
ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིནཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིནཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ5པར། ང་ཚོས་ཞི་ཨན་ནས་ཕན་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་གནང་ལ། ཀྲུང་ཅི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་མང་པོ་ཆགས་ཡོད། ལོ་གཅིག་གི་རིང་། ཐུན་མོང་ངོས་འཛིན་འདི་དག་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས་ཏེ། ཀྲུང་ཅི་མཉམ་ལས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་གཏན་འཇགས་འཕེལ་རྒྱས་ཀྱི་ཅི་ཨར་ཅི་སི་སི་ཐན་ཞིག་མཐོང་བར་དགའ་སྤྲོ་སྐྱེས་ཡོད་ལ། སྔོན་མ་བཞིན་ཅི་ཨར་ཅི་སི་སི་ཐན་གྱིས་རྒྱལ་ཁབ་སྒེར་ཚུགས་དང་རང་བདག མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཅི་ཨར་ཅི་སི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཅི་ཨར་ཅི་སི་སི་ཐན་དང་མཉམདུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དུ་བཏང་ནས། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་རྒྱ་བསྐྱེད་དུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་དང་ཀྲུང་ཅི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་གསར་སྐྲུན་བསམ་བློ་རྒྱ་བསྐྱེད་དེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིིག་མཉམ་སྐྲུན་མཉམ་ལས་མུ་མཐུད་དུ་གཏིང་ཟབ་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་དེ། མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་རྒྱ་བསྐྱེད་དུ་གཏོང་འདོད་ཡོད། ཀྲུང་གོས་ཅི་ཨར་ཅི་སི་སི་ཐན་གྱི་སྤུས་ལེགས་ལྗང་མདོག་ཞིང་ལས་ཐོན་རྫས་ནང་འདྲེན་བྱས་ཏེ། ཀྲུང་གོའི་དངུལ་གཏོང་ཁེ་ལས་མང་པོ་ཅི་ཨར་ཅི་སི་སི་ཐན་དུ་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས། ནུས་ཁུངས་གསར་བའི་རླངས་འཁོར་དང་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣོན་པ་དང་། ཀྲུང་ཅི་ཝུའུ་ཡི་ལྕགས་ལམ་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཅི་ཨར་ཅི་སི་སི་ཐན་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་དང་ཀྲུང་གོ་རིག་གནས་ལྟེ་གནས། ལུའུ་པན་བཟོ་ཁང་སོགས་ཀྱི་སྟེགས་བུའི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྔར་ལས་མང་བའི་ཀྲུང་ཅི་མཛའ་མཐུན་མཉམ་ལས་ཀྱི་རྗེས་འཇུག་པ་གསོ་སྐྱོང་བྱེད་དགོས། ཀྲུང་གོས་ཅི་ཨར་ཅི་སི་སི་ཐན་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་ཀྲུང་གོ་དང་ཀྲུང་ཡ་ལམ་སྲོལ་ཇེ་ལེགས་དང་ཇེ་སྟོབས་སུ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱོགས་སོ་སོའི་ཐུན་མོང་ཁེ་ཕན་དང་མཐུན་པའི་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་ཁག་ཐེག་བྱེད་འདོད་ཡོད།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་ལ་ཐུག་འཕྲད་གནང་།
ཀྲ་ཕ་ལའོ་ཧྥུའུ་ཡིས་བསྟན་དོན། ན་ནིང་གི་ཟླ5པའི་ཀྲུང་གོའི་འཚམས་འདྲི་དེ་ད་རུང་ངའི་སེམས་སུ་གསལ་བོར་འཆར་ཡོང་ལ། ཐེངས་དེའི་འཚམས་འདྲིས་ཅི་ཀྲུང་འབྲེལ་བའི་དུས་རབས་གསར་པའི་མགོ་བརྩམས་ཡོད། མིག་སྔར། ཅི་ཀྲུང་ཆབ་སྲིད་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོས་འབྲེལ་འདྲིས་དམ་ཟབ་བྱས་ལ། ས་གནས་ཀྱི་བརྗེ་རེས་མཉམ་ལས་དར་རྒྱས་གོང་འཕེལ་དུ་སོང་ཡོད་པ་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་བརྟན་འཇགས་ཀྱིས་གོང་དུ་འཕར་ཡོད། འཛམ་གླིང་གི་ལོ་བརྒྱའི་ཟང་ཟིང་འགྱུར་ལྡོག་ལ་ཁ་གཏད་དེ། ཅི་ཀྲུང་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་ལ། རྒྱལ་ཁབ་གཉིས་ཀྱི་བར་དུ་ཆབ་སྲིད་ཀྱི་འགལ་བ་དང་མཉམ་ལས་ཀྱི་གེགས་རྐྱེན་ཅི་ཡང་མེད། ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། སྔར་ལས་མང་པའི་ཀྲུང་གོའི་ཁེ་ལས་ཅི་ཨར་ཅི་སི་སི་ཐན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་ཅི་ཝུའུ་ཡི་ལྕགས་ལམ་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་མཐུན་སྦྱོར་རོགས་ལས་དམ་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས།
འཕྲིན་སྟེགས། weikangba