ཟླ་བ་དང་པོའི་ཚེས་བདུན་ཉིན། གཞིས་ཀ་རྩེའི་སོ་ནམ་ལོ་གསར་ཤར་རན་པའི་སྐབས་སུ། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་གིས་རྣམ་པ་གསར་པའི་གྲོང་ཚོའི་དགོང་ཚོགས་ཞིག་ལ་བརྟེན་ནས། སྡོད་ཁང་གསར་པར་སྤོས་པའི་གནོད་ཐེབས་མང་ཚོགས་ཀྱིས་སྡོད་ཁང་གསར་པའི་ནང་གི་ལོ་གསར་ཐོག་མ་བསུས་པ་རེད། མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་རིག་རྩལ་ལེ་ཚན་དང་། ཁྲིམས་སྐྱོང་སྒྲོག་འགྲེལ། སྲིད་ཇུས་གསལ་འགྲེལ་སོགས་ཀྱི་འཁྲབ་སྟོན་གསོན་ཉམས་ལྡན་པའི་རྣམ་པར་བརྟེན་ནས། བཅའ་ཁྲིམས་ཀྱི་ཤེས་བྱ་དང་ཡ་རབས་སྲོལ་བཟང་དེ་དུས་ཆེན་གྱི་བྱེད་སྒོའི་ནང་འདྲེས་པར་བྱས་ཡོད། གྲོང་གསེབ་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་པ་མ་ཟད། མང་ཚོགས་ཀྱིས་ལྟ་དགའ་ཉན་སྤྲོའི་རྣམ་པའི་ཐོག་ནས་ཁྲིམས་སྐྱོང་འདུ་ཤེས་བརྒྱུད་བསྒྲགས་བྱས་ཡོད། མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་དང་གནོད་རྗེས་བསྐྱར་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པའི་ཡིད་ཆེས་དང་སྟོབས་ཤུགས་མངོན་པར་བྱས་ཡོད།
ལྷ་རྩེ་རྫོང་གཞིས་ཆེན་ཤང་གི་གྲོང་ཚོའི་དགོང་ཚོགས་ཡུལ་དངོས་ཀྱི་པར། 

འཕྲིན་སྟེགས། weikangba