ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས2024ལོར་སྤུས་ཚད་མཐོ་བའི་སྒོ་ནས་དམངས་ལ་དོན་དངོས་བཅུ་བསྒྲུབས་པ།

2025-01-07
471

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་འཚོགས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཤེས་གསལ་ལྟར་ན།  ཀན་ལྷོ་ཁུལ་གྱིས2024ལོར་སྤུས་ཚད་མཐོ་བའི་སྒོ་ནས་དམངས་ལ་ཞབས་འདེགས་ཞུ་བའི་དོན་དངོས་བཅུ་བསྒྲུབས།

2024ལོར་ཀན་ལྷོ་ཁུལ་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བསྒྱུར་བཀོད་མཐོར་འདེགས་ཀྱི་བཟོ་འགོད་མུ་མཐུད་དུ་དམ་འཛིན་བྱས་ཏེ། ལོ་ཧྲིལ་པོར་སྒོར་ཁྲི821.12བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བསྒྱུར་བཀོད་མཐོར་འདེགས་ཀྱི་བཟོ་འགོད24བསྐྲུན་ནས། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དྲ་རྒྱ་བསྟུད་མར་སྲ་བརྟན་དུ་བཏང་ཐོག སྡེ་མི་ཁྲི1.17ལ་ཆུ་གཙང་མ་དང་ཆུ་སྤུས་ལེགས།བློ་བདེ་བའི་ཆུ་འཐུང་དུ་བཅུག། 

རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་ཐོབ་ཚོར་ཆེ་རུ་གཏོང་ཆེད། ཀན་ལྷོ་ཁུལ་གྱིས་བདེ་ཐང་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས། ལོ65མན(ལོ6ཡན)གྱི་རོང་འབྲོག་མང་ཚོགས92734ལ་རིན་མེད་ངང་བདེ་ཐང་བརྟག་དཔྱད་བྱས་པ་དང་།  རོང་འབྲོག་སྡེ་བའི་བཟའ་ཟླ1326ལ་རིན་མེད་སྒོས་མངལ་མ་ཆགས་སྔོན་གྱི་བདེ་ཐང་བརྟག་དཔྱད་བྱས། དབང་པོ་སྐྱོན་ཅན་གྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་ཡིན་པ། ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་པ་ནས་འགོ་བརྩམས་ཏེ། ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་རིམ་པ་དང་པོ་དང་གཉིས་པ། དབང་པོ་སྐྱོན་ཅན་རིམ་པ་གསུམ་པ་དང་བཞི་པ་བཅས་ཀྱི་མི་ཁྲི2.8ལ་ཆུ་གློག་དང་དྲོད་ཆས་ཀྱི་ཁ་གསབ་སྒོར་ཁྲི599.57བྱིན་པ་རེད། ལས་གཏོད་ཁག་ཐེག་དངུལ་བུན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི14551བཏང་སྟེ། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་། 

ཀན་ལྷོ་ཁུལ་གྱིས་སྒོར་ཁྲི3671.26བཏང་ནས་ས་ཡོམ་གྱི་དྲག་ཚད་མཐོ་བའི་འགོག་སྲུང་ས་ཁུལ་གྱི་ཞིང་ཁྱིམ1888ཀྱི་ཡོམ་འགོག་སྡོད་ཁང་བསྒྱུར་བཀོད་བྱེད་པའི་ལས་འགན་ལེགས་གྲུབ་བྱས་ཏེ། ཞིང་ཁྱིམ་སྡོད་ཁང་གི་ཡོམ་འགོག་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་བྱས། མ་དངུལ་སྒོར་ཁྲི་60.97བཏང་ནས་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང358ལ་རྒན་པར་འཚམ་པའི་སྡོད་ཁང་དུ་བསྒྱུར་བཀོད་བྱས་ཏེ། ཁྱིམ་དུ་རྒན་གསོའི་འཚོ་བར་བྱེད་པའི་ལྟ་སྐྱོང་བྱེད་པའི་ཆ་རྐྱེན་ལེགས་སུ་བཏང་བས། རྒས་ན་བརྟེན་ས་ཡོད་པ་དང་རྒས་ན་བདེ་འཇགས་ཡོང་བ་མངོན་འགྱུར་བྱུང་ཡོད། །


  • 顶