པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།

2016-01-08
0
  པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་བཀྲ་ཤིས་ལྷུན་པོ་བཏབ་ནས་ལོ་བརྒྱ་དང་བཅུ་དགུ་པ་མེ་སྟག་ལོར་ཡབ་འཚོ་བྱེད་ཚེ་རིང་དཔལ་འབྱོར་དང་་ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས་བལྟམས་ནས་ལོ་གཅིག་ལྷག་ཙམ་སོང་པའི་ཚེ་ཡབ་མྱོས་གྱུར་གྱི་གདོན་གྱིས་མྱོས་ནས་དུང་ལྷ་ནང་པའི་དཔོན་པོ་རྒན་པ་དམར་གསོད་བྱས་པའི་ཁྲག་གིས་བགོས་པའི་ལག་པས་བུ་ཆུང་པང་དུ་བླངས་པས་གྲིབ་ཀྱིས་ལྔ་བའི་ལམ་ལ་རྟེན་དེ་ནས་སླར་ཡང་རབ་བྱུང་བཅུ་པའི་ལྕགས་རྟ་༼སྤྱི་ལོ་༡༥༧༠༽ལོར་༼གོང་མ་ཏཱ་མིང་བཅུ་གསུམ་པ་ཧང་ཏི་ཁྲི་ལོ་བཞི་པའི་དུས་༽ལྷན་དྲུག་བརྒྱ་པའི་སྤེའུ་ཞེས་པར་ཡབ་ཀུན་དགའ་འོད་ཟེར་དང་སྔར་གྱི་ཡུམ་དེ་གཉིས་ཀྱི་སྲས་སུ་འཁྲུངས་མཚན་ཆོས་རྒྱལ་དཔལ་ལྡན་བཟང་པོ་ཞེས་བཏགས་རུས་ཨིམ་ཆི་ཡིན་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་བློ་བཟང་དོན་གྲུབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་དགུང་ལོ་བཅུ་གསུམ་ལོར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་དགུང་ལོ་བཅུ་བཞི་པར་དབེན་དགོན་གྱི་ཁྲི་པ་མཛད་དགུང་ལོ་བཅུ་བདུན་པར་བཀྲ་ཤིས་ལྷུན་པོར་མཚན་ཉིད་སློབ་གཉེར་ལ་ཕེབས་དགུང་ལོ་ཉི་ཤུ་རྩ་གཉིས་པར་བླ་བྲང་རྒྱལ་མཚན་མཐོན་པོར་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་བཞི་པ་དམ་ཆོས་ཡར་འཕེལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་རབ་བྱུང་བཅུ་བའི་ས་ཁྱི་༼སྤྱི་ལོ་༡༥༩༨༽ལོའི་ལྔ་མཆོད་ཆེན་མོའི་ཉིན་གངས་ཅན་ཆོས་འཕེལ་གྱི་ཁྲིར་ཕེབས་བཀྲ་ཤིས་ལྷུན་པོའི་སྤྱི་སོ་ནས་ཁྲི་ཐོག་དུ་ཕེབས་དགོས་ཞུས་པ་ལྟར་ལྕགས་གླང་༼སྤྱི་ལོ་༡༦༠༡༽ལོ་དགུང་ལོ་སོ་གཅིག་བཞེས་པའི་ཚེ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས་ཤིང་སྟག་༼སྤྱི་ལོ་༡༦༡༤༽ལོར་རྒྱལ་དབང་ཡོན་ཏན་རྒྱ་མཚོའི་ཡོངས་འཛིན་མཛད་ཆུ་གླང་༼སྤྱི་ལོ་༡༦༡༣༽ལོ་ནས་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུ་ལོ་དྲུག་མཛད་མེ་སྦྲུལ་༼སྤྱི་ལོ་༡༦༡༧༽ལོ་ནས་བཟུང་སེ་འབྲས་གཉིས་ཀྱི་མཁན་པོ་ལོ་ལྔ་རེ་མཛད་རབ་བྱུང་བཅུ་པའི་ལྕགས་སྦྲེལ་༼སྤྱི་ལོ་༡༦༢༠༽ལོར་ལྕགས་པོ་རིའི་མཚམས་སུ་བོད་སོག་གི་དམག་རྣམས་ཕན་ཚུན་མེ་མདའ་དང་ཉག་ཕྲན་གྱི་ཆར་འབེབས་པའི་དུས་སུ་པཎ་ཆེན་རིན་པོ་ཆེ་ཉིད་སྐུ་མཚམས་ནས་ཧར་འདོན་མཛད་དེ་དངོས་པོ་ཚན་ཚན་པོ་དང་བཅས་ཆིངས་ཞུ་ནན་ཏན་ཆེན་པོ་མཛད་པས་དམག་མཚམས་ཆོད་དེ་དམག་མི་འབུམ་དུ་ཉེ་བ་གཅེས་པའི་སྲོག་ལས་སྐྱབས་པར་མཛད་དེ་ནས་གཙང་སོག་གཉིས་ཀས་ཆིངས་ཞུའི་དངོས་པོ་རྣམས་སླར་ལྷ་ས་སྤྱི་མཆོད་ཀྱི་ཕྱིར་ཕུལ་ཆུ་ཁྱི་༼སྤྱི་ལོ་༡༦༢༢༽ལཕར་རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་མཛད་ཤིང་གླང་༼སྤྱི་ལོ་༡༦༢༥༽ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པའི་རབ་བྱུང་མཁན་པོ་མཛད་རབ་བྱུང་བཅུ་གཅིག་པའི་ས་སྟག་༼སྤྱི་ལོ་༡༦༣༨༽ལོར་རྒྱལ་དབང་བློ་བཟང་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ་ཆུ་རྟ་༼སྤྱི་ལོ་༡༦༤༢༽ལོ་ནས་བཟུང་ཞ་ལུ་དགོན་གྱི་མཁན་པོ་ལོ་ཉི་ཤུ་མཛད་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲེལ་༼སྤྱི་ལོ་༡༦༤༤༽ལོར་སེ་ཆེན་ཆོས་རྗེ་མེས་རྒྱལ་དུ་ཆེད་གཏོང་མཛད་ནས་ཆིང་གོང་མ་ཤུན་ཊི་དང་་དགེ་ལུགས་པའི་བར་གྱི་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་ཆགས་སེ་ཆེན་ཆོས་རྗེའི་ཐོག་བསྩལ་བའི་ཡིག་དོན་སོག་སྐད་ཀྱི་ཐོག་ལ་པཎ་ཆེན་རིན་པོ་ཆེར་བླ་ན་མེད་པ་ཞེས་པའི་མཚན་དང་་ད་ནས་བཟུང་བཀྲ་ཤིས་ལྷུན་པོ་དགོན་པའི་བདག་པོ་དང་་རྗེས་སུ་པཎ་ཆེན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་དགོས་པ་སོགས་ཀྱི་བཀའ་ཡང་ཡོད་ད་དུང་འདི་སྐབས་རྒྱ་ནག་རྒྱལ་པོའི་གསེར་ཡིག་པ་ཐང་སྐྱ་བླ་མ་སོགས་དཔོན་གཡོག་མང་པོ་རྒྱལ་པོའི་ཐམ་ག་སྐྱེད་དང་བཅས་པ་འབྱོར་ཁོང་རྣམས་ཀྱིས་མཎྜལ་རྟེན་གསུམ་ཡང་ཕུལ་དེར་སྐྱ་སེར་གཙོ་ཆེ་བ་འགའ་ཞིག་གི་ཡི་གེ་རྟེན་བཅས་བྱུང་བའི་འཕྲོད་ལན་དང་་ཁོང་རྣམས་ཆོས་དང་ཟང་ཟིང་གིས་ཚིམས་པར་བྱས་ཏེ་བརྫངས་ཞེས་རང་རྣམ་ཤོག་གྲངས་༡༨༧ནང་གསལ་མདོར་ན་པཎ་ཆེན་སྐུ་ཕྲེང་བཞི་པ་འདི་ཉིད་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱིས་གཙུག་ཏུ་བཀུར་ཞིང་་ལྷག་པར་དགའ་ལྡན་པ་རྣམས་ཀྱིས་རྗེ་ཙོང་ཁ་པ་དང་འདྲ་བར་གཙིགས་སུ་ཆེ་མདོ་སྔགས་རབ་འབྱམས་ལ་ཤིན་ཏུ་མཁས་པར་གྱུར་བརྩམས་ཆོས་ཀྱང་གསང་འདུས་རིམ་ལྔའི་ཊིཀྐ་དང་་བླ་མཆོད་ཕྱག་ཆེན་རྩ་འགྲེལ་སོགས་པོད་ལྔ་ཡོད་དགུང་ལོ་སོ་གཅིག་པ་ནས་དགུང་ལོ་དགུ་བཅུ་གོ་གསུམ་བར་ལོ་དྲུག་ཅུ་རེ་གཉིས་བཀྲ་ཤིས་ལྷུན་པོའི་གདན་ས་བསྐྱངས་གོས་སྐུ་སྤེལ་རྒྱ་ཇེ་ཆེར་བཏང་སྟེ་དེར་འགྲེམ་བྱེད་དུས་གསུམ་སངས་རྒྱས་ཀྱི་གོས་སྐུ་སྲིད་འདིར་འགྲན་ཟླ་དང་བྲལ་བ་བཞེངས་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་༼སྤྱི་ལོ་༡༦༦༢༽ལོའི་ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ཉིན་བཀའ་གདམས་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་སྐུ་གདུང་རིལ་པོ་ནས་བཞུགས་ཀྱི་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་ད་ལྟའང་བཞུགས། །
  • 顶 0