ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས15ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རླུང་འཚུབ་དྲག་པོ"ཕྱེ་ལེབ"དང་དེའི་དྲག་ཆར་གྱི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ལ་དམིགས་ནས། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉེ་ཆར་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སེལ་མ་དངུལ་སྒོར་ཁྲི4000འཕྲལ་མར་སྔོན་ལ་བཏང་སྟེ། ཧའེ་ནན་དང་། ཀོང་ཏུན། ཀོང་ཞི་སོགས་ཞིང་ཆེན(ལྗོངས)གྱིས་ཞོད་འགོག་དང་རླུང་འཚུབ་འགོག་པའི་འཕྲལ་བསྟུན་ཉེན་སེལ་གུད་སྐྱོབ་ལས་དོན་ལེགས་པོར་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། གནོད་ཐེབས་མི་སྣ་སྤོ་སྒྱུར་བཀོད་སྒྲིག་དང་ཉེན་འགོག་གནོད་སེལ་སོགས་ཀྱི་འཕྲལ་བསྟུན་ཐག་གཅོད། ཞོར་ཐོན་གནོད་འཚེའི་བྱུར་རྐྱེན་ཞིབ་བཤེར་དང་འཕྲལ་བསྟུན་བཅོས་སྒྲིག་སོགས་ཀྱི་ལས་སྤེལ་བའི་ཐད་བཀོལ་སྤྱོད་བྱས་ཏེ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་གནོད་འཚེའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད། །
འཕྲིན་སྟེགས། weikangba