ཕོར་བ་འདི་རིགས་སྤྱད་མི་རུང་།

2026-01-11
442

གནམ་གཤིས་ཇེ་འཁྱགས་སུ་སོང་བས་དྲོད་སྲུང་ཕོར་བ་མི་རྣམས་ཀྱིས་རྒྱུན་དུ་སྤྱོད་པའི་འཚོ་བའི་ཡོ་བྱད་ཅིག་ལ་ཆགས་ཡོད། ཕྱི་རོལ་དུ་འཆམ་འཆམ་འགྲོ་བ་དང་ཕྱི་རུ་འགུལ་སྐྱོད་བྱེད་སྐབས། དྲོད་སྲུང་ཕོར་བ་འཁྱེར་ན། དུས་དང་རྣམ་པ་ཀུན་ཏུ་ཆུ་ཚ་པོ་འཐུང་ཐུབ། འོན་ཀྱང་བལྟས་ན་སྤྱིར་བཏང་གི་ཉིན་རེའི་མཁོ་ཆས་དེ་རིགས་ལ་བདེ་ཐང་གི་མངོན་མེད་ཉེན་ཁ་ཡོད་སྲིད།

■ དྲོད་སྲུང་ཕོར་བ་གང་དག་སྤྱོད་མི་རུང་།  

དྲོད་སྲུང་ཕོར་བ་མང་ཆེ་བ་ནི་བཙའ་མི་རྒྱག་པའི་ངར་ལྕགས་རྒྱུ་ཆ་ཡིན་ལ། དྲོད་ཚད་མཐོན་པོ་བཟོད་ལ་དྲོད་སྲུང་ནུས་པ་བཟང་། བཙའ་མི་རྒྱག་པའི་ངར་ལྕགས་རྒྱུ་ཆའི་ཁྲོད་དུ“ཚབ་མིང་”གསུམ་རྒྱུན་དུ་མཐོང་ཐུབ། སོ་སོར་201དང་། 304དང་ 316བཅས་ཡིན། 

图片


■ དྲོད་སྲུང་ཕོར་བ་201རྒྱུ་ཆ་སྤྱོད་མི་རུང་། 

201བཙའ་མི་རྒྱག་པའི་ངར་ལྕགས་ནི་བཟའ་བཅའ་རིམ་པའི་རྒྱུ་ཆ་མིན་པར། དེ་ནི་བཟོ་ལས་མཁོ་ཆས་རྒྱུ་ཆའི་ཁོངས་སུ་གཏོགས། མང་ཆེ་བ་རྒྱན་སྤྲས་སྦུ་གུ་དང་། བཟོ་ལས་སྦུ་གུ ཆུ་ཚོད་འདོགས་ཐགས་སོགས་བཟོ་རྒྱུར་སྤྱོད་ཀྱི་ཡོད། 

201བཙའ་མི་རྒྱག་པའི་ངར་ལྕགས་ལ་མཱན་འདུས་ཚད་མཐོ་བ་དང་། རུལ་བསླད་རང་བཞིན་ཞན་པས། གལ་ཏེ་དེ་དྲོད་སྲུང་ཕོར་བའི་ནང་མ་བྱས་ནས། དུས་ཡུན་རིང་པོར་འཐུང་ཆུ་ཉར་ཚགས་བྱས་ན་མཱན་གཞི་རྒྱུ་དབྱེ་འབྱེད་བྱས་ཏེ། ཆུ་ཚ་པོ་ཐད་ཀར་དུག་ཆུ་རུ་འགྱུར་སྲིད། ལྕགས་རིགས་མཱན་ནི་མིའི་ལུས་ཕུང་ལ་དགོས་ངེས་ཀྱི་ཚད་ཉུང་གཞི་རྒྱུ་ཞིག་ཡིན་མོད། འོན་ཀྱང་། མཱན་ཚད་ལས་བརྒལ་ན་ལུས་ལ་གནོད་པ་དང་ལྷག་པར་དུ་དབང་རྩའི་མ་ལག་ལ་གནོད་པ་ཐེབས་སྲིད།

图片

པེ་ཅིང་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དེ་སྔ་དྲོད་སྲུང་ཕོར་བ་རིགས་50ཙམ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་ཚད་ལེན་བྱས་པ་དང་། འབྲས་བུ་ལས་མངོན་པ་ལྟར་ན། དྲོད་སྲུང་ཕོར་བ་རིགས་19ཡི་་ལྕི་བའི་ལྕགས་རིགས་ཀྱི་འདུས་ཚད་ཚད་ལས་བརྒལ་བའི་དབང་གིས“ཚད་གཞི་མ་ལོན་པའི་ཐོན་རྫས”ཞེས་རྟགས་བཀོད་ཡོད་པ་རེད། ཚད་གཞི་མ་ལོན་པའི་དྲོད་སྲུང་ཕོར་བ་དེ་དག་མང་ཆེ་བར་རྒྱལ་ཁབ་ཀྱི་ཚད་གཞི་མ་ཡིན་པའི་བཙའ་མི་རྒྱག་པའི་ངར་ལྕགས་རྒྱུ་ཆ་སྟེ་རྒྱུ་ཆ་201སྤྱད་པ་རེད།

■ 304དང་316རྒྱུ་ཆ་བདེ་འཇགས་ཚད་གཞི་དང་མཐུན་ཡོད།  

དྲོད་སྲུང་ཕོར་བའི་བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་རྒྱུ་ཆ་《ཟས་རིགས་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ཟས་རིགས་འབྲེལ་གཏུག་བྱེད་པར་སྤྱོད་པའི་ལྕགས་རིགས་རྒྱུ་ཆ་དང་ཐོན་རྫས་》(GB 4806.9-2023)དང་མཐུན་དགོས། ཚད་གཞིའི་ནང་ལྕི་བའི་ལྕགས་རིགས་ཀྱི་འདུས་ཚད་དང་གནས་སྤོ་ཚད་ཀྱི་དམིགས་ཚད་གཏན་འབེབས་བྱས་ཡོད། 

བཙའ་མི་རྒྱག་པའི་ངར་ལྕགས་རྒྱུ་ཆ་304དང་316སྤྱད་ན་ལེགས། 

  • 304བཙའ་མི་རྒྱག་པའི་ངར་ལྕགས་ཁྲོད་ཀྱི་ཆེས་གལ་ཆེ་བའི་གཞི་རྒྱུ་ནི་ནིག་དང་ཁིར་ཡིན། རྒྱུ་ཆ་དེ་རིགས་ལ་ལས་སྣོན་གཤིས་ནུས་དང་རུལ་བསླད་རང་བཞིན་ལེགས་པོ་ལྡན་ཡོད། མཱན་འདུས་ཚད་2%ལས་དམའ་བས། རྒྱལ་ཁབ་ཀྱིས་ཁས་ལེན་པའི་ཟས་རིགས་རིམ་པའི་བཙའ་མི་རྒྱག་པའི་ངར་ལྕགས་ཡིན། 


  • 316བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་སྤུས་ཚད་304ལས་ལྷག་པ་དང་། ལྕགས་རིགས་མོལ་མང་ཡོད་པས་རུལ་འགོག་ནུས་པ་དེ་བས་ལེགས་པ་ཡོད། 

  • 顶