༄༅། །ཨ་མྱེས་རྨ་ཆེན་གངས་ལྗོངས་རིག་མཛོད་སློབ་གླིང་ངོ་སྤྲོད།

2016-09-28
119

1a.png 

     ཨ་མྱེས་རྨ་ཆེན་གངས་ལྗོངས་རིག་མཛོད་སློབ་གླིང་ནི་སྤྱི་ལོ2005ལོའི་གནམ་ལོ་གསར་ཚེས་དང་ལྷན་དུ་སྒྲུབ་རྒྱུད་བསྟན་པའི་གསལ་བྱེད་དམ་པ། མཆོག་སྤྲུལ ༧ ཚེ་རིང་ལྷ་རྒྱལ་ལགས་ཀྱིས་བཞེངས་མགོ་བརྩམས་ཤིང་། སྤྱི་ལོ2010ལོའི་ཟླ8ཚེས་12ཉིན་ལ་འཛུགས་སྐྲུན་གྱི་བཟོ་བཀོད་ཡོངས་སུ་ལེགས་གྲུབ་བྱུང་། སློབ་གླིང་འདིའི་སློབ་གཙོ། མཆོག་སྤྲུལ ༧ ཚེ་རིང་ལྷ་རྒྱལ་ལགས་ཀྱི་སྐུ་པར། དེ་ནས་སྤྱི་ལོ༢༠༡༡ལོའི་ཟླ༥པའི་ཚེས༡༥དང་འཛམ་གླིང་སྤྱི་བསང་ཆེན་མོའི་ཉིན་མོ་ནས་བཟུང་སློབ་གྲྭའི་དབུ་ཚུགས་ཏེ། ཐོག་མར་ས་གནས་འདི་གའི་སློབ་མ་སྐོར་ཞིག་བསྡུས་ནས་བོད་ཡིག་གཙོ་བོར་བཟུང་སྟེ་སློབ་ཁྲིད་བྱས།

1a.jpg 

    དེ་ནས་ཟླ༨པའི་ཚེས༡༢ནས་བཟུང་བོད་རྒྱ་དབྱིན་གསུམ་གྱི་དགེ་རྒན་དང་། གྲངས་རིག་དང་ལྷ་བཟོའི་དགེ་རྒན་སོགས་བསླབ་ཚན་སོ་སོའི་ཆེད་མཁས་པ་དུ་མ་གདན་འདྲེན་བྱས་ཤིང་བསླབ་གཞི་སྣ་ཚོགས་འཛོམས་པའི་སློབ་གྲྭ་ཚད་ལྡན་ཞིག་ཏུ་བསྒྱུར། དེ་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༨པའི་ཚེས༡༢ཉིན་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་སྡེ་ཁག་ནས་སློབ་གླིང་འདི་ལ་བསྟོད་བསྔགས་དང་བཅས་མཐོ་འབྲིང་སློབ་གྲྭ་ཞིག་གི་ཆོག་མཆན་གནང་སྟེ་གངས་འདབས་ཀྱི་སློབ་གླིང་གསར་བ་ཞིག་གི་སྒོ་མོ་ཡོངས་སུ་ཕྱེས། དེ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་སེར་སྐྱ་རིས་སུ་མ་བཅོས་པའི་ཕུགས་འདུན་དོན་གཉེར་ཅན་གྱི་སློབ་བུ་བརྒྱ་ཕྲག་མང་པོར་དམ་པ་གང་གི་གཞན་ཕན་ལྷག་བསམ་དང་འབྲེལ་ཏེ་གནའ་དེང་རིག་གནས་ཀྱི་སློབ་གསོ་དང་ཡ་རབས་སྤྱོད་བཟང་གི་མི་གཞི་བཟང་པོ་ཞིག་སྐྲུན་དང་བསྐྲུན་བཞིན་ཡོད་པའོ།།

 

     དགེ་སློབ་ཡོངས་རྨ་ཆེན་གངས་བསྐོར་ལ་ཕྱིན་པའི་རྣམ་པ། དེ་ལྟར་སློབ་གྲྭ་འདིའི་ཆེད་ལས་དང་ལས་རིགས་ལག་རྩལ་གྱི་སློབ་ཚན་ནི། སྦྱོང་བྱ་གཙོ་བོ་ནི་ཐུན་མིན་ནང་དོན་རིག་པ་དང་། ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཆེད་སྦྱོང་། རྩིས་རིག་དང་རྩིས་འཕྲུལ། ལྷ་བཟོ་དང་རི་མོའི་མཛེས་རྩལ་སྣ་ཚོགས། དེ་མིན་གེ་སར་རིག་གནས་སྒྱུ་རྩལ། དམངས་ཁྲོད་ཞབས་བྲོ་དང་གླུ་དབྱངས། ད་དུང་ཡུལ་བསྐོར་སྣེ་ཤན་པ་སོགས་སྦྱོང་བྱའི་རྣམ་གྲངས་མང་དུ་ཡོད། སློབ་ཡུན་ནི་སློབ་བུ་རང་རང་གི་ཆེད་སྦྱོང་གང་འདོད་པ་དེ་ལ་ལོ་གསུམ་ནས་ལྔའི་བར་ཡིན་ཞིང་། དེ་ནས་སློབ་སྦྱོང་མཐར་ཕྱིན་རྗེས་རྒྱལ་ཁབ་རིམ་པའི་མཐོ་འབྲིང་མཐར་ཕྱིན་གྱི་དཔང་ཡིག་སྟེར་བར་མ་ཟད། ད་དུང་མུ་མཐུད་ནས་སློབ་སྦྱོང་བྱེད་འདོད་པ་དང་སློབ་གྲྭ་ཆེ་རིམ་ཁག་ལ་འགྲོ་འདོད་པའི་སློབ་མ་ཡོད་ཚེ་རྒྱལ་ཁབ་དང་ས་གནས་སོ་སོའི་སློབ་གྲྭ་སོགས་ཀྱང་མཚམས་སྦྱོར་གང་ལེགས་བྱེད་པ་དང་། མདོར་ན་སློབ་མ་རྣམས་ཀྱི་མ་འོངས་པའི་མདུན་ལམ་ཐད་ལ་ཡང་རོགས་རམ་ཅི་ཐུབ་བྱེད་ངེས་ཡིན།

3d.jpg 

4a.jpg 

4b.jpg 

4c.jpg 

2a.png 

 

 

 

  • 顶