སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་ཁྱིམ་མིར་ཇི་ལྟར་སྤྱོད་དགོས།

2026-01-11
277

  ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ནོར་སྲིད་པུའུ་ཡིས་ ༼ ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ ༽བཀྲམ་ནས། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། མཉམ་སྤྱོད་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བའི་བླང་བྱ་བཏོན་ཡོད། ཁྱོད་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཡིས་ཞིང་ཆེན་བརྒལ་ནས་ཁྱིམ་མིར་མཉམ་སྤྱོད་བྱེད་ཐུབ་བམ།  འགྲོ་སོང་གང་དག་ལ་བཀོལ་ཐུབ།    

ཅི་ཞིག་ལ་ཞིང་ཆེན་བརྒལ་བའི་མཉམ་སྤྱོད་ཟེར།

  ཞིང་ཆེན་བརྒལ་བའི་མཉམ་སྤྱོད་ཅེས་པ་དེ་སྟབས་བདེའི་ངང་བཤད་ན། འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་དེ་ཞིང་ཆེན་ལས་བརྒལ་བའི་ནང་མིར་སྤྱོད་དུ་འཇུག་རྒྱུ་དེ་རེད། དཔེར་ན། ཕྱི་རོལ་དུ་ལས་ཀ་བྱེད་མཁན་གྱིས་ཞིང་ཆེན་བརྒལ་བའི་ཕ་ཡུལ་གྱི་གཉེན་ཉེར་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་མ་དངུལ་སྤྱོད་དུ་འཇུག་ཆོག་པར་ཟེར། 

མི་གང་དག་ལ་མཉམ་སྤྱོད་བྱེད་ཆོག་ཟེར་ན། 

  བརྡ་ཐོའི་ནང་གསལ་པོར་བསྟན་ཡོད་དེ། བཟའ་ཟླ་དང་། ཕ་མ། བུ་ཕྲུག་སོགས་ཐད་ཀའི་གཉེན་ཉེ་ཕུད། ད་དུང་གཅེན་གཅུང་མིང་སྲིང་དང་། སྤོ་བོ་རྨོ་བོ། ཨ་ཕྱི་ཨ་མེས། ཚ་བོ་ཚ་མོ་སོགས་ལ་སྤྱོད་ཆོག་པ་མ་ཟད། མི་གཅིག་གིས་མི་མང་པོ་དང་ཕན་ཚུན་མཉམ་སྤྱོད་བྱེད་པའི་འབྲེལ་བ་འཛུགས་ཆོག་པ་རེད། 

མཉམ་སྤྱོད་མ་དངུལ་གང་དག་ལ་གཏོང་ཆོག་ཅེ་ན།

  བརྡ་ཐོ་ལྟར་ན། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་མ་དངུལ་དེ་གཉེན་ཉེ་ཡིས་དམིགས་གཏད་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཀྱི་སྒེར་གྱི་སྨན་བཅོས་འགྲོ་སོང་ཐད་གཏོང་ཆོག་ལ། དམིགས་གཏད་སྨན་ཚོང་ཁང་ནས་གཏན་འབེབས་དང་མཐུན་པའི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་སྤྱོད་རྒྱུ་ཆ་སོགས་ཉོ་བའི་མི་སྒེར་གྱི་འགྲོ་སོང་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཡུན་རིང་གི་ནད་གཡོག་འགན་བཅོལ་ཐད་ཀྱི་མི་སྒེར་གྱི་འགྲོ་སོང་ཐད་ལ་གཏོང་ཆོག་པ་རེད།  

མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་གཞན་པར་ཅི་ལྟར་མཉམ་སྤྱོད་བྱེད་དགོས་ཤེ་ན།  

  སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་བརྒྱུད་ནས་སྤྲད་དགོས། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནི་སྨན་བཅོས་འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་ནང་ཞུགས་མཁན་ལ་བཙུགས་པའི་མ་དངུལ་རྩིས་ཐོ་ཡིན་ལ། མི་སྒེར་གྱི་སྨན་བཅོས་འགན་བཅོལ་ཨང་རྟགས་དང་འབྲེལ་ཡོད། མི་སྒེར་གྱི་རྩིས་ཐོ་མཉམ་སྤྱོད་བྱ་དགོས་ན། མཉམ་སྤྱོད་བྱེད་མཁན་དང་མཉམ་སྤྱོད་བྱ་ཡུལ་ཚང་མས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་སྒོ་འབྱེད་དགོས། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་སྒོ་འབྱེད་ཚུལ་དང་བཀོལ་སྤྱོད་བྱེད་སྟངས་ཞིབ་ཕྲ་གཤམ་གསལ་ལྟར། 

  དང་ཐོག་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྟེགས་བུའི་Appསྒོ་འབྱེད་དང་ཐོ་འཇུག་བྱས་རྗེས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྟེགས་བུའི་དྲ་ངོས་དང་པོ་ནས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ལ་གནོན་ཚེ། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་སྒོ་འབྱེད་ས་མཐོང་ཐུབ། དངུལ་ཁུག་སྤྱོད་རྒྱུ་གཏན་འཁེལ་བྱས་ན། དྲ་ངོས་གསར་པ་ནས་བེད་སྤྱོད་བྱ་ཡུལ་དང་ལག་ཐོགས་ཁ་པར་ཨང་གྲངས་འཆར་ཐུབ། དེར་མནན་ནས་འཕྲལ་དུ་བཀོལ་སྤྱོད་གཏན་འཁེལ་བྱས་ཚེ། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་སྒོ་ཕྱེས་ནས་བཀོལ་སྤྱོད་ཐུབ་པ་རེད།  

图片

སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱོད་པའི་དྲ་ངོས་ནས་ཕྱིར་ལོག་ནས་ལེགས་གྲུབ་མནན་ན། དྲ་ངོས་ནས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་དངུལ་གྲངས་བཙལ་ཆོག་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་དངུལ་གཏོང་རེ་ཞུ་གནོན་ཚེ་བཀོལ་སྤྱོད་ཐུབ་པ་རེད།    

图片

  དངུལ་གཏོང་ཡུལ་གྱི་གཞི་རྩའི་ཆ་འཕྲིན་བྲིས་རྗེས་ཡར་སྤྲོད་ཞུ་དགོས། དངུལ་གཏོང་སྤྲོད་བྱ་དགོས་ན། དང་ལེན་བྱེད་མཁན་ཕྱོགས་ཀྱིས་ཀྱང་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་སྒོ་འབྱེད་དགོས། དངུལ་གཏོང་མཁན་གྱིས་དངུལ་གཏོང་ལེགས་གྲུབ་བྱུང་རྗེས། དངུལ་ལེན་མཁན་གྱིས་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནས་དངུལ་གྲངས་དང་དངུལ་གཏོང་གནས་ཚུལ་མཐོང་ཐུབ་པ་རེད།  

  དྲན་སྐུལ་ཞུ་དགོས་པ་ཞིག་ནི། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་རྩིས་ཐོ་རེ་རེས་ཉིན་གཅིག་ལ་དངུལ་གཏོང་ཐེངས་༣མ་གཏོགས་བྱེད་མི་ཆོག   ཐེངས་རེར་དངུལ་གྲངས་སྒོར་༢༠༠༠ལས་བརྒལ་མི་ཆོག་པ་རེད། 

ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཡིས་རྩིས་ཞུའི་བསྡུར་ཚད་མཉམ་སྤྱོད་བྱེད་ཐུབ་བམ། 

    སྒེར་གྱི་རྩིས་ཐོའི་མཉམ་སྤྱོད་ནི་མ་དངུལ་མཉམ་སྤྱོད་ཙམ་ཡིན་པ་ལས། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཐོབ་ཐང་དང་ཕན་བདེ། སྲིད་ཇུས་སོགས་དང་འབྲེལ་བ་མེད།   

  དཔེར་ན། ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་རྩིས་ཐོའི་སྒེར་གྱི་མ་དངུལ་སྡོད་དམངས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཕ་མར་མཉམ་སྤྱོད་བྱས་ཚེ། ཕ་མའི་སྨན་བཅོས་འགན་བཅོལ་གཟིགས་སྐྱོང་དང་། རྩིས་ཞུའི་བསྡུར་ཚད། ཐོག་མའི་ཚད་གྲངས། ཆེས་མཐོའི་ཚད་གྲངས་སོགས་སྔར་བཞིན་ཕ་མའི་སྡོད་དམངས་སྨན་བཅོས་འགན་བཅོལ་ཐོབ་ཐང་ལྟར་རྩིས་ཞུ་བྱེད་པ་ལས། མི་སྒེར་གྱི་རྩིས་ཐོའི་མཉམ་སྤྱོད་ཀྱི་དབང་གིས་འགྱུར་ལྡོག་འབྱུང་མི་སྲིད། དེ་དང་འདྲ་བར། ཁྱིམ་མིས་སྨན་བཅོས་བྱེད་པའི་སྨན་བཅོས་བྱ་སྤྱོད་དང་ནད་རིགས་བརྟག་དཔྱད་ཀྱང་མཉམ་སྤྱོད་བྱེད་མཁན་ལས་བཟོ་པའི་མིང་འོག་ཏུ་ཟིན་ཐོར་འགོད་མི་སྲིད་ལ། འབྱུང་འགྱུར་ལས་བཟོ་བ་ཚོང་ལས་འགན་བཅོལ་ནང་ཞུགས་པ་སོགས་ལ་གནོད་པ་མེད། 

  དེར་བརྟེན། མི་སྒེར་གྱི་རྩིས་ཐོའི་མཉམ་སྤྱོད་ནི་སྨན་བཅོས་འགན་བཅོལ་བྱང་བུའམ་ཡང་ན་སྨན་བཅོས་འགན་བཅོལ་ཐོབ་ཐང་ཁྱིམ་མིར་གཡར་བ་ལྟ་བུ་མིན་ལ། ཕྱོགས་གཉིས་ཀྱིས་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་བྱང་བུ་སྤྱད་ནས་གཏན་འབེབས་ལྟར་ཐོབ་ཐང་ལོངས་སུ་སྤྱོད་དགོས། གོ་བདེ་མོས་བཤད་ན་དངུལ་མཉམ་སྤྱོད་ཆོག་པ་ལས།  བྱང་བུ་མཉམ་སྤྱོད་མི་ཆོག་པ་རེད། 

  • 顶