ཕུའུ་ཅིང་ལ་རྒྱབ་སྐྱོར་ཐོབ་ཚད་སྐོར་གྱི་གནས་ཚུལ་གསར་ཤོས།

2025-11-09
447

  ཟླ་བ་༡༡ཚེས་༧ཉིན་ཨུ་རུ་སུའི་གསར་འགྱུར་ཁང་གི་སྒྲོག་གཏོང་ལྟར་ན། ཨུ་རུ་སུ་ཡོངས་ཀྱི་དམངས་འདོད་ཞིབ་འཇུག་ལྟེ་གནས་ཀྱིས་དེའི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་མཇུག་འབྲས་ལ་གཞིགས་ན། ཨུ་རུ་སུ་བ་མང་ཆེ་བ་སྟེ། ༧༤.༥%ཡིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་ལས་དོན་ལ་མོས་མཐུན་བྱེད་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་༧༧.༩%ཡིས་རྒྱལ་ཁབ་ཀྱི་གཙོ་བདག་ལ་ཡིད་ཆེས་བྱེད་བཞིན་ཡོད།  ཨུ་རུ་སུ་བ་བརྒྱ་ཆ་བདུན་ཅུ་ཡིས་ཕུའུ་ཅིང་གིས་ཙུང་ཐུང་གི་འགན་འཁུར་རིང་གི་ལས་དོན་སྒྲུབ་སྟངས་ལ་མོས་མཐུན་ཡོད་ཅེས་བཤད་པ་དང་། གཞན་པའི་བཅར་འདྲི་དང་ལེན་བྱེད་མཁན་༧༧.༩%ཡིས་རྒྱལ་ཁབ་ཀྱི་གཙོ་བདག་ལ་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བཤད་པ་རེད། 

  བཅར་འདྲི་དང་ལེན་བྱེད་མཁན་༤༦.༣%གྱིས་ཨུ་རུ་སུའི་སྲིད་གཞུང་གི་ལས་དོན་ལ་མོས་མཐུན་བྱེད་བཞིན་ཡོད་པ་མ་ཟད། ཨུ་རུ་སུ་བ་༥༨.༤%ཡིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་ལ་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བཤད་པ་རེད།  

  སྲིད་ཏང་གི་ཕྱོགས་ནས། ཨུ་རུ་སུའི་གཅིག་གྱུར་ཏང་ལ་རྒྱབ་སྐྱོར་ཐོབ་ཚད་༣༢.༥%དང་། ཨུ་རུ་སུའི་རང་དབང་དམངས་གཙོ་ཏང་ལ་རྒྱབ་སྐྱོར་ཐོབ་ཚད་༡༠.༤%། ཨུ་རུ་སུའི་གུང་ཁྲན་ཏང་ལ་རྒྱབ་སྐྱོར་ཐོབ་ཚད་༩.༨%། མི་གསར་ཏང་ལ་རྒྱབ་སྐྱོར་ཐོབ་ཚད་༨.༤%། གཞུང་དྲང་ཨུ་རུ་སུ་དང་རྒྱལ་གཅེས་པ། བདེན་དོན་ཆེད་དུ་ཞེས་པའི་ཏང་ལ་རྒྱབ་སྐྱོར་ཐོབ་ཚད་༤.༩%ཡིན་པ་རེད།  

  གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་ཨུ་རུ་སུ་ཡོངས་ཀྱི་དམངས་འདོད་ཞིབ་འཇུག་ལྟེ་གནས་དང་འཁོར་སྐར་འཕྲིན་གཏོང་ཁང་གིས་མཉམ་འབྲེལ་ཐོག་སྤེལ་བའི་དམངས་འདོད་བརྟག་དཔྱད་དེ་ཟླ་བ་༡༠ཚེས་༢༧ཉིན་ནས་ཟླ་བ་༡༡ཚེས་༢ཉིན་བར་སྤེལ་བ་དང་། བརྟག་དཔྱད་བྱ་ཡུལ་ནི་ལོ་༡༨ཡན་ཆད་ཀྱི་ཨུ་རུ་སུའི་སྤྱི་དམངས་༡༦༠༠ཡིན་ལ། བརྟག་དཔྱད་བྱེད་ཐབས་ནི་གང་མོས་ཀྱིས་ཁ་པར་ཨང་གྲངས་འདེམས་ནས་ཁ་པར་ཐོག་ནས་བཅར་འདྲི་བྱས་པ་ཞིག་རེད། 

  • 顶