སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ཕྱོགས་བསྡོམས་གཏིང་ཟབ་གནང་ནས། དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཚོགས་ཞུགས་འཐུས་མིའི་ཁྲོད་ལན་ཆ་ཆེ་པོ་བྱུང་བ་དང་། ཚང་མས་ངེས་པར་དུ་ཁ་ཚ་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཚན་རྩལ་འགྲན་རྩོད་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་བཙན་བཟུང་བཅས་བྱས་ཏེ་རིག་གཞུང་དོན་གཉེར་དེ་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་ཆེན་ནང་རང་རྟོགས་ཀྱིས་འདྲེས་ནས། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།
ཚན་རྩལ་དར་ན་མི་རིགས་དརབ་དང་། ཚན་རྩལ་སྟོབས་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རྩལ་དེང་རབས་ཅན་གྱིས་འདེགས་སྐྱོར་བྱེད་དགོས། སྤུས་མཐོའི་གོང་འཕེལ་མངོན་འགྱུར་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱེད་དགོས། ངེས་པར་དུ་ཚན་རྩལ་གྱི་འཐབ་ཇུས་ཁྲིད་སྟོན་གྱི་གནས་བབ་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ། 2035ལོར་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་དང་། རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་བྱ་དགོས་ཞེས་བསྟན།
2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་ཝུའུ་ཧན་སློབ་ཆེན་གྱི་ཡོའན་ཧྲི་ལི་ཏེ་རེན་གྱིས། དེང་གི་དུས་རབས་སུ་ཚན་རྩལ་ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྩ་བ་ཡིན་པས་ང་ཚོས་ཀྲུང་གོའི་ཚན་རྩལ་ཡར་རྒྱས་སུ་གཏོང་དགོས། རྒྱལ་ཁབ་ཀྱིས་འདི་ལྟ་བུའི་མཚན་སྙན་མཐོན་པོ་ང་ཚོར་གནང་བ་དང་། ང་ཚོས་སྔར་ལས་ལྷག་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འབོར་ཆེན་གསར་སྐྲུན་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་རྒྱལ་ཁབ་ཡུན་རིང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ཐག་གཅོད་བྱེད་པ། ཀྲུང་གོ་འདི་ཉིད་འཛམ་གླིང་ཚན་རིག་གི་མདུན་གྲལ་དུ་བསྐྱོད་ཐུབ་པ་བཅས་ཀྱི་ཆེད་དུ་ཀྲུང་གོ་བས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བཤད།
2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་ཆིང་ཧྭ་སློབ་ཆེན་གྱི་ཡོའན་ཧྲི་ཞུའེ་ཆི་ཁུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཚན་རྩལ་ལག་རྩལ་འདི་བཞིན་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གལ་ཆེན་ཐོག་བཞག་ཡོད། འཛམ་གླིང་གི་ཚན་རིག་འཕེལ་རྒྱས་འགྲོ་བ་དང་། ང་ཚོ་ཀྲུང་གོའི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཚན་རྩལ་རང་ཚུགས་རང་འབད་ཀྱི་མདུན་དུ་ངས་ཐེངས་འདིའི་བྱ་དགའ་ཐོབ་པ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། སྤོབས་སེམས་ཀྱིས་ཕྱུག་པའི་སྒོ་ནས་མུ་མཐུད་ལས་ཀར་ཧུར་ཐག་བྱས་ཏེ་ང་ཚོའི་མི་རབས་འདིས་འཁུར་དགོས་པའི་འགན་འཁྲི་འཁུར་རྒྱུ་ཡིན་ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་བབ་གསར་པའི་འོག་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་མྱུར་བྱེད་པའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་གནམ་དཔྱད་རིག་པ་བ་ཕུའུ་སུང་པིན་གྱིས། མིག་སྔའི་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འཐབ་ཇུས་དང་འགྲན་རྩོད་ཀྱི་མདུན་དུ་ཚན་རྩལ་ལས་དོན་པས་སེམས་ལྷོད་ལ་ཕབ་པ་དང་། དམིག་ཡུལ་གཅིག་ལ་བརྩོན་པ་ལྷུར་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཚན་རིག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་དང་མིའི་རིགས་ཀྱི་འབྱུང་འགྱུར་ལ་ལེགས་སྐྱེས་འབུལ་དགོས་ཞེས་བཤད།
ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་རྩི་ཤིང་སྐྱེ་ཁམས་རིག་པ་བ་ཁོང་ཐིང་ཡུན་གྱིས། ཏང་དང་རྒྱལ་ཁབ་ཀྱིས་ལོ་མང་རིང་གསོ་སྐྱོང་བྱས་པ་ལས་ཚན་རིག་དང་ལག་རྩལ་འཕེལ་རྒྱས་ཕྱིན་པ་དེས། ང་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་མཐོང་བྱུང་བས། ང་ཚོས་ངེས་པར་དུ་ཚན་རིག་ལག་རྩལ་གོང་དུ་འཕེལ་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་སྟེགས་བུ་སྣ་ཚོགས་གཅིག་འགྱུར་འཆར་འགོད་འཛུགས་སྐྲུན་བྱས་ཏེ་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེན་ནན་སྟོན་གནང་།
ཤིས་ཨན་བཟོ་བཀོད་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་ཀྲའོ་ཞང་མོའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་བཏོན་པའི“ཁོ་ན་བཞི་འགག་གཏོར་”དང‘ཚད་གཞི་གསར་པ་འཛུགས་པ’ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས”ཞེས་པར་བག་ཆགས་ཟབ་མོ་བྱུང་ཡོད་དེ། ཁོང་གིས། ལྷག་པར་དུ་རྒྱ་ཆེའི་ཚན་རྩལ་ལས་དོན་པར་དོ་ཁུར་དང་བརྩེ་བ་ཟབ་མོ་གནང་ལུགས་ཚང་མ་སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་ནང་མངོན། སྤྱི་ཁྱབ་ཧྲུའུ་ཅིས་ཆེད་མངགས་“ཁོ་ན་བཞི་འགག་གཏོར་”ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་བས། དེ་ཚོ་ཚང་མ་ནི་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་བྱེད་བཞིན་པའི་ང་ཚོ་ཚན་རྩལ་ལས་དོན་པ་ཚང་མའི་ངོས་ནས་བཤད་ན་ཧ་ཅང་རེ་སྒུག་ཆེ་པའི་གནད་འགག་ཅིག་རེད་ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སློབ་གསོ་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་སློབ་མཐུན་སྦྱོར་གྱིས་མི་སྣ་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཞི་ཁྱོན་ཆེ་བ་དང་གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་མགྱོགས་མྱུར་གསོ་སྐྱོང་བྱེད་དགོས། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུན་པའོ་ཏེ་ཡི་བློ་སྒོ་རབ་ཏུ་ཕྱེ་ཡོད་པ་དང་། ཁོང་གིས། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གཉིས་གཅིག་རམ་གཅིག་འདེགས་ཡིན་པ་དང་། ང་ཚོའི་སློབ་ཆེན་གྱིས་སྟབས་བདེའི་ངང་སློབ་ཁྲིད་ལ་བརྟེན་ནས་ཤེས་བྱ་སློབ་ཀྱི་མེད་པར་། སློབ་མ་ཚོ་ཚན་ཞིབ་གསར་གཏོད་ཀྱི་བྱེད་སྒོའི་ནང་དངོས་སུ་ཞུགས་པ་བརྒྱུད། ཁོང་ཚོའི་གསར་གཏོད་ནུས་པ་ཆེ་རུ་གཏོང་གི་ཡོད་ཅེས་གསུངས།
ཚན་རྩལ་ཡར་ཐོན་ནི་འཛམ་གླིང་རང་བཞིན་དང་དུས་རབས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། སྒོ་འབྱེད་མཉམ་ལས་ནི་ཡང་དག་པའི་ལམ་བུ་ཉག་ཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། སྒོ་དབྱེ་མཉམ་ལས་ཁྲོད་རང་ཚུགས་རང་འབད་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 2023ལོའི་ལོ་འཁོར་གྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་ཐོབ་མཁན་ཕྱི་རྒྱལ་གྱི་ཆེད་མཁས་པ་གཡོད་ཧན·ཨའེ་ཏེ་ཧྭ·ཧོ་ཕུའུ་ཁེ་ལུའོ་ཧྥུ་ཐེ་ཡིས། ངས་བསྒྲུབས་པའི་བྱ་བ་ཚང་མར་ཀྲུང་གོས་ཁས་ལེན་གནང་བ་མ་ཟད་གཟི་བརྗིད་ཀྱང་གནང་བྱུང་བས། ང་རང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཚན་རིག་ཁྱབ་ཁོངས་མང་པོའི་ནང་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་ཡོད་པས། ཚན་རྩལ་གྱི་སྟོབས་ཤུགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ཅེས་བཤད།
2023ལོའི་ལོ་འཁོར་གྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ་མཁན་ཕྱི་རྒྱལ་གྱི་ཆེད་མཁས་པ་ཕེ་ཏེ་ལེ་ཡིས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནན་ཏན་ངང་ཉན་པ་ཡིན། ངས་བལྟས་ན་ཁོང་གིས་ཚན་རིག་པ་ཚང་མར་བཅངས་པའི་རེ་བ་གསལ་པ་མ་ཟད། ང་ཚོས་ཚན་རིག་པའི་སྙིང་སྟོབས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱས་ནས། མིའི་རིགས་ཡོངས་ལ་ཕན་ཁེ་ཐོབ་རྒྱུའི་རེ་བ་གནང་གི་འདུག་ཅེས་བཤད།
འཕྲིན་སྟེགས། weikangba