དང་ཁང་སཾ་གྱིས་བདག་པོར་གསོལ་བའི་ཡི་གེ

2020-10-23
0

འདི་ནི་ཏུན་ཧོང་ནས་བཏོན་པའི་གཏེར་ཡིག་གི་ཆ་ཤས་ཤོག་གྲངས་འགའ་ཡིན་ལ། འདི་རུ་དང་ཁང་སཾ་གྱིས་བདག་པོར་གསོལ་བའི་ཡི་གེ་བཀོད་ཡོད།

མ་ཡིག

1.དང་ཁང་སཾ་གྱི་མཅིད་གསོལ་བཱ།

2.ཡུམ་སྲས་མཆེད་འཕྲུལ་གྱི་ཞ་སྔ་ནས། དེ་བར་དུ་ཐུགས་བདེ་འཾ་མྱི་བདེ། །མཅིད་ཡི་གེ་ལས་སྙུན་གསོལ་ཞིང་མཆིས་ན།

3.འབངས་འདྲུལ་བའྀ་མདབ་ལས1བཀའ་ལུང་གཉེན་པོ་ཞིག་ཐུགས་དཔགས་ཇིར་མཛད། །

4.༄། སླན་ཅད་ཀྱང་ཡུཾ་སྲས་མཆེད་དགུང་དང་འདྲ་པའི་ཞ་སྔ་ནས། ཐུགས་རྟག་དུ་བདེ། དགོངས་པ་རྒྱས་ཆེན་པོ2ལ

5.བར་ཆད་མྱི་མངའ། ཆབ་སྲིད་ཆེ་ཞིང་དབུ་རྨོག་བརྩན། ། སྐུ་ཚེ་གཡུང་དྲུང་དུ་བཞེས་པ་འྀ་ཞལ་ཉི་ཟླ་ཤར་བ་དང་འདྲ་

6.བ་མྱུར་དུ་མཐོང་བར་སྨོན་ལཾ་རྒྱུན་དུ་གསོལ་ཞིང་མཅིས།

7.༄། བདག་ངན་པ་ལྟ་ཞིག   ཕྱག་རྗེས་ཀྱི་ཐ་མ་རྔོ་ཐོག་པ་འྀ་ཞོ་ཤ་ཇི་ཡང་མ་ཕུལ་པར་རྟག་ཏུ་སྙན་སྙུངས་པ3འདྀ་སྐད་གསོལ་ཆེས། བཀཱ་

8.འབབ་དུ་ཡང་རུང་ན། བདག་ངན་པ་མཅིས་པ་ཡང་། ཡབ་སྲས་མཆེད་གྱི་བར་དུ་ཞོ་ཤ་མ་བསྲིས་པར4ཐུགས་ཚོད་མངའ་ཡང་།

9.ལགས་ན་འདི་ཙམ་ཞིག་བྱང་ཆུབ་ཀྱི་ཐུགས་རྗེས་དགོངསྟེ། བདགྀ་མཆིས་བྲང་ངན་པ་ཞིག་ཤ་ཆུ་ན་མཅྀསྦ། སྟོན་སླ་འབྲིང་ཕོ་ཙཾ།

10.ཀྱི་བར་དུ། ཤ་ཅུ་ན་སྩང་ལོ་ཤས5ཙམ་མཆིས་པ་འྀ་ཐོག་ཙམ་སྡུད་ལགས་པར་བགྱིད་དེ། ད་ལྟ་ཕྲལ་དུ་ཀྭ་ཅུར་མྱྀ་བདས།

11 .པར་བློན་དགེ་བཟང་ལ་ཕེའུ6ཙམ་མཛད་པར་ཐུགས་རྗེ་ཇིར་གཟྀགས་། །འོན7རེ་བ་འྀ་གནས་ཀྱང་།

12.མཆེད་ལས་མྱི་བཞུགས་། འོན་རབ་དུ་ཕོངས་། ཤིང་མཆིས། །

1.༄། ། མཁན་པོ་ཕབ་ཛང་དང་། ཇོ་བོ་སྟག་པོར་རྗེ་དང་སྟག་བཟང་དང་། ཨ་ཉང་དང་། ཇོ་བོ་ཕུག་ཇུ་དང་།

2.ལྷ་བཞེར་དང་སམ་ཀ་དང་། དཔལ་མོ་ས་ལ་སྩོགས་པའི་ཞ་སྔར། འབུ་སིན་དང་། 

3.ཙན་ཐོང་གྱི་མཆིད་གསོལ་བའ། ཇོ་བོ་ཆག8ཕྱོགས་ཀྱི་སྔ་ནས། ཐུགས་རྟག་དུ་བདེ།

4.དགོངས་པ་ཆེན་པོ་ལྷུན་གྱིས་གྲུབ།   སྐུ་ཙེ་རིང་བ་འབའ་ཞིག་ཏུ་སྨོན་ཏེ། མཆིས་ཡི་གེ་ལས།

5.སྙུན་གསོལ་ཞིང་མཆིས་ན། འདྲུལ་བའི་འདབ་ལས་བཀའ་སྩལ་པ་ནམ་དུ་ཇི་གནང་།

6.བདག་ཆག་ངན་པ་ཡང་། བཀའ་འདྲིན་ལས། མཆིད་ཡི་གེ་འདི་དགུན་སླ་ཐ་ཅུངས་ཚེས།

7.བདུན་ལ་གསོལ་པ་ཙམ་ན། །  བདག་ཆག་ངན་པའི་མྱིང9ཕྱུགས་ལ་ནོང་ཡོ10ཅི་ཡང་མཾཆིས།

8.འདི་ཕྱོགས་ཀྱི་བཀའ་མཆིད་ཅི་དགའ་པ་ནི། འདྲུལ་པ་ལ་གསན་བསབས11། བདག་ཆག་ཡར་ཅི།

9.ལྟར་མཆིས་པ་ནི་ཆ་ད་དུང་མ་ཐོབ་ཅིང་མཆིས། ཅིས་ཀྱང་ལོ་སར་སླེབས་པར་ནི་མཆིས་པ་

10.འདྲ། དེ་ལས་ཐུགས་བསེལ12མྱི་འཚང་ཅིང་མཆིས། ཁྲྀ་ཞིག་ལ་ལོ་སར་མྱི་སླེབས་ན13།

11.ལོ་སར་གྱི་རྐྱེན་ཅི་འཚལ་པ་བརྫང་པར་གསོལ། བདག་ཆག་ངན་པ་ཡང་མཆིས་ཡིག་དུ་མ་ཞིག

12.གསོལ་ན། སུག་པར་མ་སོན་ནམ་ཅི་ལས་གྱུར། བཀའི་ལན་འགའ་ཞིག་མ་གསོལ་པ།

13.གློ་བ་ལ་གཆགས་ཅིང་མཆིས། ཤོག་སྣག་མྱི་བརྟན་ནས། ཤོག་སྣགས་ཀྱང་བདག་སྦྱར་ཞིང་

14.མཆིས། འདྲུལ་བ་བསྟན་པོ་མཆིས་ན། བདགི་ལྷམ་ཟུང་གཆིག་དང་། འབེའུ་ཙེ14གཆིག་བརྫང་བ་ཙམ་དུ་གསོལ།

 དཀའ་འགྲེལ།

1.མདབ་ལས། བཏམ་ལས་ཏེ་བརྗོད་པའམ་བཤད་པ་ལས། ཞེས་པའི་དོན། འཕུལ་རྟེན་ནོར་བ་འདྲ།

2.རྒྱས་ཆེན་པོ། རྒྱ་ཆེན་པོ་དང་དོན་གཅིག་པ་འདྲ།

3.སྙན་སྙུངས་པ། རྣ་བ་ན་བའམ་སྙུན་སྙུངས་ཏེ་ན་བའི་དོན།

4.མ་བསྲིས་པ།  སྲི་ཡི་འདས་པ་སྟེ་དགག་སྒྲ་དང་བཅས་པས་སེར་སྣ་མ་བྱས་པའི་དོན་སྟོན།

5.སྩང་ལོ་ཤས། ལྗང་ལོ་ཤས་ཏེ། ལོ་ཏོག་བཟང་ཤས།

6.ཕེའུ། འཕེའུ་སྟེ་གསོལ་བའམ་ངོ་ཆེན་དང་ངོ་དགའ་བྱེད་པའི་དོན།

7.འོན། ངའམ་ངེད་ཀྱི་དོན་ལ་འཇུག་པར་འབྱུང་ལ། འོན་ཀྱང་། ཞེས་པའི་བསྡུས་པར་འཇུག་པར་ཡང་སེམས།

8.ཇོ་བོ་ཆག  ཇོ་བོ་ཅག་སྟེ་གཅེན་པོའམ་ཕུ་བོ་ཚོ་དང་གཅེན་པོའམ་ཕུ་བོ་རྣམས། ཞེས་པའི་དོན།

9.མྱིང་ཕྱུགས། མི་ཕྱུགས་ཡིན་པ་འདྲ།

10.ནོང་ཡོ། ནོངས་པ་དང་ཡོ་ལོག་གི་བསྡུས་ཚིག་སྟེ་སྐྱོན་དང་མི་ལེགས་པའམ་མི་དགའ་བའི་དོན།

11 .གསན་བསབས། ལན་བཏབ། ཅེས་པའི་དོན་ཡིན་པ་འདྲ།

12.ཐུགས་བསེལ། ཐུགས་སེལ་ཏེ་སྙིང་འཁོན་ནམ་སྐང་ར་དང་མ་དགའ་བའི་དོན།

13.ཁྲྀ་ཞིག་ལ་ལོ་སར་མྱི་བསླེབས་ན། གལ་ཏེ་ལོ་སར་སྐབས་མ་སླེབས་ན། ཞེས་པའི་དོན།

14.འབེའུ་ཙེ།  རྐང་འབོལ་ལམ་རྐང་འདེའུ།


དཔྱད་གཞིའི་ཡིག་ཆ།

  • 1  གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་ཁང་། སྤྱི་ལོ1995ལོའི་པར་གཞི་དང་པོ། ཤོག་ངོས325-329ན་གསལ།


                                                                                                                 ཡོང་ཁུངས།  ཡོངས་འཛིན་དྲ་བ།

  • 顶 0