ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ལི་ཐའེ་གྲོང་ཁྱེར་སར་ཧུའུ་སུང་ཤང་སན་ཏེ་ཁེ་ཁུའུ་མུའུ་གྲོང་ཚོར་ཕར་རྒྱུག་ཚུར་རྒྱུག་བྱེད་པའི“རོལ་ཆའི་དྲིལ་བསྒྲགས་རུ་ཁག”ཅིག་ཡོད། རུ་མི་ཚོས་རོལ་ཆ་དཀྲོལ་ནས་གླུ་གཞས་གཏོང་ཞོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མང་ཚོགས་ཀྱི་ཁྱིམ་དུ་དྲིལ་བསྒྲགས་བྱེད་ཀྱི་ཡོད། “སྒྲོག་འགྲེལ་བྱེད་སྟངས་དེ་ང་ཚོས་གོ་ཐུབ་ལ་ཉན་རྒྱུར་ཡང་དགའ་པོ་ཡོད”ཅེས་ཡུལ་མི་ཞ་དབྱི་མར་ཏན·མུ་ཧྲ་ཡིས་མཐེ་བོང་སྒྲེང་བཞིན་དུ་བཤད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་ནས་བཟུང་། ཤིན་ཅང་གིས་མང་ཚོགས་ཁག་བགོས་པ་དང་། དམིགས་ས་དབྱེ་བ། ཕན་ཚུན་མཉམ་འགུལ་བཅས་ཀྱི་སྒྲོག་འགྲེལ་བྱེད་སྟངས་སྣ་ཚོགས་རྒྱ་ཁྱབ་ཏུ་སྤེལ་ཞིང་། ཤིན་ཅང་གི་རི་བོ་ཐེན་ཧྲན་ལྷོ་བྱང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་སྒྲོག་འགྲེལ་དཔུང་ཁག་གྲོང་གསེབ་དང་གཞི་རིམ་དུ་བསྐྱོད་དེ་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མི་འདྲ་བའི་སྒྲོག་འགྲེལ་བྱེད་སྟངས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ཡོད།
ཨ་ཝ་ཐི་རྫོང་ཨ་ཝ་ཐི་གྲོང་རྡལ་དུ་སྒྲོག་འགྲེལ་པས་ཡུལ་མི་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལོ་འདི་དག་རིང་གྲོང་ཚོའི་མི་རྣམས་དགའ་འོས་པའི་འཕོ་འགྱུར་སྐོར་གླེང་བ་སྟེ། ཁུར་ལེ་གྲོང་ཁྱེར་གྱི་ཧོ་ཧྲེ་ལི་ཁེ་ཤང་དུ་སྒྲོག་འགྲེལ་པས་སྨྱུག་རོལ་མགྱོགས་གཏམ་འཁྲབ་པར་ཡུལ་མི་ཚོའི་བསྔགས་བརྗོད་བསྟུད་མར་ཐོབ་པ་དང་། དབྱི་ཝུའུ་རྫོང་ཆན་ཧྲན་ཤང་དུ“རྟ་ཐོག་སྒྲོག་འགྲེལ་རུ་ཁག”འབྲོག་ཁུལ་དུ་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐག་རིང་ཁྱིམ་ཚང་ཞིག་ལ་སྒྲོག་འགྲེལ་བྱས་ཡོད།
གྲོང་ཚོའི“རྒྱང་བསྒྲགས”ཀྱིས་ཀྱང་ནུས་པ་ཆེན་པོ་ཐོན་ཡོད་པ་སྟེ། ཁོ་ཕིང་རྫོང་ཁོ་ཕིང་གྲོང་རྡལ་དུ་གྲོང་ཚོའི་ལས་བྱེད་པས་ཉིན་ལྟར“རྒྱང་བསྒྲགས”ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་ཅིང་། ཡུལ་མི་མེར་ཧ་པ·ཨའེ་མའེ་ཐིས“ཞིང་ནང་དུ་ལས་ཀ་བྱེད་པའི་སྐབས་སུའང་ཏང་གི་དམངས་ཕན་སྲིད་ཇུས་ལ་འགྲེལ་བཤད་གསལ་པོ་རྒྱག་པ་རྣ་བར་ཐོས་ཀྱི་འདུག དེ་དག་ཉན་རྗེས་འཚོ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཚོར་སྣང་བྱུང”ཞེས་བཤད།
ཤིན་ཅང་གིས་དྲ་རྒྱའི་ལས་སྟེགས་གང་ལེགས་སྤྱད་དེ“དྲ་ཐོག་སྒྲོག་འགྲེལ”བྱས་ཏེ་དྲ་རྒྱའི་ཐད་གཏོང་དང་། བརྙན་ལམ་དྲ་སྦྲེལ། དྲ་ཐོག་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་དྲ་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཡོད།
ཟླ་11ཚེས་23ཉིན། ཡུ་གུར་རང་སྐྱོང་ལྗོངས་མཐོ་སློབ་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་སྒོ་ཐོག་མར་སྤེལ་བར་ལྗོངས་ཡོངས་ཀྱི་མཐོ་སློབ་40ཙམ་གྱི་དགེ་སློབ་5300ལྷག་ཙམ་དྲ་ཐོག་ནས་ཞུགས་ཤིང་། ཤིན་ཅང་སློབ་ཆེན་སྐྱེ་ཁམས་དང་ཁོར་ཡུག་སློབ་གླིང་གི་སློབ་མ་ཀྲང་ཆི་ཡིས“སྒྲོག་འགྲེལ་ཉན་རྗེས་ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ནང་དོན་དང་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལོན་སོང་། དུས་རབས་གསར་པའི་སློབ་ཆེན་གྱི་སློབ་མ་ཞིག་གི་ངོས་ནས་ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་དུས་རབས་གསར་པར་རྒྱུགས་ལན་འབུལ་མཁན་ཕུལ་བྱུང་ཞིག་བྱེད་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
མིག་སྔའི་བར། ཤིན་ཅང་གིས་སྒྲོག་འགྲེལ་སྣ་ཚོགས་ཁྲི་66.58སྒྲིག་འཛུགས་བྱས་ནས་སྤེལ་བར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་3556ལ་ཁྱབ་ཡོད་པ་རེད།
འཕྲིན་སྟེགས། weikangba