མཚོ་སྔོན་གྱིས2024ལོའི་ཀྲུང་དབྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། བཅོས་སྐྱོང་བཅས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་བཏང་།

2024-02-17
980

ཉེ་ལམ།   ཞིང་ཆེན་ནོར་སྲིད་ཐིན་གྱིས2024ལོའི་ཀྲུང་དབྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ།  བཅོས་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་བཏང་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་འགོག་རའི་ཁུལ་ཤར་ཕྱོགས་ཀྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་ཞིང་ས།  མཚེའུ། རྩྭ་ཐང་།  བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།   ཐེངས་འདིར་རྒྱབ་སྐྱོར་བྱེད་པའི་ལས་གཞི་ཉེར་བཞིའི་ཁྲོད་དུ།  ཟི་ལིང་གྲོང་ཁྱེར་དུ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་ནས་ལས་གཞི་བཅུ་དྲུག་ལག་བསྟར་བྱེད་པ་དང་།   མཚོ་ཤར་གྲོང་ཁྱེར་ལ་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་བཏང་ནས་ལས་གཞི་བདུན་ལག་བསྟར་བྱེད་པ།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་ནས་ལས་གཞི་གཅིག་ལག་བསྟར་བྱེད་རྒྱུ་རེད།

ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྟན་དོན།   མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་།   འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ལས་གཞིའི་ལོ་ཧྲིལ་བོའི་ལག་བསྟར་འཆར་གཞིར་དམིགས་ནས་མ་དངུལ་ཚད་ལྡན་གྱིས་བཀོལ་བར་སྐུལ་མ་གཏོང་བ།   ལས་གཞིའི་ལག་བསྟར་གྱི་མྱུར་ཚད་སོགས་ཇེ་མགྱོགས་སུ་བཏང་སྟེ་དུས་བཅད་ལྟར་ལོ་ཧྲིལ་བོའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།   དེར་མ་ཟད།   འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྔོན་ལ་བཟོ་སྐྲུན་འཛུགས་སྐྲུན་གྱི་དུས་སྐབས་སྔོན་གྱི་འཆར་འགོད་བྱ་བ་སྤེལ་བར་མཛུབ་སྟོན་བྱས་ཏེ་ལས་གཞི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོར་འདིང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།  



  • 顶