
ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ལིས་གླིང་ཕྲན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ལིས་གླིང་ཕྲན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།
ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ལིས་གླིང་ཕྲན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ང་ཚོས་ངེས་པར་དུ་མིའི་རིགས་ཀྱི་མདུན་ལམ་ལས་དབང་གཙོར་བཟུང་སྟེ། དཀའ་སྡུག་མཉམ་མྱོང་དང་དཀའ་ཁག་མཉམ་སེལ་བྱེད་དགོས། ཁྱད་པར་དུ་རྒྱལ་ཁབ་ཆེན་མོས་རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། འཛམ་གླིང་ཡོངས་ལ་ཡིད་ཆེས་དང་སྟོབས་ཤུགས་མང་དུ་འབུལ་དགོས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ལོ་རྒྱུས་རླབས་རྒྱུན་སྔར་བཞིན་འགོག་ཐབས་མེད་པ་དང་། མིའི་རིགས་ཀྱི་མདུན་ལམ་དེ་འོད་སྣང་གིས་ཁེངས་ཡོད་པར་ང་རང་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་བའི་རྒྱལ་སྤྱིའི་མ་ལག་གི་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་ཡིན། འཛམ་གླིང་གི་ཞི་བདེ་མངོན་འགྱུར་བྱེད་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་ངེས་པར་དུ་བརྩི་སྲུང་བྱེད་དགོས་ལ། རྒྱལ་ཁབ་སོ་སོའི་ལུགས་མཐུན་དང་བདེ་འཇགས། སེམས་ཁུར་བཅས་ལ་ངེས་པར་དུ་མཐོང་ཆེན་བྱེད་དགོས། མིག་སྔའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འཕེལ་རིམ་དེ་སྔ་ན་མེད་པའི་འགྲན་རྩོད་ལ་འཕྲད་ཡོད་ཅིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཁྱད་པར་དུ་སྟོབས་ཤུགས་ཞན་པའི་རྒྱལ་ཁབ་དག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ང་ཚོས་འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་གོ་གནས་གཙོ་བོར་འཇོག་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསོ་སྤེལ་བྱེད་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ཏེ། སྔར་ལས་སྟོབས་དང་ལྡན་ཞིང་ལྷད་མེད་དང་བདེ་ཐང་གི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་གྲུབ་འབྲས་དེས་སྔར་ལས་འདྲ་མཉམ་ངང་རྒྱལ་ཁབ་སོ་སོ་དང་མི་སྒེར་སོ་སོར་ཕན་ཐོགས་པར་བྱེད་དགོས། དེའི་ཐད་ནས་རྒྱལ་ཁབ་སོ་སོ་ཁ་བཤད་དོན་ལ་གནས་དགོས་ཤིང་། གྲུབ་བྲས་ཀྱི་གསལ་ཁྲ་མང་དུ་སྟོན་པ་ལས་ཁ་གཡང་སྒྲོག་པ་ཙམ་གྱིས་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞིར་ངེས་པ་དོན་གྱི་ཕན་འབྲས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཡོངས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་འཕེལ་རྒྱས་གསར་བས་འཛམ་གླིང་ཡོངས་ལ་གོ་སྐབས་གསར་བ་བསྐྲུན་ནས། ཟང་ཟིང་དུ་གྱུར་བའི་འཛམ་གླིང་ལ་སྔར་ལས་མང་བའི་གཏན་འཇགས་རང་བཞིན་འདོན་སྤྲོད་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཀུའུ་ཐི་ལོས་སི་ཡིས་ཞི་ཅིན་ཕིང་གིས་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་འབྲུ་རིགས་དང་ནུས་ཁུངས། ནམ་ཟླའི་འགྱུར་ལྡོག་སོགས་གཅིག་ལས་གཅིག་ལྷག་གི་ཉམས་ཉེན་མྱོང་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འདྲ་མཉམ་མིན་པ་དང་། དོ་མཉམ་མིན་པའི་སྣང་ཚུལ་ཧ་ཅང་ཚབས་ཆེན་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་མཐུན་པོ་བྱུང་ཡོད་ཅིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཐད་ཀྲུང་གོས་བསྒྲུབས་པའི་འབད་བརྩོན་དེར་གཞན་གྱིས་བསྒྲུན་དུ་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ནི་མ་མཐའི་ཚད་ཐིག་ཡིན་པས་ངེས་པར་དུ་བརྩི་འཇོག་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་མུ་མཐུད་དུ་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། ཀྲུང་གོས་འཛམ་གླིང་ཡོས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར། ཏེན་ཞུའེ་ཞང་དང་ཝང་དབྱི། ཧི་ལིས་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།
འཕྲིན་སྟེགས། weikangba