ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། གཙང་བོ་གཅིག་གི་ཆུ་མཉམ་འཐུང་བྱེད་པ་དང་། རྫ་ཆུ་དང་མེ་གོང་གཙང་བོའི་བརྩེ་བ་མཉམ་དུ་གླེང་ཞེས་པའི2025ལོའི“རྫ་ཆུ་དང་མེ་གོང་གཙང་བོའི་ལེ་དབར་ཁྲི་ལ་བསྐྱོད་པའི”བཅར་འདྲི་སྤེལ་རེས་བྱ་འགུལ་ཟི་ལིང་དུ་སྤེལ་མགོ་བརྩམས།
རྫ་ཆུ་དང་མེ་གོང་གཙང་བོ་ནི་ཨེ་ཤ་ཡའི་རྒྱལ་སྤྱིའི་ཆུ་བོ་ཆེན་པོ་ཞིག་ཡིན་ཞིང་། དེ་ལ“ཤར་ཕྱོགས་ཀྱི་ཏུའོ་ནའོ་ཆུ་བོ”དང་། གཙང་བོ་གཅིག་གིས་རྒྱལ་ཁབ་དྲུག་ལ་འབྲེལ་བའི“གསེར་གྱི་ཆུ་ལམ”ཞེས་འབོད་བཞིན་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནས་འབྱུང་བ་དང་། བོད་ལྗོངས་དང་ཡུན་ནན་བརྒྱུད་དེ་རྒྱལ་མཚམས་བརྒལ་བ་དང་། ལའོ་ཝུའོ་དང་། འབར་མ། ཐེ་གོ། ཇན་ཕུའུ་ཀྲའེ། ཡོ་ནན་བཅས་ཀྱི་མང་ཚོགས་གསོ་སྐྱོང་བྱེད་བཞིན་ཡོད།
ད་ལོ“རྫ་ཆུ་དང་མེ་གོང་གཙང་བོའི་མཉམ་ལས”ཀྱི་ལམ་སྲོལ་བཙུགས་ནས་ལོ་འཁོར་བཅུ་པར་སླེབས་ཡོད། ཆུ་མགོའི་སྐྱེ་ཁམས་ཁག་ཁུར་མངོན་པ་དང་། འཛམ་གླིང་ལ་རྫ་ཆུ་དང་མེ་གོང་གཙང་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་གླེང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་མཉམ་འབྲེལ་སྒོས་གཙང་བོ་གཅིག་གི་ཆུ་མཉམ་འཐུང་བྱེད་པ་དང་། རྫ་ཆུ་དང་མེ་གོང་གཙང་བོའི་བརྩེ་བ་མཉམ་དུ་གླེང་ཞེས་པའི2025ལོའི“རྫ་ཆུ་དང་མེ་གོང་གཙང་བོའི་ལེ་དབར་ཁྲི་ལ་བསྐྱོད་པའི”བཅར་འདྲི་སྤེལ་རེས་བྱ་འགུལ་ཇུས་འགོད་བྱས། བྱ་འགུལ་དེ2020ལོ་ནས་བཟུང་སྐབས་བཞི་ལ་ལེགས་འགྲུབ་ངང་སྤེལ་བ་དང་། 《ཀྲུང་གོའི་དྲ་འཕྲིན་ལོ་རིམ་མེ་ལོང2022》ཞེས་པའི་ཁྲོད་བཅུག་ནས། མཚོ་སྔོན་ཞིང་ཆེན་གྱི་ཟོང་རྟགས་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་འགུལ་དུ་གྱུར་ཡོད།
ཟླ11པའི་ཚེས25ཉིན་ནས་ཚེས30ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་། ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སོགས་ཀྱི་གསར་འགོད་པས་གྲུབ་པའི་བཅར་འདྲི་སྤེལ་རེས་ཚོགས་པ་འཁོར་དང་བཅས་པ་ཐེ་གོ་དང་ལའོ་ཝུའོ་ལ་འཚམས་འདྲིར་བྱ་རྒྱུ་ཡིན་ཞིང་། དེའི་རིང་ཀྲུང་ཐེ་དང་ཀྲུང་ལའོ་བཅས་ཀྱི་ཉོ་ཚོང་དངུལ་གཏོང་དང་ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་འཚོལ་ཞིབ་བྱས་ཏེ། ས་གནས་དེ་གའི་རིག་གནས་ཤུལ་བཞག་དང་། སློབ་གསོའི་ལས་ཁུངས། དེ་བཞིན་དམངས་ཁྲོད་རྩ་འཛུགས་བཅས་ལ་འཚམས་འདྲི་བྱ་རྒྱུ་ཡིན་ཞིང་། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྣམ་གྲངས་སོགས་ལ་རྟོག་ཞིབ་བྱས་ཏེ། རྫ་ཆུ་དང་མེ་གོང་གཙང་བོའི་ས་ཁུལ་གྱི་རིག་གནས་ཀྱི་སྣ་མང་རང་བཞིན་དང་མཉམ་འདྲེས་ཀྱི་མཛེས་སྡུག་མངོན་པ་མ་ཟད། མང་ཚོགས་མི་སྒེར་གྱི་ཉམས་མྱོང་དང་མྱོང་ཚོར་བཅས་ལ་དམིགས་ཏེ།“རྫ་ཆུ་དང་མེ་གོང་གཙང་བོའི་མཉམ་ལས”ཀྱི་ཕན་འབྲས་མངོན་རྒྱུ་རེད།

པར་འདི་ནི་གཙང་བོ་གཅིག་གི་ཆུ་མཉམ་འཐུང་བྱེད་པ་དང་། རྫ་ཆུ་དང་མེ་གོང་གཙང་བོའི་བརྩེ་བ་མཉམ་དུ་གླེང་པ་སྟེ། 2025ལོའི“རྫ་ཆུ་དང་མེ་གོང་གཙང་བོའི་ལེ་དབར་ཁྲི་ལ་བསྐྱོད་པའི”བཅར་འདྲི་སྤེལ་རེས་ཚོགས་པ་ལམ་ལ་ཆས་པའི་ཚུལ་རེད།
ཡུལ་དངོས་བཅར་འདྲི་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད། ཐེངས་འདིའི་བྱ་འགུལ་ལས་ཡི་གེ་དང་། པར་རིས། བརྙན་ལམ། མཉམ་འདྲེས་སྨྱན་སྦྱོར་བཅས་ཀྱི་ཐོན་རྫས་རབ་དང་རིམ་པ་ཐོན་རྒྱུ་རེད། དེ་དང་ཆབས་ཅིག“གསར་འགྱུར+”ལ་བརྟེན་ནས་མཛའ་མཐུན་ཐོན་ཁུངས་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་གྱི“གྲོགས་ཚོམས”ཇེ་ཆེར་གཏོང་རྒྱུ་རེད།
ཐེངས་འདིའི་བྱ་འགུལ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་པ་རེད། །
འཕྲིན་སྟེགས། weikangba