ཟི་ལིང་གྲོང་ཁྱེར2023ལོའི་རྒྱལ་ཁབ་ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ལྟེ་བའི་ཁ་གསབ་སྦྲེལ་མཐུད་རྒྱབ་སྐྱོར་གྲོང་ཁྱེར་དུ་བདམས།

2023-07-27
203

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་ཤེས་གསལ་ལྟར་ན། ལན་ཀྲོའུ་དང་ཟི་ལིང་གིས་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་དེ2023ལོའི་རྒྱལ་ཁབ་ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ལྟེ་བའི་ཁ་གསབ་སྦྲེལ་མཐུད་རྒྱབ་སྐྱོར་གྲོང་ཁྱེར་དུ་བདམས། མ་འོངས་པར། གྲོང་ཁྱེར་གཉིས་ཀྱིས་བར་སྣང་དང་ས་ཐོག་སྐྱེལ་འདྲེན། གཞུང་ལམ་དང་ལྕགས་ལམ་གྱི་སྦྲེལ་མཐུད་ཆེན་པོ་གཉིས་ལ་དམིགས་ཏེ། “སྦྲེལ་མཐུད”ཇེ་ལེགས་སུ་བཏང་ནས། “ཁུལ་གཅིག་དང་དཀྱིལ་སྙིང་ལྔའི་ཚོགས་པ་མང་པོའི”ལྟེ་བའི་བཀོད་སྒྲིག་གྲུབ་པར་སྐུལ་འདེད་བཏང་།

2022ལོའི་ཟླ7པར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་སྦྱོར་དཔར་འགྲེམ་བྱས་པ་དང་། འཆར་གཞི་ལོ་ངོ་3རིང་གི་དུས་ཚོད་སྤྱད་དེ། གཅིག་བསྡུས་སྒོས་གྲོང་ཁྱེར30རུ་རྒྱལ་ཁབ་ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ལྟེ་བའི་ཁ་གསབ་སྦྲེལ་མཐུད་ལག་བསྟར་བྱེད་པ་དང་། བྱ་དགའི་ཁ་གསབ་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས། གྲོང་ཁྱེར་རེར་རྩ་དོན་སྟེང་སྒོར་དུང་ཕྱུར15ལས་མི་བརྒལ་བ་ལྟར། གྲོང་ཁྱེར་ཚོགས་པ་རེ་རེར་རྩ་དོན་སྟེང་སྒོར་དུང་ཕྱུར30ལས་མི་བརྒལ་བ། གཞི་ཁྱོན་ངེས་ཅན་གྱི་རླངས་འཁོར་ཉོ་སྒྲུབ་ཁྲལ་བསྡུའི་ཡོང་སྒོའི་ཁ་གསབ་ཀྱིས་ས་གནས་མ་དངུལ་ཐད་རྒྱབ་སྐྱོར་བྱེད་པར་བཀོད་སྒྲིག་བྱས་ཏེ། ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ལྟེ་བས་མུ་མཐུད་ནས་སྐྱེལ་འདྲེན་ནུས་ཤུགས་བེད་སྤྱོད་ཕན་འབྲས་མཐོ་རུ་གཏོང་བ། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཚོང་གཉེར་སྒྲིག་སྲོལ་རྒྱུན་མཐུད་སོགས་ལ་སྐུལ་འདེད་བཏང་ནས། འཁོར་རྒྱུག་ཕན་འབྲས་མཐོར་འདེགས། འཁོར་རྒྱུག་སྒུལ་ཤུགས་མཐོ་རུ་གཏོང་བ། འཁོར་རྒྱུག་འགྲོ་གྲོན་ཇེ་དམའ་རུ་གཏོང་བའི་ཐད་བྱེད་ནུས་འདོན་སྤེལ་བྱས་ཏེ། གཙོ་གནད་ཐོན་ལས་སྦྲེལ་མཐུད་ལ་ཞབས་ཞུ་ལེགས་པོ་སྒྲུབ་ནས། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རེད།

《ལན་ཀྲོའུ་དང་ཟི་ལིང་གི་རྒྱལ་ཁབ་ཕྱོགས་བསྡུས་དངོས་ཟོག་སྐྱེལ་འདྲེན་ལྟེ་བའི་སྦྲེལ་མཐུད་ཁ་གསབ་ཀྱི་ལོ་ངོ་གསུམ་གྱི་ལག་བསྟར་བྱེད་ཐབས(2023-2025)》ལྟར། ལན་ཀྲོའུ་དང་ཟི་ལིང་གིས“འཐབ་ཇུས་རིན་ཐང་ལྡན་པའི་སྐམ་སའི་སྒོ་འབྱེད་ཅན་གྱི་རྣམ་པ་མང་པོའི་མཉམ་འབྲེལ་ལྟེ་བ”གསོ་སྐྱོང་བྱེད་པ་དང་དམ་དུ་འབྲེལ་ཏེ། “ལྟེ་གནས་གསུམ་དང་སྟེགས་བུ་གཅིག”གཙོ་གནད་སྒོས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཨེ་ཤ་ཡའི་ལྷོ་མའི་ནུབ་བྱང་གི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་སྐྱེལ་འདྲེན་གཅིག་བསྡུས་སྐྱེལ་འདྲེན་ལྟེ་གནས། ནུབ་བྱང་ས་ཁོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས། བོད་ལྗོངས་དང་ཞིན་ཅང་དུ་བསྐྱོད་པའི་དངོས་ཟོག་གསོག་ཉར་ལྟེ་གནས་བཅས་ལ་ཁ་ཕྱོགས་ཏེ། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་རྣམ་པ་མང་པོའི་བརྡ་འཕྲིན་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ་རེད། སྦྲེལ་མཐུད་ཁ་གསབ་བྱེད་པ་བརྒྱུད་དེ། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་འགྲིམ་འགྲུལ་དྲ་རྒྱའི་མཉམ་སྐྲུན་མཉམ་སྤྱོད་དང་། དངོས་ཟོག་ལྟེ་བའི་མཐུན་སྦྱོར་ཁ་གསབ། རྣམ་པ་མང་པོའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་ཞབས་ཞུའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ལྟེ་བའི་ནུས་རིམ་མཐོར་འདེགས་སུ་གཏོང་རྒྱུ་རེད། །


  • 顶