
ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང།

ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པི་ཕྱོགས་དང་མཉམ་དུ་བཟོ་འགོད་ཆེན་མོ་ལྔ་མགོ་བརྩམས་ནས། ཐུན་མོང་ཐོག་འཕེལ་རྒྱས་དར་སྤེལ་ཇུས་འགོད་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ལས་དབང་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱ་རྒྱུ་ཁྱབ་བསྒྲགས་གནང་།
དབྱར་མགོའི་དུས་འདིར། ཡོད་ཚད་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ། ཀྲུང་གོ་དང་ལ་ཏིན་མེ་གླིང་། ཅ་ལི་པི་བཅས་ཀྱི་རྒྱལ་ཁབ་ཀྱི་རྒྱལ་དར་དང་འབྲེལ་ཡོད་ས་ཁུལ་རྩ་འཛུགས་ཀྱི་དར་ཆ་ལྷབ་ལྷུབ་ངང་བསྐྱོད་བཞིན་ཡོད།

ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ། འདི་ནི་ཞི་ཅིན་ཕིང་གིས་ཚོགས་ཞུགས་སྐུ་མགྲོན་རྣམས་དང་མཉམ་པར་ལེན་པའི་ཚུལ་རེད།
ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཏེ་ཀི་ལིན་པི་ཡའི་ཙུང་ཐུང་ཕའེ་ཐི་ལའོ་དང་པ་ཞིའི་ཙུང་ཐུང་ལུའུ་ལ། ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི། ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་དང་ས་ཁུལ་གྱི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་དང་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་མ་ཟད་མཉམ་པར་བླངས།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཁ་བྱང་ལ《ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པ་གསར་འཛུགས་བྱེད་པའི་ལེའུ་གསར་བ་རྩོམ་དགོས》ཞེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་།

ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། 2015ལོར། ངས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་འཐུས་མི་དང་མཉམ་དུ། པེ་ཅིན་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་དང་པོའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་གླེང་སྟེགས་བཙུགས་པ་ཁྱབ་བསྒྲགས་གནང་། ཕྱོགས་གཉིས་ཀྱི་བློ་སེམས་ཞིབ་མོས་གསོ་སྐྱོང་འོག ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་དེ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་ཀྱི་ལག་གདང་མཉམ་སྦྲེལ་དང་ཕན་ཚུན་རྒྱབ་སྐྱོར་འོག ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱིས་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོབ་དང་། ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་རང་བདག་སྒེར་ཚུགས་ལ་སྲུང་སྐྱོབ་དང་ཕྱི་ཕྱོགས་ཐེ་གཏོགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཕྱོགས་གཉིས་ཀྱིས་དཔའ་སྤོབས་མཉམ་སྐྱེད་ཀྱིས་མཉམ་ལས་མཉམ་རྒྱལ་བྱས་ཏེ། དཔལ་འབྱོར་གོ་ལ་ཅན་གྱི་ཁ་ཕྱོགས་ཆེན་མོར་བསྟུན་ནས། ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། ཚན་རྩལ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་མུ་མཐུད་དུ་གཏིང་ཟབ་དུ་བཏང་ཞིང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཡོད། ཕྱོགས་གཉིས་ཀྱིས་སོ་སྲུང་རོགས་རེས་དང་དཀའ་ངལ་མཉམ་སེལ་བྱས་ནས། ཧུར་ཐག་གིས་གནོད་འགོག་གནོད་འཕྲིའི་མཉམ་ལས་སྤེལ་བ་དང་། ལག་གདང་སྦྲེལ་ནས་མཚོ་རླུང་དང་ས་ཡོམ་སོགས་རང་བྱུང་གནོད་འཚེ་དང་དུས་རབས་ཀྱི་རིམས་ནད་ལ་གདོང་གཏད་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་རོགས་ལས་དང་འགན་འཁྲི་འཁུར་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་དང་། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དོན་དངོས་ལས། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པ་ནི་ལག་གདང་མཉམ་སྦྲེལ་དང་མཉམ་དུ་མདུན་སྐྱོད་བྱེད་པའི་ལས་དབང་ཐུན་མོང་ཚོགས་པ་ཞིག་ཡིན་ལ། དེའི་ཁྱད་ཆོས་གཙོ་བོ་ནི་ཕན་ཚུན་འདྲ་མཉམ་ཡིན་ཞིང་། སྒུལ་ཤུགས་གཙོ་བོ་ནི་གཉིས་ཕན་མཉམ་རྒྱལ་དང་། བློ་སྤོབས་གཤིས་རྒྱུད་ནི་སྒོ་འབྱེད་ཁོང་ཡངས། རྩ་བའི་དམིགས་པ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པས། དེར་དབྱར་མཚོ་རྒྱས་པ་ལྟ་བུའི་ཚེ་སྲོག་གི་གསོན་ཤུགས་དང་རྒྱ་ཆེའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལྡན་པ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་བྱུང་བཞིན་ཡོད་པ་དང་། ཉེན་ཁ་སྣ་ཚོགས་མཉམ་འདྲེས་ཀྱིས་བྱུང་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་ལས་བྱས་ན་ད་གཟོད་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གོང་སྤེལ་ལ་སྐུལ་འདེད་གཏོང་ཐུབ། སྒོ་ཁྲལ་དམག་འཐབ་དང་ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་ཅིང་། བཙན་ཤེད་བཙན་གནོན་བྱས་ན་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཚང་མ་ནི་གོ་ལ་ཧྲིལ་བོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་ཞིང་། སྒེར་ཚུགས་རང་བདག་ནི་ང་ཚོའི་གཟི་བརྗིད་ཀྱི་སྲོལ་རྒྱུན་ཡིན་པ་དང་། འཕེལ་རྒྱས་གོང་སྤེལ་ནི་ང་ཚོའི་རང་བྱུང་གི་ཁེ་དབང་ཡིན་ལ། འདྲ་མཉམ་དྲང་བདེན་ནི་ང་ཚོའི་ཐུན་མོང་གི་རེ་སྙེག་ཡིན། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཕྱོགས་དང་ལག་གདང་སྦྲེལ་ནས་བཟོ་འགོད་ཆེན་མོ་ལྔ་ལག་བསྟར་བྱས་ནས། མཉམ་དུ་འཕེལ་རྒྱས་གོང་སྤེལ་ལ་ཇུས་འགོད་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ལས་དབང་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད།
གཅིག་ནི་མཐུན་སྒྲིལ་བཟོ་འགོད་ཡིན། མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཐུན་མོང་གི་སྐད་སྒྲ་འདོན་དགོས། མ་འོངས་པའི་ལོ3རིང་། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་ཁོངས་མི་རྒྱལ་ཁབ་ཀྱི་སྲིད་ཏང་ལས་བྱེད་མི་སྣ300ཀྲུང་གོར་རྟོག་ཞིབ་དང་འཚམས་འདྲིར་ཕེབས་པར་གདན་ཞུ་བྱ་རྒྱུ་ཡིན།
གཉིས་ནི་འཕེལ་རྒྱས་ཀྱི་བཟོ་འགོད་ཡིན། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་གཞི་མཉམ་དུ་དངོས་འབེབས་བྱས་ཏེ། ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གཏན་འཇགས་ཤར་གཏོང་ཡོང་བར་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་སྒོ་ནས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོས་མ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱས་ཏེ། ཀྲུང་གོའི་ཁེ་ལས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱབ་ཁབ་ཏུ་དངུལ་གཏོང་བྱེད་པར་སྐུལ་ལྕག་གནང་རྒྱུ་ཡིན།
གསུམ་ནི་དཔལ་ཡོན་གྱི་བཟོ་འགོད་ཡིན། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་མཉམ་དུ་དངོས་འབེབས་བྱས་ཏེ། འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། ཁོང་ཡངས་བཅས་ཀྱི་དཔལ་ཡོན་ལྟ་བ་བཙུགས་ནས། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་དཔལ་ཡོན་གླེང་མོལ་ཚོགས་ཆེན་བསྒྲུབ་དགོས།
བཞི་ནི། ཞི་བདེའི་བཟོ་འགོད་ཡིན། གོ་ལ་ཧྲིལ་བོའི་བདེ་འཇགས་ཀྱི་གྲོས་གཞི་མཉམ་དུ་དངོས་འབེབས་བྱས་ཏེ། གནོད་སྐྱོན་བཅོས་སྐྱོང་དང་དྲ་བའི་བདེ་འཇགས། འཇིགས་སྐུལ་ལ་ངོ་རྒོལ། རུལ་སུངས་ལ་ངོ་རྒོལ། དུག་འགོག རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་རྡུང་རྡེག་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཧུར་ཐག་གིས་ས་ཁུལ་གྱི་བདེ་འཇགས་བརྟན་རླིང་ལ་སྲུང་སྐྱོབ་བྱེད་དགོས།
ལྔ་ནི་དམངས་སེམས་བཟོ་འགོད་ཡིན། མ་འོངས་པའི་ལོ3རིང་། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་ཁོངས་མི་རྒྱལ་ཁབ་ལ་སྲིད་གཞུང་གི་སློབ་རོགས་བྱ་དགའི་མིང་ཐོ3500དང་། ཀྲུང་གོར་གསོ་སྦྱོང་བྱེད་པའི་མིང་ཐོ་ཁྲི1། རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་གྱི་མིང་ཐོ500། དབུལ་འཕྲིའི་ལག་རྩལ་འཇོན་མི་གསོ་སྦྱོང་གི་མིང་ཐོ300། རྒྱ་ཡིག་ཟམ་པ་ལས་གཞིའི་ཀྲུང་གོར་ཕེབས་པའི་རུ་ཁག་གི་མིང་ཐོ1000བཅས་འདོན་སྤྲོད་བྱ་རྒྱུ་ཡིན་ཞིང་། "ཆུང་ཞིང་མཛེས་པའི"དམངས་འཚོའི་ལས་གཞི300ལག་བསྟར་བྱས་ནས། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་ཁོངས་མི་རྒྱལ་ཁབ་ཏུ་རྒྱ་ཡིག་སློབ་གསོ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པི་ས་ཁུལ་གྱི་རྒྱལ་ཁབ5ལ་ཁྲོལ་མཆན་མི་དགོས་པའི་སྲིད་ཇུས་ཐོག་མ་འདོན་རྒྱུ་ཡིན་པ་མ་ཟད། དུས་སྐབས་དང་བསྟུན་ནས་ས་ཁུལ་རྒྱལ་ཁབ་ལ་ཁྱབ་ཚད་རྒྱ་བསྐྱེད་རྒྱུ་ཡིན།
ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་འགྱུར་ལྡོག་ཇི་ལྟར་ཆེ་ན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་བྱ་རྒྱུ་ཡིན་ཞིང་། ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཕྱོགས་དང་མཉམ་དུ་རང་སོ་སོའི་དེང་རབས་ཅན་གྱི་རྒྱང་སྐྱོད་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ལས་དབང་ཐུན་མོང་ཚོགས་པའི་ལེའུ་གསར་བ་མཉམ་དུ་བྲི་རྒྱུ་ཡིན།

ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་དང་ཚོགས་ཞུགས་སྐུ་མགྲོན་རྣམས་མགོ་རྩོམ་མཛད་སྒོར་ཞུགས་པའི་ཚུལ་རེད།

ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་དང་ཚོགས་ཞུགས་སྐུ་མགྲོན་རྣམས་མགོ་རྩོམ་མཛད་སྒོར་ཞུགས་པའི་ཚུལ་རེད།
ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཀི་ལིན་པི་ཡའི་ཙུང་ཐུང་ཕའེ་ཐི་ལའོ་དང་། པ་ཞིའི་ཙུང་ཐུང་ལུའུ་ལ། ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་དང་པ་ཞིའི་ཙུང་ཐུང་ཟུར་པ་ལའོ་སའེ་ཧྥུའུ་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་རྗེས་མའི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཝུ་ར་ཀུའེ་ཙུང་ཐུང་ཨའོ་ཨེར་ཞིའི་དམིགས་བསལ་འཐུས་མིས་ཙུང་ཐུང་གི་རྟེན་འབྲེལ་ཡི་གེ་སྒྲོག་འདོན་གནང་། ཁོ་ཚོས་ལ་ཏིང་མེ་གླིང་དང་ཅ་ལི་པི་དང་ཀྲུང་གོའི་གླེང་སྟེགས་ཀྱི་ལོ་ངོ10རིང་གི་འཕེལ་རྒྱས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པི་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་དང་། མ་ཏིང་མེ་གླིང་དང་ཅ་ལི་པིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་ཐད་བཏོན་པའི་བྱས་རྗེས་གལ་ཆེན་ལ་བསྟོད་བསྔགས་གནང་། ཕྱོགས་སོ་སོས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས།
ཕྱོགས་སོ་སོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་། གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་མོ་གསུམ་གྱིས་འཛམ་གླིང་ལ་ཞི་བདེ་དར་རྒྱས་གོང་སྤེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད། ངེས་གཏན་མིན་པའི་རང་བཞིན་གྱིས་ཁེངས་པའི་འཛམ་གླིང་ལ་ཁ་གཏད་དེ། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་མཉམ་ལས་དང་ཕྱར་བ་གྲུ་འདེགས་བྱས་ཏེ། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས། ལ་ཏིང་མེ་གླིང་དང་ཅ་ལི་པིའི་གཅིག་མཐུན་ཚོགས་པ་དང་ཀྲུང་གོའི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས། ལ་ཏིང་མེ་གླིང་དང་ཅ་ལི་པིའི་གཅིག་མཐུན་ཚོགས་པ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་རྒྱུན་འཁྱོངས་བྱས་ཏེ། ཕ་རོལ་པའི་བདག་དབང་དང་རང་བདག་སྲུང་སྐྱོང་བྱེད་པར་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་རྒྱབ་སྐྱོར་བརྟན་པོ་བྱ་དགོས། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང"རྒྱུད་གཅིག་ལམ་གཅིག"གྲོས་གཞི་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས། ཞིང་ལས། ཚན་རྩལ། ནུས་ཁུངས་གསར་པ། སློབ་གསོ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། དཔལ་ཡོན་སྤེལ་རེས་དང་གླེང་མོལ་ལ་སྐུལ་འདེད་བཏང་ནས། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པ་དང་ཀྲུང་གོ་མི་དམངས་ཀྱི་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཇེ་ཟབ་ཏུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་དང་ས་ཁུལ་ཀྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་ཆབ་སྲིད། བཙན་ཤེད་བྱ་སྤྱོད་བཅས་ལ་ངོ་རྒོལ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་ཚོགས་ཞུགས་ཀྱི་ལ་ཏིང་མེ་གླིང་དང་ཅ་ལི་པི་ཕྱོགས་ཀྱི་མགོ་ཁྲིད་མི་སྣ་དང་འཐུས་མི་ཚོགས་པ་སོ་སོའི་ཚོགས་གཙོ་རྣམས་ལ་བསུ་མའི་གསོལ་སྟོན་བཤམས།
ཚའེ་ཆི་དང་དབྱིན་ལི་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
ཝང་དབྱི་ཡིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། །
འཕྲིན་སྟེགས། weikangba