ཞི་ཅིན་ཕིང་ནས་གོ་ལའི་ཤེས་དཔལ་ཐད་ཀྱི་ཚོཊ་འདུ་འདིར་རྟེན་འབྲེལ་ཞུས།

2025-07-11
355

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་༡༠ཉིན་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།


     ཞི་ཅིན་ཕིང་གིས་ཤེས་དཔལ་སྣ་མང་ནི་འཛམ་གླིང་གི་རང་མདངས་ཡིན། ལོ་རྒྱུས་ཀྱིས་ང་ཚོར་ཤེས་དཔལ་དར་རྒྱས་བྱུང་བ་དང་མིའི་རིགས་ཡར་རྒྱས་ཡོང་བ་ཚང་མ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཁ་བྲལ་ཐབས་མེད་པ་གསལ་པོར་བསྟན་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་འགྱུར་ལྡོག་མཉམ་འདྲེས་ཡིན་པ་དང་། མིའི་རིགས་ལམ་གཞི་མདོ་ཁ་གསར་པར་གནས་ཡོད་པས། ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་ཕྱོགས་འགལ་སེལ་བ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་བརྟེན་ནས་ཤེས་དཔལ་གྱི་གདོང་ཐུག་ལས་གཡོལ་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན་ཞེས་བསྟན་གནང་ཡོད།


     ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། ཁོང་ཡངས་བཅས་ཀྱི་ཤེས་དཔལ་ལྟ་བ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་བསྟར་བྱེད་པ། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་མཉམ་ལས་དྲ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད། འཐུས་མི་རྣམ་པས་སྤེལ་རེས་གཏིང་ཟབ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བ་དང་། ཤེས་དཔལ་མི་འདྲ་བ་མཐུན་འགྲོགས་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།


     གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་དེ་ཚེས་༡༠ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི་མིའི་རིགས་ཀྱི་ཤེས་དཔལ་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་ཡོད།


  • 顶