ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རིག་གནས་གསར་པའི་འགན་ཡག་མོ་འཁུར་ཐུབ་པ་དང་། རིག་གནས་ཀྱི་ཡིད་ཆེས་བརྟན་པོ། སྒོ་འབྱེད་དང་གུ་ཡངས་བྱེད་པ། དྲང་བདེན་དང་གསར་གཏོད་རྒྱུན་འཁྱོངས་བྱེད་ཅིང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་བྱེད་པའི་གསོན་ཤུགས་ཇེ་ཆེར་བཏང་ནས། ལོ་རྒྱུས་ཀྱི་འགོ་ཚུགས་གསར་པའི་ཐོག་ཏུ་མུ་མཐུད་དེ་རིག་གནས་དར་རྒྱས་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་།ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པ།རྒྱུན་ཆད་མེད་པར་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དཔྱད་གཞི་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བར་སྙིང་སྟོབས་ཆེན་པོ་སྩོལ་དགོས།
——༢༠༢༣ལོ་ཟླ་༦པ་ཚེས་༧ཉིན། ཞི་ཅིན་ཕིང་གིས་སྐབས་དང་པོའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་མཐོ་རིམ་གླེང་སྟེགས་ལ་ཕུལ་བའི་ཤིས་འཕྲིན་ལས།
འཕྲིན་སྟེགས། weikangba