
ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་བསྐྱེད་དང་།།
སློབ་དཔོན་ཐོན་མིའི་ཕྱག་སོར་རྩེ་ལས་འཁྲུངས།།
ཆོལ་གསུམ་བོད་མིའི་གཙུག་གི་ནོར་བུ་སྟེ།།
བོད་ཀྱི་ཡིག་གཟུགས་དུས་ཆེན་དགའ་བས་བསུ།།
དབྱངས་གསལ་སོ་བཞིས་བརྗོད་དོན་མཐའ་དག་སྟོན།།
འཛམ་གླིང་ཡི་གེའི་རིམ་པ་གོང་མར་སོན།།
ཟོལ་བདེ་གཟབ་གཤར་ཡིག་རིགས་དུ་མས་ཕྱུག །
བོད་ཀྱི་ཡིག་གཟུགས་དུས་ཆེན་དགའ་བས་བསུ།།
གོང་ན་ལྷ་དང་བླ་མ་དགྱེས་བྱེད་མཆོག།
འོག་ན་སྡེ་འབངས་ཀུན་གྱི་རེ་བ་བཟང་།།
ཆོས་སྲིད་དབྱར་མཚོ་རྒྱས་པའི་རྐྱེན་གྲོགས་ཏེ།།
བོད་ཀྱི་ཡིག་གཟུགས་དུས་ཆེན་དགའ་བས་བསུ།།
ཟླ༤་པའི་ཚེས་༣༠ཉིན་ཡིག་གཟུགས་དུས་ཆེན་དུ་གཏན་ཁེལ་བྱེད་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་སོ།
བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་བརྒྱད་རིས་ཀྱི་བརྡ་དོན།
ཚོགས་རྟགས་འདི་༢༠༡༧ལོའི་ཟླ་༤པའིཚེས་༡༦ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད། སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་དགེ་སློབ་བརྒྱ་དང་སུམ་ལྷག་གིས་དམངས་གཙོའི་ལམ་ནས་དུས་ཆེན་གྱི་མིང་དང་ཟླ་ཚེས་ལ་འོས་ཤོག་འཕངས་པ་ལས༼བོད་ཀྱི་ཡིག་གཟུགས་དུས་ཆེན།༽ཞེས་པའི་མིང་འདོགས་དང་། སྤྱི་ཟླ༤པའི་ཚེས༣༠ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་རྗེས།བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན། ཁོང་གིས་ཚོགས་རྟགས་འདི་ཆེན་དུ་བཟོས་པ་ཡིན་ལ།
ཚོགས་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།
༡༽ ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།
༢༽ ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།
༣༽ སྨུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།
༤༽ བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཀྱི་ཆོལ་ཁ་མཚོན།
༥༽ ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།
༦༽ སྨྱ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོལ་ཁ་མཚོན།
༧༽ དེ་གསུམ་རྟེན་འབྱུུང་ལྷན་དུ་འདུས་པའི་ཡི་གེ༼བོད༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན།
༨༽ ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནས་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ།།
དུས་རབས་བདུན་པའི་སྟོད་ཀྱི་ཆར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཡི་བློན་པོར་གྱུར་པ་ཤེས་རབ་ཀྱི་རྣམ་དཔྱོད་རྫོགས་པའི་སློབ་དཔོན་ཐོན་མི་སམྦྷོ་ཊས་ངལ་བ་འཛེམ་མེད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་སློབ་དཔོན་རྣམ་གཉིས་གཙོས་མཁས་པ་དུ་མའི་མདུན་ནས་རིག་པའི་གནས་ལ་བུམ་པ་གང་བྱོའི་ཚུལ་དུ་གསོན་སྦྱོང་རྒྱ་ཆེ་མཛད། སླར་རང་ཡུལ་དུ་བྱོན་ནས་བོད་ཀྱི་ཡི་གེའི་སྲོལ་བཏོད། དེ་ནས་བཟུང་རིམ་གྱིས་གཟབ་ནས་འབྲི་དགོས་པའི་ཡིག་གཟུགས་ལ་གཟབ་མ་དང་ཤར་མར་བྲིས་ཆོག་པའི་ཡི་གེ་ལ་གཤར་མ་ཞེས་དམ་པ་དག་གིས་བརྡ་ཆད་མཛད། མགོ་འཐེན་ཡོད་མེད་ཀྱིས་དབུ་ཅན་དང་དབུ་མེད་ཀྱི་མིང་བཏགས། སྔོན་བྱོན་དམ་པ་དག་གི་བློ་གྲོས་ཀྱི་ཉིང་བཅུད་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བོད་ཀྱི་ཡིག་གཟུགས་འདི་འབྲི་སྦྱོང་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་ཏེ་དེ་ལ་གོ་རིམ་ལྡན་དགོས་པའི་ཚུལ་དང་སྔར་གྱི་ཡིག་མཁན་རྣམ་པས་ཚུལ་ཇི་ལྟར་དར་སྤེལ་བཏང་བ་ཐབས་གང་གིས་སྦྱོང་ཚུལ་ཏེ་རྣམ་པ་གསུམ་གྱིས་འཇུག་པར་བྱའོ།
བོད་ཀྱི་ཡིག་གཟུགས་ཉིན་མོར་བྲིས་མཁན་རྣམ་པས་ཕུལ་བའི་ལེགས་སྐྱེས།

བོད་ཀྱི་ལྷ་རིས་པ་དང་ཡིག་མཁན་བསྟན་འཛིན་རྒྱ་མཚོ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

དབུས་ཀྱི་བྲིས་པ་ལེགས་བཤད་བཟོད་པ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

དགེ་རྒན་ཆེན་མོ་དཔག་བསམ་དོན་འགྲུབ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་འཕུལ་བའི་ལེགས་སྐྱེས།

དགེ་རྒན་བཟང་པོ། བྲིས་པ་ཡག་པོ་དགེན་དབང་རྒྱལ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

སྡེར་ནང་ས་བྲིས་པ་སངས་རྒྱས་བཀྲ་ཤིས་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

བྲིས་ལ་དགའ་ཞེན་གྱི་ཆུ་མིག་རྡོལ་བའི་དཀར་མཛེས་འཆི་མེད་མགོན་པོ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

དགེན་སྐལ་བཟང་རྡོ་རྗེ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་ལ་འཕུལ་བའི་ལེགས་སྐྱེས།

ན་གཞོན་ཡིག་གཟུགས་འབྲི་མཁན་ཨ་བུ་དྲི་མེད་དབང་ཕྱུག་ནས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

བསྟན་འཛིན་དབང་ལགས་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་ལེགས་སྐྱེས།

ན་གཞོན་བྲིས་པ་རྡོ་རྗེ་དོན་གྲུབ་ལས་བོད་ཀྱི་ཡིག་གཟུགས་ཉིན་མོར་འཕུལ་བའི་ལེགས་སྐྱེས།

བྲིས་གཟུགས་པད་ཚལ་རྒྱས་པར་དུང་ཞེན་འཕུར་ལྡིང་གཡོ་བའི་སྦྲང་ཆུང་བཀྲ་ཤིས་རྒྱ་མཚོ་ལས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
འཕྲིན་སྟེགས། weikangba