ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། 2025ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི6370.73སྣེ་ལེན་བྱས་ནས་དུས་མཉམ་ལས11.21%འཕར་ཡོད།

པར་འདི་ནི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་རྣམ་གྲངས་གལ་ཆེན་ཏེ《བརྩེ་བའི་ཕྱུག་པའི་ལྷ་སའི་སྐྱིད་ཆུ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོའི་ཟླ1པོ་ནས་ཟླ9པའི་བར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི6370.73སྣེ་ལེན་བྱས་ཤིང་། དུས་མཉམ་ལས11.21%འཕར་བ་དང་ལོ་འཁོར་འཆར་འགོད་ཀྱི84.94%ལེགས་འགྲུབ་བྱུང་ཡོད། དེའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི35.67སྣེ་ལེན་བྱས་ཤིང་དུས་མཉམ་ལས33.45%འཕར་ཡོད་པ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི6335.06སྣེ་ལེན་བྱས་ནས་དུས་མཉམ་ལས11.11%འཕར་ཡོད་པ། ཉིན་གཅིག་ཡུལ་སྐོར་གྱི་འགྲུལ་བ་མི་ཐེངས་ཁྲི4008.67སྣེ་ལེན་བྱས་པ་དང་དུས་མཉམ་ལས28.1%འཕར་བ། དེའི་རིང་ཡུལ་སྐོར་བས་བོད་ལྗོངས་སུ་ཡུལ་སྐོར་འགྲོ་སོང་སྒོར་དུང་ཕྱུར736.73བཏང་བ་དང་དུས་མཉམ་ལས9.87%འཕར་ནས་ལོ་འཁོར་འཆར་གཞིའི84.7%ལེགས་འགྲུབ་བྱུང་ཡོད། དེའི་ཁྲོད་རྒྱལ་སྤྱིའི་ཡུལ་སྐོར་གྱི་ཡོང་འབབ་ཨ་སྒོར་ཁྲི15807ཟིན་ནས་དུས་མཉམ་ལས27.24%འཕར་བ་དང་། ཡུལ་སྐོར་བས་རྒྱལ་ནང་དུ་ཡུལ་སྐོར་འགྲོ་སོང་སྒོར་དུང་ཕྱུར725.47བཏང་བ་དང་དུས་མཉམ་ལས9.64%འཕར་ཡོད། །
འཕྲིན་སྟེགས། weikangba