
ཆོས་སྐྱིད་ལྷ་མོ། ༡༩༩༦ལོར་རྫ་ཆུ་ཁ་ཨ་རིག་སྡེ་བར་སྐྱེས། ༢༠༡༡ལོ་ནས་བཟུང་སྔ་རྗེས་ཨ་རིག་སྒེར་བཙུགས་སློབ་གྲྭ་དང་། ལྷ་ས་དུང་དཀར་སྐད་ཡིག་སློབ་གླིང་། རྨ་ལྷོ་ཁུལ་ལས་རིག་ལག་རྩལ་སློབ་གྲྭའི་རྩེ་ཁོག་ཡན་ལག་སློབ་གྲྭ་སོགས་ནས་སུམ་རྟགས་དག་གསུམ་དང་། རྒྱ་སྐད་རྒྱ་ཡིག ལོ་རྒྱུས་སྙན་ངག་སོགས་ལ་སློབ་སྦྱོང་ཡང་ཡང་བྱས་པར་མ་ཟད། ཡིག་མཁན་གྲགས་ཅན་མཁན་ཆེན་ཐུབ་བསྟན་སྨོན་ལམ་དང་། པདྨ་ཆོས་འཕེལ། ཐུབ་བསྟན་ཆོས་འཕེལ་སོགས་བསྟེན་ནས་དབུ་མེད་གཞུང་བྲིས་དང་། ཡིག་ཆུང་། སྡེར་ནང་ས་བྲིས། སྨོན་ལམ་ཡིག་གཟུགས། ལན་ཝར་སོགས་ལ་སློབ་སྦྱོང་ནན་ཏན་བྱས་ནས་གྲུབ་འབྲས་གང་འཚམས་ལོན་ཡོད་ཐོག །འགྲན་སྡུར་དང་བྱེད་སྒོ་སྣ་ཚོགས་ལ་ཞུགས་ནས་བྱ་དགའ་ཅི་རིགས་ཐོབ་མྱོང་། ད་ལྟ་ཨ་རིག་སྒེར་བཙུགས་སློབ་གྲྭའི་རྐང་འཛིན་དགེ་རྒན་དང་། འཇུ་མི་ཕམ་གེ་སར་རིག་གནས་བརྒྱུད་འཛིན་དར་སྤེལ་ལས་སྒྲུབ་ཁང་གི་ཡིག་གཟུགས་དགེ་རྒན་དང་དོ་དམ་ལག་རོགས་སོགས་ཀྱི་འགན་ཁུར་ནས། བོད་སྐད་ཡིག་དང་། ཡིག་གཟུགས། ལོ་རྒྱུས་སོགས་སྦྱོང་སྤྱོད་དར་སྤེལ་གྱི་ལས་ལ་ཧུར་ཐག་གིས་འཇུག་བཞིན་ཡོད་དོ། །











འཕྲིན་སྟེགས། weikangba