དབྱིན་ཇིའི་འབུམ་རམས་པ་དང་འབྲོག་སའི་འཕེལ་རྒྱས་ཞིབ་འཇུག

2022-09-23
403

ལེ་ཚན་འདིའི་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་དབྱིན་ཇི་ནས་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་རྒན་དཔལ་ལྡན་ཚེ་རིང་ལགས་ཡིན། ལེ་ཚན་འདིར་རྒན་དཔལ་ལྡན་གྱིས་ཁོ་རང་གི་ཀྱག་ཀྱོག་ལྡན་པའི་སློབ་གཉེར་གྱི་བརྒྱུད་རིམ་དང་ཞིབ་འཇུག་གི་འདུན་པ། ད་དུང་དབྱིན་ཇི་ནས་སློབ་གཉེར་བྱས་ན་གྲ་སྒྲིག་ཅི་ཞིག་བྱེད་དགོས་པའི་སྐོར་ནས་ཀྱང་ཁ་བརྡ་མདོར་བསྡུས་ཞིག་བྱས་ཡོད། 

མི་སྣ་ངོ་སྤྲོད།

3.jpg

དཔལ་ལྡན་ཚེ་རིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་མི་ཡིན། 2005 ནས 2009 ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་སྐད་བརྡ་དང་རྩོམ་རིག(藏语言文学)སྐོར་ལ་སློབ་གཉེར་བྱས། 2012ནས2021 ལོའི་བར་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་བསྟན་བཅོས་རིག་པའི་(考古文献学)སྐོར་ལ་སློབ་གཉེར་བྱས་ཏེ་རབ་འབྱམས་པའི་སློབ་གནས་བླངས།

3.jpg

2017ནས2018 ལོའི་བར་དུ་དབྱིན་ཇིའི་ཁན་ཐུ་སློབ་ཆེན(英国肯特大学)ནས་སྲུང་སྐྱོང་དང་འཕེལ་རྒྱས་རབ་འབྱམས་ཞིབ་འཇུག་གི་ཆེད་ལས་བདམས་ཏེ་ཨ་མདོ་ས་ཆའི་དགོན་སྡེ་ཚོགས་པ་དང་ས་གནས་ཀྱི་ཁོར་སྲུང་དང་འཕེལ་རྒྱས་སྐོར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱས། 

3.jpg

2018ནས་བཟུང་དབྱིན་ཇིའི་སཱ་སད་ཁུ་སློབ་ཆེན(英国萨塞克斯大学发展研究院)འཕེལ་རྒྱས་ཞིབ་འཇུག་སྡེ་ཁག་ནས་འབྲོག་ལས་འཕེལ་རྒྱས་འབུམ་རམས་ཞིབ་འཇུག་པའི་ཆེད་ལས་བདམས་ཏེ་ཨ་མདོ་འབྲོག་སྡེ་གཉིས་ཀྱི་རྩྭ་སའི་དོ་དམ་དང་སྒྲིག་ཁྲོམས་སྐོར་ལ་སློབ་གཉེར་དང་ཞིབ་འཇུག་གི་བྱ་བ་གཉེར་ཞིང་། 2022ལོའི་ཟླ་དྲུག་པར་འབུམ་རམས་པའི་སློབ་གནས་བླངས། །


  • 顶 0