སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། སྤྱིར་མི་ལུས་ཐོབ་པར་དཀའ་ཞིང་། ལྷག་པར་དུ་དལ་འབྱོར་ཚང་བའི་མི་ལུས་ཐོབ་པ་ནི་ཧ་ཅང་གིས་དཀའ་བ་ཡིན་ཏེ། དལ་འབྱོར་ཚང་བའི་མི་ལུས་ཞེས་པ་ནི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་དགོས།
དལ་འབྱོར་བརྒྱད་ནི། ༡དུད་འགྲོར་མ་སྐྱེས་པ། ༢ཡི་དྭགས་སུ་མ་སྐྱེས་པ། ༣དམྱལ་བར་མ་སྐྱེས་པ། ༤སངས་རྒྱས་ཀྱི་བསྟན་པ་མ་དར་བའི་ཡུལ་དུ་མ་སྐྱེས་པ། ༥མཐའ་འཁོབ་ཀྱི་ཀླ་ཀློར་མ་སྐྱེས་པ། ༦ལོག་ལྟ་ཅན་དུ་མ་སྐྱེས་པ། ༧ གླེན་ལྐུགས་སུ་མ་སྐྱེས་པ། ༨ལྷ་ཚེ་རིང་པོར་མ་སྐྱེས་པ་བཅས་བརྒྱད་ཡིན།
འབྱོར་བ་བཅུ་ནི། ༡མི་ཡིན་པ། ༢སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་དུ་སྐྱེས་པ། ༣ དབང་པོ་ཚང་བ། ༤ ཕ་མ་བསད་པ་སོགས་མཚམས་མེད་ཀྱི་ལས་མ་བྱས་པ། ༥ སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཡོད་པ། (རང་འབྱོར་ལྔ)
༦སངས་རྒྱས་འཇིག་རྟེན་དུ་བྱོན་པ། ༧དེས་ཆོས་གསུངས་པ། ༨བསྟན་པ་འཇིག་རྟེན་དུ་གནས་པ། ༩ བསྟན་པ་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་བྱེད་མཁན་ཡོད་པ། ༡༠ ཆོས་བྱེད་མཁན་ལ་མཐུན་རྐྱེན་སྦྱོར་མཁན་ཡོད་པ་བཅས་བཅུ་ཡིན་ནོ། (གཞན་འབྱོར་ལྔ)
འཕྲིན་སྟེགས། weikangba