རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2024ལོར་སྟོབས་ཤུགས་ཡོད་རྒུས་ཏང་སྲིད་ཀྱི་བྲེལ་མྱུར་བྱ་བ་དང་བུད་མེད་ཀྱི་དགོས་མཁོ་ཡོད་པའི་དོན་དངོས་ལེགས་པོར་བསྒྲུབ་དགོས་པར་བསྟན།

来源:ཞིན་ཧྭ་དྲ་བ།作者:མཁའ་མཚོ་སྐྱིད་ཀྱིས་བསྒྱུར།2024-01-26 11:17:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས25ཉིན་བསྡུས་པའི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྒྱུས་ལོན་པ་ལྟར་ན། 2024ལོར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་ཐོ་ཅན་གྱི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཏང་སྲིད་ཀྱི་བྲེལ་མྱུར་བྱ་བ་དང་བུད་མེད་ཀྱི་དགོས་མཁོ་ཡོད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་ཐུབ་པའི་དོན་དངོས་ལེགས་པོར་བསྒྲུབ་རྒྱུ་རེད།

བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ཟོང་རྟགས་བསྐྲུན་ཏེ། བུད་མེད་ཀྱི་ཁྱིམ་ལས་སྣེ་འདྲེན་ཁེ་ལས100གསོ་སྐྱོང་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས100བསྐྲུན་པ་སོགས་བྱས་ཏེ། བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུ་ཆེད་ལས་ཅན་དང་ཚད་གཞི་ཅན། ལས་རིགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། བུད་མེད་ཀྱི་ལས་རིགས་ནུས་རྩལ་གསོ་སྦྱོང་ཡག་པོ་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་མཉམ་འབྲེལ་སྒོས་བུད་མེད་ཀྱི་ཁྱིམ་ལས་གསོ་སྦྱོང་གི་ཆེད་དོན་བཟོ་འགོད་ལག་བསྟར་བྱས་ནས། ལོ་ལྔའི་ནང་མི་ཁྲི10གསོ་སྦྱོང་བྱ་རྒྱུ་དང་། རྫོང50ལ“ཁྱིམ་ཚང་ཁྲིར་གཅེས་སེམས་བཅངས་པའི”སྤྱི་ཕན་འགུལ་སྐྱོད་སྤེལ་ནས་ཨ་མར་གཅེས་སྐྱོང་དང་རོགས་སྐྱོར་ཡག་པོ་བྱས་ཏེ། གཞིས་ལུས་དཀའ་ངལ་ཡོད་པའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུ་རེད།

རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་ཚད་མགྱོགས་སུ་བཏང་སྟེ་བུད་མེད་དང་ཁྱིམ་ཚང་གི་སེམས་ཁྲལ་ཞི་ལྷོད་དང་ཁུར་པོ་ཇེ་ཡང་དུ་གཏོང་བར་རོགས་རམ་བྱ་ཆེད། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཚོའི(སྡེ་ཁུལ)250རུ་རེས་སྐོར་གསར་པའི“གཅེས་སེམས་མགོ་ཚུགས་པའི”ཁྱིམ་ཚང་གི་ཚན་རིག་དང་མཐུན་པའི་བུ་ཕྲུག་གསོ་སྐྱོང་གི་རྒྱབ་སྐྱོར་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ནས། ཁྱིམ་ཚང་དུ་བསྐྱོད་དེ་མཛུབ་ཁྲིད་བྱེད་པ་དང་ཕ་མ་བུ་ཕྲུག་གི་བྱེད་སྒོ་སོགས་སྔ་དུས་ཀྱི་བུ་ཕྲུག་གསོ་སྐྱོང་གི་མཛུབ་ཁྲིད་བྱེད་སྟངས་ཁྱབ་གདལ་བཏང་ནས། ཚན་རིག་དང་མཐུན་པའི་ངང་ཕྲུ་གུ་གསོ་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“དཔྱིད་ཀྱི་མེ་ཏོག་འཆར་གཞི--ཕུགས་འདུན་གྱི་འབྱུང་འགྱུར”ཞེས་པའི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སློབ་སྐྱོར་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་མོར་མུ་མཐུད་རོགས་སྐྱོར་ཡག་པོ་བྱེད་པ་དང་ཆབས་ཅིག མཐོ་རིམ་སློབ་འབྲིང་དང་སློབ་ཆེན། ལས་རིགས་སློབ་གསོའི་དུས་མཚམས་བཅས་སུ་ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་བཏང་ནས། ལོ་འཁོར་གྱི་སློབ་མ་མི་ཐེངས་ཁྲི10ཡི་སློབ་ཞུགས་རོགས་སྐྱོར་གྱི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།  །


康巴卫视微信公众号

相关阅读