མི་ལྤགས་མ་ཉམས་པ་མགོ་པགས་སྐྲ་དང་བཅས་པ་འབྱར་བ། རྐང་ལག་བཞིའི་སོར་མོ་སེན་མོ་དང་བཅས་པ་མ་ཉམས་པར་ཡོད་པ་ལེགས་པར་བཤུས་ནས་ཚྭ་དང་ག་བུར་སོགས་མི་རུལ་བའི་རྫས་ཀྱིས་བྱུག དེ་ནས་ཐལ་འཇིམ་བྱུགས་ཏེ་བྱེ་མ་རློན་པར་སྦངས། ཚིལ་ཞག་དང་ཁྲག་ཆུ་སེར་རྣམས་ཕྱུངས་ནས་བསྐམས་པ་དེའི་ནང་དུ་མཚལ་དང་སིན་ངྷུ་ར་སོགས་བྱུགས་ནས་དམར་པོ་བྱ་ཞིང་བསང་གཏོར་དང་བགེགས་བསྐྲད་དེ་གདན་གོས་དང་གཡབ་དར་སོགས་སུ་བཀོལ་དགོས་པ་ཡིན།
གཡང་གཞི་འདི་ལ་ཚིག་མཛོད་ཆེན་མོ་ལས། ༡.མི་ལྤགས་སྦུབས་བཤུས་ཆ་ཚང་གི་མིང་། ༢.སྲོག་ཆགས་ཀྱི་མགོ་སུག་གི་པགས་པ་ཆ་ཚང་བ་ཡོད་པའི་པགས་གདན་ཞེས་གསུངས།
འདུལ་ཐབས་དང་ཕན་ནུས།
སྔགས་ཆས་རྣམ་བཤད་ལས། གཡང་གཞི་ནི། མི་ལྤགས་མ་ཉམས་པ་མགོ་པགས་སྐྲ་དང་བཅས་པ་འབྱར་བ། རྐང་ལག་བཞིའི་སོར་མོ་སེན་མོ་དང་བཅས་པ་མ་ཉམས་པར་ཡོད་པ་ལེགས་པར་བཤུས་ནས་ཚྭ་དང་ག་བུར་སོགས་མི་རུལ་བའི་རྫས་ཀྱིས་བྱུག དེ་ནས་ཐལ་འཇིམ་བྱུགས་ཏེ་བྱེ་མ་རློན་པར་སྦངས། ཚིལ་ཞག་དང་ཁྲག་ཆུ་སེར་རྣམས་ཕྱུངས་ནས་བསྐམས་པ་དེའི་ནང་དུ་མཚལ་དང་སིན་ངྷུ་ར་སོགས་བྱུགས་ནས་དམར་པོ་བྱ་ཞིང་བསང་གཏོར་དང་བགེགས་བསྐྲད་དེ་གདན་གོས་དང་གཡབ་དར་སོགས་སུ་བཀོལ་དགོས་པ་ཡིན་ཏེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཞིང་ཆེན་རློན་པ་གཡང་གཞི་རལ་བ་ཅན། །ཞེས་དང་། བདུད་རྩི་བམ་བརྒྱད་ལས། ཤུན་ཆེན་གྱི་ནི་གཡང་གཞི་བཏིང་ལ། ཞེས་དང་། ཀྱེ་རྡོ་རྗེ་ལས། དེ་ལ་གདན་དུ་བརྟག་པ་ནི། །རོ་ཡི་གཟུགས་ཅན་དགུ་དང་ནི། །ཞེས་གསུངས་པའི་ཕྱིར།
དཔྱད་གཞིའི་ཡིག་ཆ།
འཕྲིན་སྟེགས། weikangba