2024ལོའི་མཚོ་སྔོན་གྱི་ཚོགས་ཆེན་གཉིས་ཀྱི་པར་རིས་བདམས་བཀོད།

来源:ཀྲུང་གོ་བོད་ཀྱི་དྲ་བ།作者:མཁའ་མཚོ་སྐྱིད་ཀྱིས་བསྒྱུར།2024-01-30 10:12:31

ཟླ1པོའི་ཚེས28ཉིན་གྱི་ཕྱི་དྲོར། གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།

ཉིན་འགའི་དུས་ཡུན་ཐུང་ཐུང་ནང་། འདས་ཟིན་པར་སྤྱི་བསྡོམས་བྱས་ཏེ་ངོ་མཚར་ཆེ་ཞིང་གྲུབ་འབྲས་ཐོབ་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་དུས་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་ཡོད།

འདས་པའི་ལོ་གཅིག་ལ་ཕྱིར་ལྟ་བྱས་ཚེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་ལ་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས། 2024ལོར་ཁ་ཕྱོགས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་མཐུན་ཤུགས་སྒྲིལ་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་འཆར་འགོད་རི་མོ་དེ་དངོས་ལྗོངས་རི་མོ་རུ་བསྒྱུར་ཏེ། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་། རབ་མཛེས་མཚོ་སྔོན་སྔར་ལས་མཛེས་སྡུག་ལྡན་པར་བཏང་ནས། འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།  

 


康巴卫视微信公众号

相关阅读