ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་ཀྲུང་གོ་བས2030ལོའི་སྔོན་ལ་ཟླ་བའི་གོ་ལའི་སྟེང་ཐོག་མར་བསྐྱོད་རྒྱུའི་འཆར་གཞི་བཟོས་ཡོད་པར་བཤད།

2023-05-30
2136

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིན་ཞི་ཆང་གིས། ཉེ་དུས་རང་རྒྱལ་གྱི་མི་སྡོད་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་བཟོ་སྐྲུན་ལས་ཟླ་བའི་གོ་ལར་བསྐྱོད་པའི་དུས་མཚམས་ཀྱི་ལས་འགན་དངོས་འབེབས་བྱེད་མགོ་ཚུགས་ཤིང་། ཀྲུང་གོ་བས2030ལོའི་སྔོན་ལ་ཟླ་བའི་གོ་ལའི་སྟེང་ཐོག་མར་བསྐྱོད་རྒྱུའི་འཆར་གཞི་བཟོས་ཡོད་པར་བཤད། མིག་སྔར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་ཁྱོན་ཡོངས་ནས་ཞིབ་འཇུག་གསར་སྤེལ་དང་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་བཀོད་སྒྲིག་བྱས་ཤིང་། དེའི་ནང་རབས་གསར་པའི་མི་སྡོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ(རྒྱང་སྐྱོད་ཨང་བཅུ་པ)དང་རབས་གསར་པའི་མི་སྡོད་འཕུར་གྲུ། ཟླ་བའི་ངོས་ཀྱི་ཐང་འབབ་འཕྲུལ་ཆས། ཟླ་བའི་གོ་ལ་སྟེང་བསྐྱོད་མཁན་གྱི་གྱོན་ཆས་སོགས་འཕུར་སྐྱོད་ཐོན་རྫས་ཞིབ་བཟོ་བྱ་རྒྱུ་ལས་གཞན། འཕེན་གཏོང་ར་བ་དང་འབྲེལ་བའི་ཚོད་གཏོང་སྒྲིག་བཀོད་དང་སྒྲིག་ཆས་སོགས་ཚུད་ཡོད། །

  • 顶