ཐུར་ཁེའི་མཁའ་འགྲུལ་ལོ་ངོ13རྗེས་སུ་ཡང་བསྐྱར་སུ་རུ་ཡ་རུ་གནམ་གྲུ་གཏོང་མགོ་བརྩམས་པ།

2025-01-26
838

པར་འདི་ནི་ཟླ1པོའི་ཚེས23ཉིན་ཐུར་ཁེ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སུ་རུ་ཡའི་ཏ་མ་ཧྲི་གེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས23ཉིན། ཐུར་ཁེ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སུ་རུ་ཡའི་ཏ་མ་ཧྲི་གེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཏེ། སུ་རུ་ཡ་བར་ལོ་ངོ13རིང་འགྲུལ་སྐྱེལ་གནམ་གྲུ་གཏོང་མཚམས་བཞག་པའི་རྣམ་པ་སླར་གསོ་བྱུང་། 

བསྒྲགས་པའི་གནས་ཚུལ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་ནང་འགྲུལ་བ345ཡོད་ལ། དེའི་ཁྲོད་སུ་རུ་ཡའི་འགྲུལ་བ་དང་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ནུའུ་ཧི·ཡེ་ཨར་མ་ཚི་དང་ཐུར་ཁེའི་མཁའ་འགྲུལ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པི་ལ་ཨར·ཨེ་ཁི་ཞི་སོགས་ཚུད་ཡོད། 

པར་འདི་ནི་ཟླ1པོའི་ཚེས23ཉིན་ཐུར་ཁེ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ནང་བསྡད་པའི་འགྲུལ་བ་རྣམས་སུ་རུ་ཡའི་ཏ་མ་ཧྲི་གེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བའི་རྣམ་པ་རེད། 

སུ་རུ་ཡ་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་གི་ལས་རོགས་ཨེ་ཧ་མའེ་ཏི·ཏུའུ་ཁན་གྱིས་ཉིན་དེར་ཏ་མ་ཧྲི་གེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཕྱིའི་རྒྱལ་ཁབ་དུ་ཡོད་པའི་སུ་རུ་ཡའི་སྤྱི་དམངས་རྣམས་མེས་རྒྱལ་གྱི་པང་དུ་ལོག་པར་རེ་བ་ཡོད་ཅེས་བཤད། 

ཡེ་ཨར་ན་ཚི་ཡིས་བསྟན་དོན། སུ་རུ་ཡ་བར་གནམ་གྲུ་གཏོང་ཐེངས་སླར་གསོ་བྱུང་བ་ནི"ལོ་རྒྱུས་རང་བཞིན་གྱི་དུས་སྐབས"ཤིག་ཡིན་པ་དང་། ཐུར་ཁེ་མཁའ་འགྲུལ་ཀུང་སིས་ཡང་བསྐྱར་ཏ་མ་ཧྲི་གེ་འཛམ་གླིང་ཡོངས་ལ་འབྲེལ་མཐུད་བྱ་རྒྱུ་རེད།

ཨེ་ཁི་ཞི་ཡིས་བཤད་རྒྱུར། གནམ་གྲུ་གཏོང་ཐེངས་སླར་གསོ་བྱེད་པ་ནི་སུ་རུ་ཡ་དང་། སུ་རུ་ཡའི་མི་དམངས། ས་གནས་ཀྱི་དམངས་ཚོགས་ལ་ཞབས་ཕྱི་འདོན་སྤྲོད་བྱེད་པར་ནུས་པ་ཐོན་པ་མ་ཟད། ཐུར་ཁེའི་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེར་ཏ་མ་ཧྲི་གེ་ཕྱོགས་ལ་གནམ་གྲུ་ཐེངས་གསུམ་རེ་གཏོང་རྒྱུ་རེད། 

2011ལོར་སུ་རུ་ཡའི་ནང་འཁྲུག་བྱུང་རྗེས། རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་ཁག་གཅིག་གིས་སུ་རུ་ཡ་ཕྱོགས་ལ་གནམ་གྲུ་གཏོང་ཐེངས་མཚམས་བཞག །


  • 顶