ཧེ་ཧུའུ་ཆའང་སྡེ།

2020-06-09
0

ཧེ་ཧུའུ་ཆའང་སྡེ་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཞིག་ཡིན་ལ། ལྟ་སྐོར་བྱེད་ཡུལ་གཙོ་བོ་ནི་ད་ལྟ་སོར་འཇོག་བྱས་པ་ཅུང་ཆ་ཚང་བའི་ཟུར་བཞི་ཅན་དང་། ཟུར་བརྒྱད་ཅན། ཟུར་བཅུ་གཉིས་ཅན་གྱི་མཁར་རྫོང་དགུ་ཡོད་པ་དེ་དང་དམངས་སྲོལ་གོམས་གཤིས་ཡིན། འདི་ནི་གནའ་བོའི་ཆའང་རིགས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་ཐད་ལ་ནུས་པ་གལ་ཆེན་ལྡན་པ་རེད།

       སི་ཁྲོན་ཞིང་ཆེན་མའོ་རྫོང་ཧེ་ཧུའུ་ཡུལ་ཚོའི་རྒོད་མཆུ་རི་གཉའ་ཐོག་ཏུ་ཆེ་ཆུང་དང་བཟོ་སྐྲུན་ཁྱད་ཆོས་མི་འདྲ་བའི་གནའ་བོའི་མཁར་རྫོང་མང་པོ་གྲམ་ནས་ཡོད། དེའི་ནང་མཁར་རྫོང7དེ་ཆ་ཚང་བའི་སྒོ་ནས་ཉར་ཚགས་བྱས་ཡོད་པ་དང་། གནའ་བོའི་བཙན་རྫོང་ཁྱུ་ཡི་སྙོམས་ངོས་དེ་དག་ཟུར་བཞི་དབྱིབས་དང་། ཟུར་དྲུག་ཅན་གྱི་དབྱིབས་དང་ཟུར་བརྒྱད་དབྱིབས་བཅས་བཟོ་ལྟ་གང་མང་ཡོད། དེ་དག་ཚང་མའི་རྒྱུ་ཆ་གཙོ་བོ་ནི་རྡོ་ཡིན། བཙན་རྫོང་དེ་དག་མང་ཆེ་བའི་ཞེང་ལ་སྨི10ཙམ་ལས་མེད་པའི་རི་སྒལ་ཐོག་བཙུགས་ཡོད། བཙན་རྫོང་གི་འོག་ནི་རྡོས་བཙུགས་ཡུལ་མིའི་སྡོད་ཁང་དང་འབྲེལ་ཡོད། དེ་ནི་གནའ་དུས་ཀྱི་ཆའང་མིའི་འགོག་སྲུང་བཟོ་སྐྲུན་ཡིན། རི་ལ་བརྟེན་ནས་འཚོ་སྡོད་དང་རྡོ་བཙུགས་ཏེ་ཁང་པ་སྐྲུན་པའི་བཟོ་སྐྲུན་ཁྱད་ཆོས་དང་དེ་གའི་ཆའང་རིགས་མི་དམངས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་དེ་ནི་ཆའང་རིགས་ཀྱི་ལོ་རྒྱུས་རིག་གནས་དང་གདོད་མའི་དམངས་སྲོལ་གོམས་གཤིས་འགྲེམ་སྟོན་བྱེད་པའི་ཡུལ་སྐོར་བྱེད་ས་གལ་ཆེ་ཞིག་ཡིན།

ས་བབ།

    ཧེ་ཧུའུ་ཆའང་སྡེ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་ནུབ་བྱང་དུ་སྤྱི་ལེ28ཕྱོགས་ཀྱི་ཧེ་ཧུའུ་ཡུལ་ཚོའི་རྒོད་མཆུ་རི་གཉའ་རུ་གནས་ཡོད། མཚོ་འཕགས་ནི་སྨི2000ནས2500ཡིན། 

ལོ་རྒྱུས་རིག་གནས། 

གནའ་དུས་སྡེ་བ་འདིའི་མིང་ལ་ཧེ་མའོ་སྡེ་བ་ཟེར་ཞིང་། གྲོང་མིས་གཙོ་བོར་རི་དྭགས་རྔོན་པའི་འཚོ་བ་སྐྱེལ་གྱི་ཡོད་པ་དང་། བྲག་རི་གཡང་གཟར་སོགས་ལས་འཚོ་སྡོད་བྱས་ཏེ་རུས་རྒྱུད་གཞན་དང་འགྲོ་འོང་ཧ་ཅང་ཉུང་བ་དང་། ཐང་རྒྱལ་རབས་ཀྱི་དུས་དཀྱིལ་ནས་ཐུ་བྷོད་རྒྱུན་དུ་འཁྲུག་པས་བཙན་རྫོང་བཙུགས་འགོ་བཟུང་། མིང་རྒྱལ་རབས་སྐབས་སུ་རིགས་རྒྱུད་བར་གྱི་འཐབ་རྩོད་ཉིན་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་བཙན་རྫོང་ཡང་ཇེ་མང་དུ་སོང་། ཆིང་རྒྱལ་རབས་སྐབས་སུ་སྡེ་བའི་ནང་དུ་དཔའ་ངར་ཞུམ་མེད་ཀྱིས་དགྲ་འགོག་དཔའ་བོ་ཞིག་བྱུང་། ཁོས་ཧེ་མའོ་སྡེ་བའི་མི་ཁྲིད་དེ་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོ་བཀག རྗེས་རབས་ཀྱི་མི་རྣམས་ཀྱིས་ཁོའི་གུས་མིང་ལ་ཧེ་ཧུའུ་དམག་དཔོན་ཟེར་ཞིང་། གྲོང་སྡེའི་མིང་ཡང་ཧེ་ཧུའུ་སྡེ་བ་རུ་སྒྱུར། ཁ་རྒྱུན་དུ་ཧེ་ཧུའུ་དམག་དཔོན་ཆིང་དམག་གིས་དུག་མདའ་ཕོག་ནས་སྐུ་གྲོངས། དེ་ནས་བཟུང་ཧེ་ཧུའུ་རུས་རྒྱུད་ཀྱི་བུད་མེད་རྣམས་ཚང་མས་མགོར་རས་དཀར་གྱོན་པ་དང་། སྐྱེས་པ་དར་མའི་མགོར་སྲིང་རས་སྔོ་ནག་གྱོན་པ། བུད་མེད་ཀྱིས་ཁོ་ལ་སྲི་ཞུ་དང་དྲན་སྐུལ་བྱེད་ཆེད་རས་དཀར་གྱོན་པའི་གོམས་གཤིས་དེ། ལོ་ངོ་བརྒྱ་ཕྲག་མང་པོ་འདས་ཀྱང་འགྱུར་མེད་པས། ཆའང་མི་འདི་དག་ལ་མགོ་དཀར་ཆའང་མི་ཡང་ཟེར། 

 ཡུལ་སྐོར་གྱི་ལམ་ཕྱོགས།  

ཁྲེན་ཏུའུ(སྤྱི་ལེ171)→མའོ་རྫོང་རྫོང་ཐོག(སྤྱི་ལེ28)→ཧེ་ཧུའུ་ཡུལ་ཚོའི་སྲིད་གཞུང་གནས་ས(སྤྱི་ལེ3)→རྒོད་མཆུ་ཧོ་སྡེ་བ།


  • 顶 0