ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་ལ།མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་དང་དགུན་དུས་ཀྱི་མཚོ་བྱང་ཡུལ་སྐོར་གྱི་བྱེད་སྒོ་རིམ་པ—2024ལོའི་མཚོ་བྱང་ཁུལ་གྱི་གངས་འཁྱགས་ཀྱི་འདུ་འཛོམས་བྱེད་སྒོ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གསེར་མཚོ་རུ་གཉེར་བ་རེད།
རྒྱུས་ལོན་པ་ལྟར་ན།གངས་འཁྱགས་ཀྱི་འདུ་འཛོམས་བྱེད་སྒོ་ནི་མཚོ་བྱང་གི“ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་མགྱོགས་སུ་གཏོང་བའི”སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་འབོར་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི”འབོད་སྐུལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ།གངས་འཁྱགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོར་བཏང་ནས་དགུན་དཔྱིད་ཡུལ་སྐོར་གྱི་ཞན་ཆ་གསབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་མཚོ་བྱང་གི་རིག་གནས་དང་ཡུལ་སྐོར།ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཚོ་བྱང་གི་སྣང་བརྙན་གཏོད་པ་དང་མཚོ་བྱང་གི་མིང་བྱང་གཏོད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད།
བྱེད་སྒོ་དེ་ཚོགས་པ་དང་མི་སྒེར་གྱི་རྣམ་གྲངས་གཉིས་ལ་དབྱེ་བ་སྟེ།ཚོགས་པའི་རྣམ་གྲངས་ནང་དར་ཐོག་ཐག་འཐེན་དང་དར་ཐོག་གྲུ་གཟིངས་འགྲན་བསྡུར།དར་ཐོག་མཐུདརྒྱུགས་འགྲན་སྡུར།མི་ཟུང་གི་དར་འཁོར་མཐུད་འགྲན།མི་གཉིས་ཀྱི་དར་ཐོག་རྐང་འཁོར་མཐུད་རྒྱུགས་འགྲན་བསྡུར། མི་སྒེར་གྱི་རྣམ་གྲངས་ལ་དར་ཐོག་རྐང་འཁོར་གྱི་མྱུར་ཚད་འགྲན་བསྡུར་དང་།དར་འཁོར་གྱི་མྱུར་ཚད་འགྲན་བསྡུར།དར་ཐོག་གི་འཕང་ལོ།དར་ཐོག་པའོ་ལིང་སྤོ་ལོ་འགྲན་བསྡུར།དར“རྫ”འགྲན་བསྡུར་བཅས་སུ་དབྱེ་ཡོད། ད་ཐེངས་ཀྱི་བྱེད་སྒོ་གཉེར་བ་དེས་མཚོ་བྱང་གི་གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་རིག་གནས།གངས་འཁྱགས་ཡུལ་སྐོར་སོགས་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་དང་ལེགས་པོ་འགྲོ་བར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད།
དུས་ཚིགས་སོ་སོར་མཛེས་སྡུག་རེ་རེ་ཡོད།ལྗོངས་དང་དངོས་པོ་ཀུན་ལ་ཁྱད་ཆོས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས“ས་ཁོངས་ཧྲིལ་པོར་དུས་ཚིགས་ཡོངས་ལ་ཡུལ་སྐོར་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ཏེ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དགུན་དཔྱིད་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བྱེད་ཚད་སྔར་བས་ཆེ་རུ་བཏང་བ་དང་གངས་འཁྱགས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་སྔོག་འདོན་གཏིང་ཟབ་བྱས་པ།གངས་འཁྱགས་ཡུལ་སྐོར་གྱི་རྣམ་པ་གསར་གཏོད་ཤུགས་ཆེན་བྱས་པ།“གྲང་བའི་ཐོན་ཁུངས”དེ“ཐོན་ལས་ཚ་པོ”རུ་བསྒྱུར་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
འཕྲིན་སྟེགས། weikangba