ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།

2022-12-12
476

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏི་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་། 

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏི་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་། 

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏི་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་སྔར་ལས་འབུར་དུ་ཐོན་ཡོད། ཀྲུང་གོ་དང་ཨེ་ཅིབ་ཀྱི་འདུ་ཤེས་གཅིག་མཐུན་ཡིན་པ་དང་ཁེ་ཕན་གཅིག་འབྲེལ་ཡིན་པས། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་འབད་བརྩོན་གྱིས་དུས་རབས་གསར་བར་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་དམིགས་འབེན་ལ་ཁ་ཕྱོགས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཅིབ་ཀྱིས་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཨེ་ཅིབ་བར་གྱི་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། སྨྱུང་གནས་མཁར་ནས་སྲིད་འཛིན་རྒྱལ་ས་གསར་བའི་ཀྲུང་དབྱང་ཚོང་དོན་ས་ཁུལ་བར་གྱི་ལྕགས་ལམ་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་སུའུ་དབྱེ་ཧྲི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ས་ཁུལ་སོགས་མཉམ་ལས་ལས་གཞི་གལ་ཆེན་ལག་བསྟར་བཟང་བོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ནས་སྔར་ལས་མང་བའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་པ་དང་། དངུལ་གཏོང་དང་དངུལ་གསོག  འགོག་སྨན་གྱི་མཉམ་འབྲེལ་ཐོན་སྐྱེད། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ལུའུ་པན་ལག་རྩལ་བཟོ་ལས་དང་རྒྱ་ཡིག་གི་སློབ་ཁྲིད་ལ་སྐུལ་འདེད་བཏང་སྟེ་སྔར་ལས་མང་བའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་མཐུན་ལྡན་པའི་ཕོ་ཉ་མང་བོ་གསོ་སྐྱོང་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་ཀྱི་མཐོ་རིམ་གྲོས་ཚོགས་གོ་སྐབས་སུ་བྱས་ཤིང་། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་བཟོ་སྐྲུན་དགུ་དངོས་འབེབས་བྱེད་པའི་ཐད་ནས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཧྲ་མུའུ་ཧྲ་དབྱེ་ཧི་ཚོགས་ཆེན་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ནུས་ཁུངས་འཕར་བསྒྱུར་བ་དང་ལྷད་མེད་ཐོན་ལས། ཐཱན་ཉུང་ལག་རྩལ་སོགས་ཀྱི་ཐད་ནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་དར་སྤེལ་བྱེད་པ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡོངས་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། 

སའེ་ཞི་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་རླབས་ཆེ་བའི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད་པ་དང་། རྒྱལ་སྤྱིའི་གོ་གནས་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། ཅང་མ་འགོར་བའི་སྔོན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བདེ་བླག་ངང་བསྡུས་པར་བདག་གིས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་ཡིན། ཨེ་ཅིབ་ཀྲུང་གོ་ལྟ་བུའི་རླབས་ཆེ་བའི་གྲོགས་པོ་ཞིག་ཡོད་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ཨེ་ཅིབ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོན་པར་སྐུལ་འདེད་གཏོང་བའི་ཐད་རེ་སྒུག་བྱས་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཞང་ཀང་དང་ཞིན་ཅང་སོགས་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་སྣང་ཚུལ་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲ་མུའུ་ཧྲ་དབྱེ་ཧི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་ཕྱོགས་མང་བོའི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། བསྡུ་ལ་ཉེ་བའི་སྐབས་དང་པོའི་ཨ་རབ་དང་ཀྲུང་གོའི་མཐོ་རིམ་གྲོས་ཚོགས་ནས་ཨ་རབ་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་བ་གསར་འབྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

ཏེན་ཞུའེ་ཞང་དང་ཝང་དབྱི། ཧི་ལི་ཧྥུན་སོགས་མཇལ་འཕྲད་ལ་ཞུགས། 

  • 顶 0