སངས་རྒྱས་ཚེམས་ཀྱི་རིང་བསྲེལ་མཆོད་རྟེན།

2018-01-16
396

 

  སངས་རྒྱས་ཚེམས་ཀྱི་རིང་བསྲེལ་མཆོད་རྟེན་ནི་ད་ལྟའི་པེ་ཅིན་གྲོང་ཁྱེར་ཞིས་ཧྲན་ལྗོངས་རྒྱུ་ཁུལ་གྱི་གནས་ཆེན་བརྒྱད་ལས་ལུན་ཀོང་དགོན་པའི་གནས་ཤུལ་དུ་ཡོད་ལ། རང་རྒྱལ་རྒྱལ་ཁབ་དབུ་བརྙེས་རྗེས་ནང་ཆོས་བསྐྱར་གསོ་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན། རྟེན་གཙོ་བོ་ལ་འཛམ་གླིང་སྟེང་དུ་སངས་རྒྱས་ཀྱི་ཚེམས་གཉིས་ལྷག་ཡོད་པ་ལས་ཅིག་ཤོས་དེ་བཞུགས་ཡོད། 

  མཆོད་རྟེན་ལ་ཟུར་བརྒྱད་དང་ཐོག་བརྩེགས་རིམ་པ་བཅུ་གསུམ་ཡོད་པ་དང་། སྤྱིའི་མཐོ་ཚད་སྨི༥༡ཙམ་ཡོད། ཐོག་བརྩེགས་རིམ་པ་དང་པོའི་ནང་དུ་ཟངས་བརྐོས་ཀྱི་རྡོ་རྗེ་གཅོད་པ་ཞིག་ཡོད་པ་དང་། བཤད་རྒྱུན་ལ་དེ་ནི་རྒྱའི་ཡིག་གཟུགས་མཁས་པ་ཀྲོ་མེན་ཧྥུ་ཡི་ཕྱག་བྲིས་ཡིན་པར་སྨྲ། 

  སྔོན་སྟོན་པ་མྱ་ངན་ལས་འདས་པ་ན། རིང་བསྲེལ་ཚེམས་སོ་གཉིས་མི་ཡུལ་དུ་བཞག་པ་དང་། དེ་ལས་གཅིག་ནི་ད་ལྟའི་སི་ལིས་ལན་ཁཱ་རྒྱལ་ཁབ་གྱི་ཕྱོགས་སུ་འཁྱེར་ལ་ཅིག་ཤོས་ནི་ལི་ཡུལ་དུ་བཞུགས་པ་རེད། 

  • 顶