ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲེང་ཏུའུ་ཡི་སློབ་གྲྭ་ཆེན་མོའི་ལུས་རྩལ་འགྲན་ཚོགས་ཚེས23ཉིན་མགོ་ཚུགས་མཛད་སྒོ་ནང་སྦྱོང་བྱེད་བཞིན་ཡོད། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་བསླེབ་ལ་ཉེ་བའི་མཚམས་སུ། རྒྱལ་ཁབ་དང་ས་ཁུལ་སོ་སོའི་འཐུས་མི་ཚོགས་པ་རིམ་བཞིན་སློབ་གྲྭ་ཆེན་མོའི་ལུས་རྩལ་གྲོང་ཚོར་འབྱོར་ཡོད།
ཁྲེང་ཏུའུ་ཡི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་ནང་སྦྱོང་བྱས། ཐེངས་འདིའི་ནང་སྦྱོང་དེ་དེའི་གོང་གི་ནང་སྦྱོང་གི་རྨང་གཞིའི་སྟེང་ལས་སྒོ་ཁག་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། གོ་རིམ་སོ་སོ་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་འཐུས་ཚང་དུ་གཏོང་བ། མུ་མཐུད་ནས་མགོ་ཚུགས་མཛད་སྒོའི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་དང་བློས་འགེལ་ཆོག་པའི་རང་བཞིན་ལ་བརྟག་བཤེར་བྱས་ཡོད།
ཚེས24ཉིན་ནི་སློབ་ཆེན་སློབ་མའི་ལུས་རྩལ་གྲོང་ཚོ་སྒོ་འབྱེད་པའི་ཉིན་གསུམ་པ་དེ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་ཕེབས་པའི་འཐུས་མི་ཚོགས་པའི་ཁོངས་མི་ཡང་རིམ་བཞིན་སློབ་ཆེན་སློབ་མའི་གྲོང་ཚོར་འབྱོར་ཡོད། ཁྲེང་ཏུའུ་འགག་སྒོ་དང་སློབ་ཆེན་སློབ་མའི་གྲོང་ཚོའི་ཐོ་འགོད་ལྟེ་གནས་གཙོ་བོའི་གཞི་གྲངས་ལྟར་ན། ཚེས23ཉིན་གྱི་ཆུ་ཚོད23བར་སླེབས་དུས། ཕྱི་རྒྱལ་གྱི་འཐུས་མི་ཚོགས་པ་སོ་སོ33ཁྲེང་ཏུའུ་རུ་འབྱོར་ཡོད། འབྱོར་ཟིན་པའི་འཐུས་མི་ཚོགས་པ་ནི་རྒྱལ་ཁབ་དང་ས་ཁུལ23ནས་ཕེབས་པ་རེད། འཐུས་མི་ཚོགས་པའི་ཁོངས་མི་སྐོར་ཞིག་ནི་ཀྲུང་གོར་སླེབས་ཐེངས་ཐོག་མ་ཡིན།
ལུས་རྩལ་པ་དང་འཐུས་མི་ཚོགས་པ་དང་མཉམ་དུ་ཕེབས་པའི་དཔོན་རིགས་ཀྱིས་མགོ་ཚུགས་གྲབས་ཡོད་པའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལ་རེ་སྒུག་ཆེན་མོ་བྱེད་བཞིན་ཡོད། པ་ཙིར་འཐུས་མི་ཚོགས་པའི་ཁོངས་མི་ཏི་ཙི་ཉིས། ཕྱོགས་གཅིག་ནས་པ་ཙིར་གྱི་ལུས་རྩལ་པར་གཡུར་ཟའི་འབྲས་བུ་ཐོབ་པའི་རེ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་ཁྲེང་ཏུའུ་ཡི་འཚོ་བར་མྱོང་རོལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།