དགེ་རྒན་དམ་པའི་སྐུ་དྲིན་རྗེས་དྲན།

2018-09-10
0

འོ་སྐོལ་དང་པོ་ཅི་ཡང་མི་ཤེས་ཤིང་།། བ་ལང་ལྟ་བུར་མི་ཡི་ཐ་མར་གནས།། 

ད་ནི་བླང་དོར་འབྱེད་ཅིང་མི་གྲལ་ཚུད།། འཚོ་བ་ཞི་འཇམ་རོལ་འདི་དགེ་རྒན་དྲིན།།

བཅུ་ཕྲག་རིག་པའི་ལོངས་སྤྱད་ཞེ་སྨན་པོ།།  མ་ལེགས་རྨོངས་པའི་ཟྭ་ཡིས་དམ་དུ་བཅིངས།།

མྱུར་འབྱེད་གདམས་ངག་ལྡེ་མིག་སྩོལ་མཛད་པ།། སྐྱེས་མཆོག་དགེ་བའི་བཤེས་གཉེན་དྲིན་དུ་ཆེ།། 

ཟས་གོས་གནས་མལ་སྦྱིན་པའི་ཕ་མ་དང་།། ཤེས་རིག་སྣང་བ་སྩོལ་བའི་དགེ་རྒན་གཉིས།།

ངན་སོང་གནས་ལས་སྒྲོལ་བའི་དཀོན་ཅོག་གསུམ།། ང་ཡི་གཉིས་སུ་མེད་པའི་དྲིན་ཅན་ལགས།།

ཕ་མས་བདག་ལ་ཕྱི་ཡི་ལུས་ཕུང་བྱིན།། གང་གིས་བདག་ལ་ཤེས་རབ་མིག་ཟུང་གནངས།།

དཀོན་མཆོག་དེ་ཡིས་བདེ་སྐྱིད་ལམ་ཆེན་བསྩལ།། འདི་གསུམ་ང་ཡི་ཆེན་པོའི་སྦྱིན་བདག་ཡིན།།

མེས་པོའི་ཁྱད་ནོར་བཅུ་ཕྲག་རིག་པའི་གཞུང་།། མ་ནོར་གཞོན་ནུའི་ལག་ཏུ་བརྒྱུད་མཛད་པ།།

ཁྱེད་ཀྱི་དྲིན་ལས་འབྱུང་བཞིར་མ་འཐིམས་བར།། དངོས་སུ་མཇལ་རྒྱུ་ཡོད་འདི་ངོ་མཚར་ཆེ།།

སློབ་དཔོན་དམ་པའི་སྐུ་ཚེ་རི་ལྟར་བརྟན།། མཛད་འཕྲིན་རབ་རྒྱས་དབྱར་མཚོའི་དཔལ་ཡོན་བཞིན།།

ཐུགས་བཞེད་ཡོངས་འགྲུབ་བདེ་སྐྱིད་རབ་འཕེལ་ཅིང་།། བཀྲ་ཤིས་དགེ་ལེགས་སྣང་བས་ཀུན་ཁྱབ་ཤོག། 

  ཅེས་དགེ་རྒན་དུས་ཆེན་གྱི་ཉིན་མོར་དུས་ཀྱི་ཕོ་ཉའམ་འཆི་མེད་མགོན་པོ་ནས་གང་གི་བཀའ་དྲིན་དྲན་བཞིན་རྟེན་འབྲེལ་ཞུ་ཚིག་འདི་སྤེལ་བར་དགེའོ།།

  • 顶 0