ཞི་ཅིན་ཕིང་གིས་བྷེ་ལ་རུ་སུའི་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ།

2023-03-03
377

ཚེས་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མཛད་སྒོ་སྤེལ་ནས། བྷེ་ལ་རུ་སིའི་ཙུང་ཐུང་ཡཱ་ལི་ཧྲན་ཏ་་ལུའུ་ཁཱ་ཧྲེན་ཁོ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་ཤིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཉེར་གཅིག་འཕངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་ཝང་དབྱི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལེ་ཧྥེང་སོགས་དགའ་བསུའི་མཛད་སྒོར་ཞུགས་པ་རེད།

ལུའུ་ཁཱ་ཧྲེན་ཁོ་དང་མཉམ་དུ་ཀྲུང་གོ་ལ་འཚམས་འདྲི་ཡོང་མཁན་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་དང་ཙུང་ལི་གཞོན་པ་དང་པོ། ཕྱི་འབྲེལ་པུའུ་ཡི་འགོ་འཛིན་སོགས་ཡོད།

དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་བྷེ་ལ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་།ཞི་ཅིན་ཕིང་གི་ཕེབས་རོགས་འོག ལུའུ་ཁཱ་ཧྲེན་ཁོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་རྣམ་འབྱེད་རུ་སྟར་ལ་གཟིགས་ཞིབ་གནང་བ་རེད། ལུའུ་ཁཱ་ཧྲེན་ཁོ་ནི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།

  • 顶 0