
ཟླ་བ་གསུམ་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་གནང་བ་རེད། ཁོང་གིས་ཏང་གི་སློབ་གྲྭའི་འགྱུར་མེད་རྟག་བརྟན་གྱི་ཐོག་མའི་དམ་བཅའ་ནི་ཏང་ལ་མཛངས་མི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་འདོན་ཇུས་འབུལ་བྱེད་པ་ཡིན་པས། རིམ་པ་ཁག་གི་ཏང་གི་སློབ་གྲྭས་ཐོག་མའི་དམ་བཅའ་འདི་བརྟན་སྲུང་དང་། ཧུར་སེམས་ཡར་བརྩོན། དཀའ་སྤྱད་བྱས་རྗེས་བཞག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་དང་། ཏིང་ཞུའེ་ཞང་རྣམ་གཉིས་གྲོས་ཚོགས་ནང་དུ་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་གྲོས་ཚོགས་འཚོགས་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། སྤྲོ་སེམས་ཁེངས་ཤིང་ཐལ་སྒྲ་སྙན་མོའི་ཁྲོད་ནས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཁོང་གིས། ལྟེ་གནས་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དེ། ཏང་གི་སློབ་གྲྭའི་བྱ་གཞག་ནང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་གོ་གནས་ཡིན་ལ། ཏང་གི་སློབ་གྲྭའི་ཐོག་མའི་དམ་བཅའ་ལག་བསྟར་བྱེད་པའི་དགོས་ངེས་བླང་བྱའང་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་འདུ་ཤེས་སློབ་གྲྭའི་འདུ་ཤེས་འཛིན་པ། ཏང་གི་འགན་འཁྲི་དེ་སློབ་གྲྭའི་འགན་འཁྲིར་འཛིན་པ། རང་རྟོགས་སྒོས་ཏང་གི་རླབས་ཆེན་བྱ་གཞག་གསར་པ་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞིའི་ཁྲོད་གོ་གནས་གནད་འཕིགས་བྱས་ནས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ལས་ཀའི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་དགོས། ངེས་པར་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་།ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གྲྭ་ཏང་ལ་དབང་བ་རྒྱུན་འཁྱོངས་བྱེད་པ། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཏང་ལ་ཞབས་ཞུ་སྒྲུབ་པའི་ཆབ་སྲིད་ལམ་ཕྱོགས་ལ་རང་རྟོགས་སྒོས་ཁས་ལེན་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ། ཏང་ནང་ཞུགས་དུས་ཏང་ལ་དགའ་བ་དང་། ཏང་ནང་ཞུགས་དུས་ཏང་གི་སྐོར་གླེང་བ། ཏང་ནང་ཞུགས་དུས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་ནང་ཞུགས་དུས་ཏང་གི་ཆེད་དུ་ཡིན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། འདུ་ཤེས་བཞི་ཇེ་དྲག་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་གཏོང་བ། སྲུང་སྐྱོང་གཉིས་ལེགས་བསྒྲུབས་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་བྱེད་དགོས། ངེས་པར་དུ་ཏང་གི་སློབ་གྲྭའི་ལས་ཀ་དང་ཏང་གི་ལྟེ་བའི་ལས་འགན་གཉིས་མཐུན་ས་དང་གཞི་ཚུགས་ས། རྐང་འཛིན་ས་ངོས་འཛིན་ཡང་དག་ཐུབ་པ་དང་། ཏང་གི་མཁོ་དགོས་དང་བསྟུན་ཞིང་རང་ཉིད་ཀྱི་ལེགས་ཆ་སྔོག་འདོན་བྱས་ནས། ཏང་ལ་ལས་བྱེད་གང་འདྲ་ཞིག་དགོས་ན་ཏང་གི་སློབ་གྲྭས་ལས་བྱེད་དེ་རིགས་གསོ་སྐྱོང་བྱེད་དགོས། ཏང་གིས་གནད་དོན་གལ་ཆེན་གང་ཞིག་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ན་ཏང་གི་སློབ་གྲྭས་དེའི་སྐོར་ལ་ཐབས་འདོན་ཇུས་འབུལ་གང་ཐུབ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་ཏང་གི་སློབ་གྲྭའི་ཐུན་མོང་མིན་པའི་རིན་ཐང་ཡིན་ལ། ཏང་གི་སློབ་གྲྭ་ནི་ལས་བྱེད་སློབ་གསོ་དང་གསབ་སྐྱོང་བྱེད་ས་གཙོ་བོ་ཡིན་པས། ངེས་པར་དུ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕོགས་པའི་སྲིད་འཛིན་འཇོན་མིའི་དཔུང་སྡེ་གསོ་སྐྱོང་ཐད་ལ་བྱས་རྗེས་འཇོག་པ་དང་། དུས་རབས་གསར་པའི་ལམ་སྟོན་པ་དང་བསླབ་བྱ་གནང་བ། རྨོངས་སེལ་ལས་ཀ་ཡག་པོ་སྒྲུབ་པ། མར་ཁེ་སི་རིང་ལུགས་ཀྱི་གནས་ལུགས་ཡག་མོ་སློབ་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལས་རིགས་འཕེལ་རྒྱས་ལ་ཁྲིད་སྟོན་ཡག་པོ་བྱས་ནས། རང་ངོས་ཀྱི་འཇིག་རྟེན་ལྟ་བ་དང་གཟུར་གནས་ཀྱི་འཇིག་རྟེན་གནས་ལུགས་བཅོས་སྒྱུར་གྱི་དོགས་པ་ཡག་པོ་སེལ་དགོས་པའི་ནན་གསུངས་གནང་།
ཞི་ཅིན་ཕིང་གིས། རིགས་གཞུང་ལ་སྒོམ་བྱང་ཆེ་བ་ནི་འགོ་ཁྲིད་ལས་བྱེད་ཀྱི་སྒོ་ཀུན་བྱང་ཚད་ཀྱི་རྩ་བ་ཡིན་ལ། རིགས་གཞུང་ཐད་ཀྱི་བྱང་ཚད་ནི་ཆབ་སྲིད་བྱང་ཚད་ཀྱི་རྨང་གཞི་ཡིན། ཆབ་སྲིད་ལངས་ཕྱོགས་བརྟན་པོ་དེ་རིགས་གཞུང་ཐད་བློ་རིག་གསལ་པོ་ལས་བྱུང་བ་རེད། དེ་བས་འགོ་ཁྲིད་ལས་བྱེད་ལ་ཆ་བཞག་ན། དོན་ཀུན་འགྲུབ་བྱེད་མར་ཁེ་སི་རིང་ལུགས་བློས་བརྟན་པོ་འཛིན་ཐུབ་ན།ཆབ་སྲིད་ལངས་ཕྱོགས་དེ་ལས་བརྟན་ཞིང་མཐོ་ལ། ཆབ་སྲིད་ཐོག་བརྡར་ཤ་གཅོད་པའི་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་ལེན་ནུས་པ་ཡང་དེ་བཞིན་ཇེ་ཆེ་ཡིན་ཞིང་། སྐབས་དོན་གནས་ཚུལ་ལ་ལྟ་ཞིབ་དང་འཕེལ་རྒྱས་ཇུས་འགོད། ཉེན་ཁ་འགོག་སེལ་ཐད་ལ་དེ་བས་རང་རྟོགས་ཀྱི་ནུས་པ་ཇེ་ཆེ་ཡིན་པས། ཏང་གི་སློབ་གྲྭས་མུ་མཐུད་དུ་མར་ཁེ་སི་རིགས་གཞུང་སློབ་གསོ་དང་གསབ་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་པ་བེད་ཡག་པོ་སྤྱད་དེ་བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཏང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ནས་བློ་སེམས་གཅིག་ཏུ་བསྒྲིལ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་འགོ་ཁྲིད་ལས་བྱེད་ཀྱི་ཏང་གཤིས་བཙོ་སྦྱོང་བྱེད་ས་གཙོ་བོ་ཞིག་ཡིན་པས། རིམ་པ་ཁག་གི་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་འཛིན་པ་དང་། ཕུགས་འདུན་འདུ་ཤེས་དང་ཏང་གི་རྩ་དོན། ལོ་རྒྱུས་བཞི། གསར་བརྗེ་སྲོལ་བཟང་། ཀྲུང་ཧྭ་མི་རིགས་ཀྱི་ཡ་རབས་སྲོལ་རྒྱུན། ཏང་སྲོལ་སྲིད་གཙང་སོགས་ཀྱི་སློབ་གསོ་ཟབ་སྤེལ་བྱེད་དགོས་ལ། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་སློབ་གསོ་དེ་ཏང་གཤིས་སློབ་གསོའི་ནང་དོན་གཙོ་བོ་བྱེད་དགོས་ལ། འགོ་ཁྲིད་ལས་བྱེད་པའི་བསམ་བློ་གོ་རྟོགས་དང་བསམ་པའི་རྟོགས་པ། ཀུན་སྤྱོད་གསོ་སྦྱོང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བར་སྣེ་ཁྲིད་དང་སྐུལ་མ་གཏོང་བ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་འཛིན་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་ལྟ་བ་འཛུགས་སྐྱོང་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་དམ་བཅའ་ལག་ལེན་ཡག་མོ་བྱེད་དགོས་ན། འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཁྱོན་ཡོངས་ནས་ཕྱོགས་སོ་སོའི་ནུས་ཇེ་ཆེར་བཏང་ནས།རང་འཁྲིའི་ལས་ཀར་རྣམ་བྱང་མཁན་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། རིམ་པ་ཁག་གི་ཏང་གི་སློབ་གྲྭས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་བློ་སེམས་དམ་པོར་བསྒྲིམ་པ་དང་། ། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་ལ་ཟུང་འབྲེལ་དམ་ཟབ་བྱེད་པ། དོན་དམ་གཉེར་ཞིང་གོ་ཆོད་པའི་ཆེད་ལས་ཅན་གྱི་ནུས་པའི་སྐོར་གྱི་གསབ་སྐྱོང་རྩ་འཛུགས་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐུབ་པའི་ནུས་པ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ། ཉེན་ཁ་སྔོན་འགོག་དང་ཐག་གཅོད་ནུས་པ་བཅས་མཐོ་རུ་གཏོང་རྒྱུར་གཙིགས་སུ་འཛིན་དགོས་པར་མ་ཟད། ད་དུང་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་ཟབ་མོ་ཆགས་དགོས་ལ། ནུས་ཤུགས་ཆེན་པོས་ཉེན་ཁ་སྔོན་འགོག་དང་དཀའ་གནད་སེལ་སྒྲོལ། འགྲན་རྩོད་ལ་ཁ་གཏད་ཐུབ་པ། དཀའ་སྡུག་ལྕོགས་པའི་ནུས་པ་བཅས་ཇེ་དྲག་བཏང་ནས། མུ་མཐུད་དུ་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། འགོ་ཁྲིད་ཀྱི་ལས་ཀ་སྔར་ལས་ཡག་མོ་བསྒྲུབ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་ཏང་གི་དགོངས་པ་དང་རིགས་གཞུང་། འཐབ་ཕྱོགས་བཅས་ཀྱི་སྣེ་ཁྲིད་དཔུང་སྡེ་ཡིན་པའི་ཆ་ནས། ཏང་ལ་ཐབས་འདོན་ཇུས་འབུལ་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་ཡོད། རིགས་གཞུང་ཞིབ་འཇུག་དང་ཇུས་གཞི་ཞིབ་འཇུག་གི་ཆོས་ཉིད་འཚོལ་ཞིབ་དང་སྤྱོད་གོ་ཆོད་པའི་རིག་ལམ་ཆེན་པོ་ཡིས། ཏང་གི་རིགས་གཞུང་གསར་གཏོད་ཞིབ་འཇུག་ཐད་ཀྱི་འགྲེལ་བཤད་དང་ཏང་གི་རིགས་གཞུང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཏང་དང་སྲིད་གཞུང་ལ་ཐབས་འདོན་ཇུས་འབུལ་བྱེད་པ་སོགས་ཀྱི་ཐད་ནས་སྤུས་ཚད་མཐོ་བའི་གྲུབ་འབྲས་ཐོབ་པར་བྱེད་དགོས་ལ། འདི་ཡང་ཏང་གི་སློབ་གྲྭའི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་ཏང་གི་འདུ་ཤེས་འཛིན་སྟངས་ལས་ཀའི་མདུན་གྲལ་གཡུལ་ས་གལ་ཆེན་ཡིན་པས། ངེས་པར་དུ་ཏང་ལ་བློ་སེམས་དཀར་བ་དང་མར་ཁེ་སི་རིང་ལུགས་ལ་བློ་སེམས་དཀར་བའི་མི་ཡིས་འཛིན་སྐྱོང་བྱེད་དགོས། ཏང་གི་སློབ་གྲྭས་ཏང་གི་ལྟ་བ་དྲིལ་བསྒྲགས་བྱེད་དགོས་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལུགས་མཐུན་མིན་པའི་ཁྱོག་བཤད་ལ་སྐྱོན་བརྗོད་བྱེད་དེ། ཏང་གི་རིགས་གཞུང་གསར་གཏོད་ཀྱི་དྲིལ་བསྒྲགས་པ་དང་མར་ཁེ་སི་རིང་ལུགས་དེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་སྣེ་ཁྲིད་གོ་གནས་ལྡན་པའི་་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་པ་དང་། ཏང་གི་འདུ་ཤེས་འཛིན་སྟངས་ཀྱིས་སྤྱི་ཚོགས་ཀྱི་བསམ་བློའི་འཕེལ་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་ཡིད་རྟོན་རུང་བའི་གདོང་ལེན་པ་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭའི་གདོད་མའི་དམ་བཅའ་གཏན་སྲུང་བྱེད་དགོས་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སློབ་གྲྭ་ནན་གྱིས་སྐྱོང་བ་དང་སྤུས་ཀ་བཟང་པོས་སློབ་གྲྭ་འཛུགས་གཉེར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆེས་གཟབ་ནན་ཡིན་པའི་ཆབ་སྲིད་ཀྱི་ཚད་གཞི་དང་རིག་གཞུང་གི་ཚད་གཞི། སློབ་ཁྲིད་ཀྱི་ཚད་གཞི།། དོ་དམ་གྱི་ཚད་གཞི་བཅས་བརྩི་སྲུང་བྱེད་དགོས་ཤིང་། སྤྱོད་ངན་གཙང་སེལ་བྱེད་ས་དང་། ཏང་གཤིས་བཙོ་སྦྱོང་བྱེད་ས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཁྲིད་སྟོན་ནུས་པ་བཅས་འདོན་སྤེལ་ཡག་མོ་བྱེད་དགོས། ཏང་གི་སློབ་གྲྭའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་བྱུང་གི་སྤྱོད་པ་དང་སློབ་གསོ་བྱེད་སྟངས་བཅས་ཇེ་དྲག་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་སྲོལ་དང་ཆབ་སྲིད་ཀྱི་ལུགས་སྲོལ་ཐད་ཀྱི་སློབ་གསོ་བྱེད་ཤུགས་ཇེ་དྲག་བཏང་ནས། ཏང་གི་སློབ་གྲྭའི་དགེ་རྒན་གྱིས་བློ་རིག་བརྟོལ་ནས་སློབ་གཉེར་བྱེད་པ་དང་། སྦྱོང་བརྩོན་ཡང་དག་བྱེད་པ། སློབ་མར་སློབ་གསོ་ཡག་མོ་བྱེད་པར་སྣེ་ཁྲིད་བྱེད་དགོས།
རིམ་པ་ཁག་གི་ཏང་གི་སློབ་གྲྭས་དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་། དམ་འཛིན་དང་དོ་དམ་ནན་མོ་བྱས་ཏེ། སློབ་མ་ཚོ་ཏང་གི་སློབ་གྲྭའི་ནང་དུ་ཐོན་མ་ཐག་སློབ་སྦྱོང་གི་གོམས་གཤིས་དང་བབ་ཆགས་གོམ་གཤིས། དྭངས་གཙང་གི་སྤྱོད་ཚུལ་ཚོར་དུ་འཇུག་དགོས་ལ། སྤུས་ཀ་ལ་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་བྱེད་པ་དེ་སློབ་གཉེར་བྱེད་པའི་སྲོག་རྩར་བརྩིས་ནས། ཚད་གཞི་མཐོ་བའི་སློབ་གྲྭ་འཛུགས་གཉེར་རྒྱུན་འཁྱོངས་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་པའི་གནད་འགག་དམ་འཛིན་ཡག་པོ་བྱས་ཏེ། ཤེས་ལྡན་མི་སྣས་སློབ་གྲྭ་དར་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཆེས་མཇུག་མཐར། ཏང་གིས་ཏང་གི་སློབ་གྲྭའི་ལས་ཀར་ཁྱོན་ཡོངས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོའི་ཏང་གིས་ཏང་གི་སློབ་གྲྭ་འཛུགས་པའི་རྩ་བའི་ཉམས་མྱོང་ཡིན་ལ། ཏང་གི་སློབ་གྲྭའི་བྱ་གཞག་བདེ་བླངས་ངང་འཕེལ་རྒྱས་ཡོང་བའི་རྩ་བའི་འགན་སྲུང་ཡང་ཡིན་པས། ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་འཛུགས་གཉེར་དང་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་འགན་སྒྲུབ་ལས་ཁུངས་ཀྱིས་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
ཁྲེན་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་དགུ་བཅུའི་རིང་གི་ལོ་རྒྱས་གྲུབ་འབྲས་དང་འོད་སྟོང་འབར་བའི་མཛད་རྗེས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་ཡོད་ལ། ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་འདོན་ཇུས་འབུལ་བྱེད་པའི་ཏང་གི་སློབ་གྲྭའི་གདོད་མའི་དམ་བཅའ་བཅས་ལ་གསལ་བཤད་རྒྱ་ཆེ་གནང་ཡོད་ལ། དེ་ནི་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་པས། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ཏེ། གཏན་འབེབས་གཉིས་ཀྱི་ཐག་གཅོད་ནུས་ལྡན་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་གཏོང་བ། ཡིད་ཆེས་བཞི་བརྟན་པོ་སྲུང་བ། སྲུང་སྐྱོང་གཉིས་ལེགས་སྒྲུབ་བྱས་ཏེ། རྒྱང་སྐྱོད་གསར་པའི་ཐོག་རྒྱུན་ཆད་མེད་པར་ཏང་གི་སློབ་གྲྭའི་བྱ་གཞག་གི་རྣམ་པ་གསར་པ་འབྱེད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་ ཀྲུང་ཧྭ་མི་རིགས་ བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་བློ་རིག་དང་སྟོབས་ཤུགས་འབུལ་དགོས་ཞེས་གསུངས་པ་རེད།
གྲོས་ཚོགས་དེ་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཁྲོད་ནས་མཇུག་བསྒྲིལ་ཞིང་། ལི་ཀན་ཅེ་དང་ལི་ཧྲུའུ་ལི། ལིའུ་ཅིན་གོ་བཅས་གྲོས་ཚོགས་ནང་ཞུགས་ཡོད་ལ།
ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཀྲུང་དབྱང་ཏང་གི་སློབ་གྲྭའམ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་། ཀྲུང་གོ་ཕུའུ་ཏུང་། ཅིན་ཀང་ཧྲན། ཡན་ཨན་ལས་བྱེད་སློབ་གླིང་གི་འགོ་ཁྲིད་ཚོགས་པའི་ཁོངས་མི་དང་དགེ་བཟོ་བའི་སྐུ་ཚབ། སློབ་གྲྭའི་སློབ་མ། ཀྲུང་དབྱང་ཏང་གི་སློབ་གྲྭའམ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ལས་ཐོག་སྔོན་མའི་འགོ་ཁྲིད། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་སྐུ་ཚབ་སོགས་གྲོས་ཚོགས་ནང་ཞུགས་པ་རེད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་ཐོག་ནས་འཚོགས་ཤིང་། ཀྲུང་གོ་ཕུའུ་ཏུང་དང་ཅིན་ཀང་ཧྲན། ཡན་ཨན་ལས་བྱེད་སློབ་གླིང་དུ་ཡན་ལག་ཚོགས་ར་བཙུགས་ཡོད།
འཕྲིན་སྟེགས། weikangba