་མིས་གསར་གཏོད་བྱས་པའི་རིག་གནས་ཆེན་པོ་ཞིག་ཡིན་ལ། ཁུངས་རྒྱ་གར་ནས་ཡོངས་སུ་ཉམས་པར་གྱུར། གླིང་ཨེ་ཤ་ཡའི་ཤར་ལྷོ་ན་ཐེག་དམན་གྱི་ཆོས་ལས་མེད། ནང་བའི་ཆོས་རྒྱུད་འཛིན་གྱི་ཕྱོགས་ནས་ཀྲུང་གོ་ཡིས་འགྲོ་བ་མི་ལ་མཛད་རྗེས་ཆེན་པོ་བཞག འོན་ཀྱང་བོད་དུ་དགེ་འདུན་པ་གློ་བུར་ཇེ་ཉུང་ཆགས་ཤིང་། ཐ་ན་དགོན་པ་ལ་ལར་གྲྭ་བ་གཅིག་ཀྱང་མེད་པའི་གནས་ཚུལ་བྱུང་། གྲྭ་རྒྱུན་འཛིན་མཁན་མེད་ཅིང་ནམ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་མེད་པར་སོང་བས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་སྐོང་མི་ཐུབ་པར་ལུས། གནད་དོན་འདི་བྱུང་བའི་རྒྱུ་རྙོག་འཛིང་ཆེ་བ་སྟེ། དེང་རབས་རིག་གནས་ཀྱི་ཤུགས་རྐྱེན་ལས་གཞན་གཙོ་བོ་ས་གནས་སྲིད་འཛིན་ལས་ཁུངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པ་ཞན་པས་རེད། དགེ་འདུན་པའི་ཚོགས་ལ་སྤྱི་ཚོགས་ནས་མཐོང་ཆུང་ཟུར་ཟ་དང་ཚད་བཀག་བྱས་པ་ལས་གཞན། དད་ལྡན་མང་ཚོགས་ལའང་དེ་བཞིན་གྱི་ཚོད་འཛིན་སྣ་ཚོགས་བྱས། དཔེར་ན་ལྷ་སའི་ལས་བྱེད་པ་རྣམས་ཇོ་ཁང་དང་འབྲས་སྤུངས་སོགས་དགོན་པར་མཇལ་དུ་འགྲོ་བར་སྐྲག གལ་ཏེ་གློག་མིག(摄像头)ནས་བཟུང་ན་ཕྱིར་ཁྲིད་དེ་རྒྱུ་མཚན་རྩད་གཅོད་བྱེད་ལ་ཐ་ན་གཞུང་གི་ཅ་ནེ་ཡང་ལག་ནས་ཤོར་ཉེན་ཆེ། འདིའི་དབང་གིས་བོད་རང་སྐྱོང་ལྗོངས་ཀྱི་བོད་མི་མང་བོ་ཀན་སུའུ་དང་ཟི་ཁྲོན། མཚོ་སྔོན་དུ་མཇལ་བར་ཡོང་བའི་གནས་ཚུལ་ཡ་མཚན་ཅན་བུད།

     གཤམ་ནས་གནད་དོན་ཞིག་གླེང་རྒྱུ་ནི་དགེ་འདུན་པར་མཐོང་ཆུང་དང་ཕལ་བའི་གནས་སུ་བསྐྱུར་བ་འདི་ཡིན། དགོན་སྡེ་ཆེན་པོ་དང་མིང་གྲགས་ཅན་རེ་འགའ་ལས་གཞན། ཞིང་སྡེ་དང་འབྲོག་གི་འཕེལ་རྒྱས་འཆར་གཞིའི་ནང་དགོན་པ་ཕལ་ཆེར་བཞག་མེད་ཟེར་ཆོག ལམ་ལས་ན་དགོན་པར་མི་ལས། ཆུ་འཐེན་ནའང་དགོན་པར་མི་འཐེན། གློག་འཐེན་ནའང་དགོན་པར་མི་འཐེན། རྨང་གཞིའི་འཛུགས་སྐྲུན(基础设施)དུའང་དགོན་པ་མེད། ཕྱིས་སུ། སྤྱི་ཚོགས་འགན་ལེན་ལམ་ལུགས་སུ་དགེ་འདུན་པ་མེད་ལ་སྨན་བཅོས་འགན་ལེན་དུའང་དགེ་འདུན་པ་མེད། དེའི་ཕྱིེར་དགེ་འདུན་པ་སྣང་མེད་དང་ཕལ་བའི་གནས་སུ་གཡུགས། ཀྲུང་གོ་རྒྱལ་ཁབ་འདི་འདྲ་ཆེ་བས་སྲིད་ཇུས་ཀྱི་ཐོག་ནས་འཐུས་ཤོར་བ་རེ་འགའ་ཡོད་རྒྱུ་ཁག་མེད། འོན་ཀྱང་གོང་གི་གནད་དོན་འདི་འདྲ་ལོ༥༠རིང་ཁ་ཡ་མ་བྱས་པས་བཤད་ས་མི་འགྲོ་བ་ཞིག་རེད། གོང་གི་གནད་དོན་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནང་ལས་ཀ་འཁུར་བའི་བླ་སྤྲུལ་ཆེན་པོ་དག་མི་འདུས། ཁོ་ཚོ་གར་སོང་ས་ན་ངོ་སོ་ཆེ་མོད་བོད་ཡོངས་ཀྱི་དགོན་པ་དང་དགེ་འདུན་པའི་ནང་ནས་ཆུང་ཆུང་ཙམ་ལས་མི་ཟིན། ལས་ཡག་པ་ལ། ༣༡༤ཡི་དོན་རྐྱེན་རྗེས་ནས་གོང་གི་གནད་དོན་ལ་མཐོང་ཆེན་བྱས་པས། དགེ་འདུན་པའི་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་གྱི་གནད་དོན་རིམ་གྱིས་ཐག་བཅད།

    ནུབ་གླིང་རྒྱལ་ཁབ་ཀྱིས་བོད་ཡུལ་གངས་ཅན་ལྗོངས་ལ་ཤམ་བྷ་ལའི་དག་ཞིང་ཞེས་ཡིད་ཀྱི་སྨོན་པ་ཅིག་ཅར་ཤོར། འདི་ལ་ཤར་ཕྱོགས་རིང་ལུགས་པའི(东方主义)ནང་དོན་ལྡན་པ་ལས་གཞན། བོད་ཀྱི་བོན་ཆོས་དང་བོད་བརྒྱུད་ནང་བསྟན་རིག་གནས་ནི་འཛམ་བུའི་གླིང་ཡོངས་ཀྱིས་བོད་ལ་རྒྱུས་ལོན་བྱེད་པ་དང། བོད་ལ་དོ་སྣང་དང་མཐོང་ཆེན་བྱེད་པ། བོད་ལ་རེ་བ་སྐྱེ་བའི་རྒྱུ་མཚན་གཙོ་བོ་ཡིན། གནས་འདིའི་ཆོས་ལུགས་རིག་གནས་གཏིང་ཟབ་ཅིང་རྒྱ་ཆེ་བ་འདི་མདོ་དབུས་མཐོ་སྒང་གི་རང་ས་རང་ཡུལ་གྱི་རིག་གནས་དང་། རྒྱ་གར་གྱི་ནང་བའི་རིག་གནས་གཉིས་འོ་ཆུ་བཞིན་འདྲེས་ཤིང་། དེ་ནས་རྒྱ་མི་དང་མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱས་ནས་ཡོང་བ་ཞིག་རེད། ལོ་སྟོང་ཕྲག་གི་རིང་རིག་གནས་མཉམ་འདྲེས་བྱུང་ནས་ད་ལྟ་ཆེན་པོ་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར། རིག་གནས་འདིའི་རྒྱུན་མ་ཉམས་མ་ཆད་པར་བསྐྱངས་ནས་ཡོང་ཞིང་འཕེལ་རྒྱས་སུ་བཏང་བ་ནི་ཀྲུང་གོ་བས་འཛམ་གླིང་ལ་བཞག་པའི་མཛད་རྗེས་རེད། བགྲང་བྱ་སྟོང་ཕྲག་གི་ཡུན་ལ། བོད་ལ་མཚོན་ན་དགོན་པ་ནི་སློབ་གྲྭ་ཡིན་པས། གྲོང་སྡེ་ཡོད་ས་ན་དགོན་པ་ཆགས། དགོན་སྡེ་ནི་བོན་ཆོས་དང་ནང་ཆོས་ཀྱི་རིག་གནས་རྒྱུད་འཛིན་བྱེད་ཡུལ་དང་སྲོལ་རྒྱུན་སློབ་གསོའི་ལས་ཁུངས་ལྟ་བུ་ཡིན་པས། སློབ་གཉེར་གྱི་ལམ་ལུགས་དང་བསླབ་གནས་གོང་འཕར་གྱི་ལམ་ལུགས་འཐུས་ཚང་ལྡན། དཔེར་ན་དགེ་ལུགས་པའི་གྲྭ་བ་དག་གིས་ཐོག་མར་དགོན་པ་ཆུང་ངུ་ནས་སློབ་སྦྱོང་བྱས་ཤིང་རྨང་གཞིའི་ཤེས་བྱ་དག་བློ་ལ་བྱང་རྗེས་དགོན་པ་གཞན་དུ་སློབ་གཉེར་ལ་འགྲོ། མཇུག་མཐར་རྒྱུགས་བླངས་ནས་དབུས་ཀྱི་གདན་ས་སེ་འབྲས་དགེ་གསུམ་དུ་སློབ་གཉེར་ལ་འགྲོ། དེའི་ནང་ནས་སྦྱངས་འབྲས་ཡང་རྩེ་ཅན་དག་གྲྭ་ཚང་ནས་རྒྱུགས་བླངས་ཤིང་ལྷ་སའི་སྨོན་ལམ་ཆེན་མོ་ནས་ཆོས་རྩོད་བྱེད་དགོས་ལ། དེའི་ནང་གི་ཡང་རྩེ་ལ་ལྷ་རམས་པའི་བསླབ་གནས་ཐོབ། བསླབ་གནས་འདི་ནི་བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་སོ་སོ་ལས་གོ་ས་ཆེས་མཐོན་པོ་ཡིན། དགེ་འདུན་པ་མང་བོའི་ཚེ་གཅིག་གི་བསམ་དོན་འདི་ཡིན་ལ་ཁྱིམ་ཚང་གི་རྒྱན་ཡང་འདི་ཡིན། བོད་མིས་གཟི་བརྗིད་འདི་ནི་ཚེ་ཐོག་འདི་ཙམ་མིན་པར་སྐྱེ་བ་མང་བོ་བསགས་ནས་ཐོབ་པ་ཡིན་པར་འདོད། དགེ་ལུགས་པ་མ་ཡིན་པའི་གྲུབ་མཐའ་དང་བོན་པོ་ལའང་རང་རང་གི་སློབ་གཉེར་ལམ་ལུགས་དང་བསླབ་གནས་གོང་འཕར་གྱི་ལམ་ལུགས་ཡོད། འདི་ནི་རྒྱ་ནང་གི་བྱིས་པ་ཚོ་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་ལ་རྒྱུགས་འཕྲོད་ཐབས་བྱེད་པ་དང་ཤིན་ཏུ་འདྲ། བོད་ཀྱིས་བསླབ་པ་སློབ་གཉེར་གྱི་ལམ་ལུགས་འདི་འདྲ་ཞིག་ལ་བརྟེན་ནས། བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱ་ཆེ་བ་གཏིང་ཟབ་པ་འདི་བསྐྲུན་པས་འཛམ་གླིངཡོངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེའི་དབང་གིས་བོད་རིག་པ་ཞེས་པ་འཛམ་བུའི་གླིང་ནས་གྲགས་ཆེ་བའི་རིག་པའི་གཞུང་ལུགས་ཤིག་ཏུ་གྱུར་བ་འདི་རེད།

      ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་ཚུགས་རྗེས། བོད་ཀྱི་དགོན་པའི་སློབ་གཉེར་ལམ་ལུགས་ཆ་ཚང་དང་བསླབ་གནས་གོང་འཕར་ལམ་ལུགས་རིམ་གྱིས་དོར། ད་ལྟའི་ཆོས་ལུགས་དོ་དམ་ལྟར་ན་གྲྭ་བར་ངེས་པར་དུ་ས་ཁུལ་གྱི་དོ་དམ་བྱས་པ་སྟེ། མི་ཚེ་གང་བོར་རང་ཉིད་ཀྱི་དགོན་པ་དང་ཁ་འབྲལ་མི་ཆོག འདི་ནི་བོད་ཀྱི་དགོན་པའི་སྲོལ་རྒྱུན་སློབ་གསོའི་འགྲོ་ལུགས་དང་ཡོངས་སུ་ལྡོག སྲོལ་རྒྱུན་ཡིན་ན། ལོ་ངོ་སྟོང་ཕྲག་ཡན་གྱི་ཡུལ་གཞན་འགྲིམས་པའི་སློབགཉེར་གྱི་གོམས་སྲོལ་ཡོད། དེ་ནི་གོང་ནས་འོག དགོན་པ་ནས་དགོན་པར་འགྲིམས་པའི་སློབ་གཉེར་གོ་རིམ་ཞིག་ཡིན། ཡུལ་གཞན་འགྲིམས་ནས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ། དགོན་པ་བར་གྱི་ཆོས་རྩོད་དང་བརྗེ་རེས་ནི་ཧ་ཅང་གལ་ཆེན་ཡིན། ཡུལ་གཞན་སློབ་གཉེར་ལ་འགྲིམས་པའི་སྲོལ་རྒྱུན་ནི་བོད་ཁུལ་ཡོངས་ཡིན་པ་ལས་བོད་རང་སྐྱོང་ལྗོངས་གཅིག་པུ་མིན་ནོ། ། འོན་ཀྱང་། ད་ལྟའི་དོ་དམ་བྱེད་ལུགས་ཀྱིས་ལོ་རྒྱུས་སྟེང་གི་མ་དགོན་དང་དགོན་མ་ལག་བར་གྱི་སྲོལ་རྒྱུན་གྱི་འབྲེལ་བ་བཅད་ཡོད། དེ་མ་ཟད། གྲུབ་མཐའ་ནང་ཁུལ་གྱི་དགོན་པ་གཞན་འགྲིམས་པའི་སློབ་གཉེར་ཡང་མེད་པར་བཏང་། རྒྱུ་མཚན་ནི་གྲྭ་བ་དག་དགོན་པ་གཞན་པར་སློབ་གཉེར་ལ་འགྲོ་མི་ཆོག ལྷག་པར་དུ་རྫོང་དང་ཞིང་ཆེན་བརྒལ་ནས་དགོན་པ་གཞན་པར་སློབ་གཉེར་ལ་འགྲོ་མི་ཆོག ཁོ་ཚོའི་སློབ་སྦྱོང་འཕེལ་རྒྱས་འགྲོ་མི་སྲིད་ལ་བསླབ་གནས་ལེན་པའི་གོ་སྐབས་དེ་བས་ཀྱང་མེད། འདི་འདྲའི་དགོན་པའི་སྲོལ་རྒྱུན་གྱི་སློབ་གསོའི་མ་ལག་ལ་གས་ཆག་བྱུང་བས་བོད་ཀྱི་རིག་གནས་རྒྱུན་འཛིན་ལ་སྔོན་ན་མེད་པའི་དཀའ་ཁག་བྱུང་། བྱ་བ་སྒྲུབ་སྟངས་འདི་ནི་བྱིས་པ་མི་ཚེ་གང་བོར་སློབ་གྲྭ་གཅིག་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དང་འདྲ་ལ། སློབ་ཆུང་གཅིག་པུར་འགྲིམ་ནས་དམའ་འབྲིང་དང་མཐོ་འབྲིང་ལ་འཕར་དུ་མ་བཅུག་པ་དང་མཚུངས། འདིས་གྲྭ་བཙུན་དག་ལོ་རིམ་འཕར་ནས་བསླབ་གནས་མཐོན་པོ་ཞིག་ལོན་མི་ཐུབ་པར་མ་ཟད་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་ཉེན་ཁ་ཆེན་པོ་བྱུང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་བྱ་ཐབས་ནི་ལོ་ངོ་སྟོང་ཕྲག་གི་རིང་ཡོང་ཞིང་སྲོལ་རྒྱུན་གྱི་ཐབས་ལམ་དང་སློབ་གསོའི་མ་ལག་ནུས་པ་ལྡན་པ་ཞིག་ཡིན། ཐབས་ལམ་འདི་འདྲ་ནི་ཀྲུང་གོའི་བོད་ཁུལ་གྱི་གནས་ཚུལ་དངོས་དང་འཚམ། དེ་དང་མཉམ་དུ་བོད་ཀྱི་སྐྱ་སེར་གཉིས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་དང་དད་པའི་འདུན་མ་བཅས་ཁ་བསྐོང་ཐུབ། ཤེས་བྱའི་མ་ལག་གཅིག་གམ་སྲོལ་རྒྱུན་རིག་གནས་གནས་པ་ནི་མི་རྣམས་ཀྱི་ཤེས་བྱའི་དགོས་མཁོ་དང་དད་པའི

  • 顶