གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས《སྨན་རྫས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་2023ལོའི་ལོ་སྨད་ཀྱི་གཙོ་གནད་ལས་འགན》མཉམ་དུ་བཀྲམ་ནས། དུས་མཚམས་རྗེས་མའི་སྨན་བཅོས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཕྱོགས་དྲུག་ཐད་ཀྱི་གཙོ་གནད་ལས་འགན་ཁ་གསལ་བཏོན་པ་རེད།
གཙོ་གནད་ལས་འགན་དེ་དག་ཏུ། གཙོ་བོ་སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་དང་། སྤྱི་ཕན་རང་བཞིན་གྱིས་ཕྱོགས་ཁྲིད་བྱེད་པའི་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ཟབ་ཏུ་གཏོང་བ། རིམ་པ་མང་བའི་སྨན་བཅོས་འགན་ལེན་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ལ་སྐུལ་འདེད། སྨན་རྫས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་ཚུད་ཡོད།
འཕྲིན་སྟེགས། weikangba