ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་གིས་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུའི་ཐོག་གི་མི20བོ་ཚང་མ་རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས།

2025-11-14
474

ཚེས12ཉིན། ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཅུས་ལའེ་ཨེར་གྱིས་སྤྱི་ཚོགས་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཚེས་11ཉིན་ཀི་ལོ་ཅི་ཡའི་མངའ་ཁོངས་སུ་ལྷུང་བའི་ཐུར་ཁེའི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུའི་སྟེང་གི་མི20བོ་ཚང་མ་རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས།

ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁ་ཡ་ཡིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་གནམ་གྲུའི་ཆག་རོ་ས་གནས་དེའི་དུས་ཚོད་ཚེས11ཉིན་གྱི་ཕྱི་དྲོར་རྙེད་ཟེར།   གཞན་ཡང་ཐུར་ཁེའི་ཨ་ན་ཏོ་ལུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  གནམ་གྲུ་ལྷུང་བ་གཏན་འཁེལ་བྱས་རྗེས་ཐུར་ཁེའི་དམག་ཕྱོགས་ཀྱིས་འཚོལ་སྐྱོབ་རུ་ཁག་མངགས་ཡོད་པ་རེད།

ཐུར་ཁེའི་སྒེར་གཉེར་སྨྱན་བྱདNTVབརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་བརྟག་དཔྱད་ཚན་ཆུང་ཚེས12ཉིན་གྱི་སྔ་མོ་གནམ་གྲུ་ལྷུང་ཡུལ་དུ་འབྱོར་ནས་གནམ་གྲུའི་ཆག་རོར་རྩད་ཞིབ་བྱེད་བཞིན་ཡོད་པ་རེད། བརྙན་འཕྲིན་འཕྲིན་ལམ་ལས་མངོན་པ་ལྟར་ན། གནམ་གྲུའི་ཆག་རོ་ས་ཁོངས་ཧ་ཅང་ཆེན་པོ་ཞིག་ཏུ་ཐོར་ཡོད་པ་རེད།

ཚེས11ཉིན་ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་རྒྱལ་ཁབ་དེའིC-130“སྟོབས་ཤུགས་ཆེན་མོའི”དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་ཉིན་དེར་ཨ་སེ་པེད་ཅང་ནས་ཐུར་ཁེ་རུ་ཕྱིར་ལོག་པའི་ལམ་བར་དུ་ཀི་ལོ་ཅི་ཡའི་མངའ་ཁོངས་སུ་ལྷུང་ཡོད་ཅེས་བཤད། གནམ་གྲུ་དེའི་སྟེང་དུ་བསྡོམས་པས་ཐུར་ཁེ་ཡི་མི་སྣ20ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།


  • 顶