བཀའ་འགྱུར་དང་བསྟན་འགྱུར།

2015-03-26
440
 
   བཀའ་འགྱུར་ཞེས་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ལེགས་པར་གསུངས་པའི་བཀའ་སྡེ་་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་བོད་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བཀའ་འགྱུར་ཞེས་དང་།   འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་གཙོས་པའི་པན་གྲུབ་དང་།  ཁ་ཆེ་དང་ལི་ཡུལ་སོགས་ཡུལ་གྲུ་ཁག་གི་པཎྜི་ཏ་རྣམས་ཀྱིས་མཛད་པའི་བཀའ་དང་མདོ་རྒྱུད་ཀྱི་སྤྱིའི་དགོངས་འགྲེལ་དང་།  ཞར་བྱུང་རིག་གནས་སྒྱུ་རྩལ་སོགས་ཀྱི་བསྟན་བཅོས་རྣམས་རང་རེའི་བོད་གངས་ཅན་པའི་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བསྟན་འགྱུར་ཞེས་གསོལ་བ་རེད།
  • 顶