ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི2024ལོའི“ཚོང་འགུགས་དངུལ་ཁང་རྟགས་མའི”མཚོ་སྔོན་ཞིང་ཆེན་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་བྱ་དགའ་སྤྲོད་པའི་མཛད་སྒོ་དང་ཕུལ་བྱུང་རྣམ་གྲངས་འགྲེམ་སྟོན་འོས་སྦྱོར་ཚོགས་འདུ་ཚོང་འགུགས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་དུ་འཚོགས་པ་རེད། རྣམ་གྲངས48ལ2024ལོའི“ཚོང་འགུགས་དངུལ་ཁང་རྟགས་མའི”མཚོ་སྔོན་ཞིང་ཆེན་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེན་མོའི་གསེར་དང་དངུལ། ཟངས་བཅས་ཀྱི་བྱ་དགའ་དང་། དེ་བཞིན་ཕུལ་བྱུང་བྱ་དགའ་ཐོབ་པ་དང་མཚོ་སྔོན་སློབ་ཆེན་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུ་རུ་ཁག《ཚེ་སྲོག་གི་འཇའ་ཚོན་གསེར་ཟམ-བྱིས་པ་སྲུང་སྐྱོང་བྱེད་པའི་རེ་བའི་གྲུ་གཟིངས་རྣམ་གྲངས》སོགས་ཕུལ་བྱུང་རྣམ་གྲངས6ཡུལ་དངོས་སུ་འགྲེམས་སྟོན་དང་འོས་སྦྱོར་བྱས།
ཐེངས་འདིའི་འགྲན་བསྡུར་དུས་ཡུན་ཟླ་བ་བཞི་ཡིན་པ་དང་། སྤེལ་མགོ་ཚུགས་པ་ནས་བཟུང་བསྡོམས་པས་རྣམ་གྲངས120རེ་ཞུ་བྱས། དེའི་ནང་གྲོང་གསེབ་དར་སྤེལ་དང་ལོ་ཆུང་བྱིས་པར་ཐུགས་ཁུར་བྱེད་པ། ཁོར་ཡུག་སྲུང་སྐྱོང་། བགྲེས་པོར་ཞབས་ཞུ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། དཔལ་ཡོན་ལག་ལེན། སྡེ་ཁུལ་བཅོས་སྐྱོང་དང་ཁྱིམ་མཚེས་བར་གྱི་རོགས་རེས། བཅའ་ཁྲིམས་ཞབས་ཞུ། དུག་འགོག་སློབ་གསོ་སོགས་ཁྱབ་ཁོངས10ཚུད་ཡོད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། རྟིང་རྩོད་འགྲན་བསྡུར་ནང་ཞུགས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས50ཡི་ཁྲོད་ནས་གསེར་གྱི་བྱ་དགའི་རྣམ་གྲངས5དང་། དངུལ་གྱི་བྱ་དགའི་རྣམ་གྲངས10། ཟངས་ཀྱི་བྱ་དགའི་རྣམ་གྲངས20། ཕུལ་བྱུང་བྱ་དགའི་རྣམ་གྲངས13བཅས་བདམས།
ཐེངས་འདིའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་གྱི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ཆེད་ལས་ཆུ་ཚད་མཐོ་བ་དང་ཞབས་ཞུའི་ཚོགས་སྤྱི་མང་བ། སྤྱི་ཚོགས་ཀྱི་ཚུར་སྣང་ཡག་པོ་བཅས་ཀྱི་ཕུལ་བྱུང་དང་བླངས་ཞབས་ཞུའི་རྣམ་གྲངས་ཁག་གཅིག་སྔར་ལས་ལྷག་པར་་སྔོག་འདོན་དང་གསོ་སྐྱོང་བྱ་རྒྱུ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་དཔུང་ཁག་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་པ་དང་། ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྱད་ལྡན་རྣམ་གྲངས་གསོ་སྐྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ལ། ཉེ་བའི་ལོ་འགའི་རིང་གུང་གཞོན་ཚོགས་པ་དང་ཞིང་ཆེན་ཨུ་ལྷན་གྱིས“མཚོ་སྔོན་ཞིང་ཆེན་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར”རྒྱབ་རྟེན་དུ་བྱས་ཏེ་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ཅུང་འཐུས་སྒོ་ཚང་བའི་དང་བླངས་ཞབས་ཞུའི་ལས་དོན་དང་རྣམ་གྲངས་ཅན་གྱི་འཁོར་སྐྱོད་ལམ་ལུགས་བཙུགས་ཏེ། གཞོན་ནུ་དང་བླངས་པར་དེ་ལས་ཚད་ལྡན་ཅན་དང་མ་ལག་ཅན་གྱི་ཞབས་ཞུའི་སྟེགས་བུ་མཁོ་འདོན་བྱས་པ་དང་། རྒྱ་ཆེའི་གཞོན་ནུ་དང་བླངས་པས་སྤྱི་ཚོགས་ཞབས་ཞུའི་ནང་ཧུར་ཐག་སྒོས་ཞུགས་པས་སྤྱི་ཚོགས་ལས་རིགས་སོ་སོའི་ཁས་ལེན་རྒྱ་ཁྱབ་ཐོབ། མིག་སྔའི་བར་བསྡོམས་པས་རྣམ་གྲངས6ལ་ཀྲུང་གོའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེན་མོའི་གསེར་གྱི་བྱ་དགའ་དང་། རྣམ་གྲངས35ལ་དངུལ་གྱི་བྱ་དགའ། རྣམ་གྲངས80ལ་ཟངས་ཀྱི་བྱ་དགའ་བཅས་ཐོབ། །
འཕྲིན་སྟེགས། weikangba