
ཉེ་ཆར། “དཔེ་ཀློག་ལ་དགའ་བའི་དམག་སྒར་གྱིས། དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་སྒྲུབ་རོགས་བྱེད”ཅེས་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གཉིས་པའི“དུས་རབས་གསར་པ་ལྟ་ཀློག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམག་སྒར་དུ་སྤེལ་བའི་རྩོམ་བསྡུའི་བྱེད་སྒོ་དེ་བོད་སྡོད་དཔུང་སྡེ་ཞིག་ཏུ་སྤེལ་བ་རེད། བྱེད་སྒོར་དཔེ་དེབ་ཞལ་འདེབས་བརྒྱབ་ནས་དཔེ་ཀློག་ལ་དགའ་བའི་དམག་སྒར་སྐྲུན་པ་དང་བཞུགས་མོལ་དང་སྤེལ་རེས་སོགས་བྱས་པ་བརྒྱུད་དཔུང་སྡེའི་དཔོན་དམག་གིས་གསུང་རབ་ལྟ་ཀློག་ལ་ཁྲིད་སྟོན་བྱས་པས་དམག་སྒར་དུ་དཔེ་ཀློག་དང་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་རེད། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
འཕྲིན་སྟེགས། weikangba