2025ལོའི"གསོན་ཤུགས་ལྡན་པའི་ཀྲུང་གོའི་རྟོག་ཞིབ་ཏུ་བསྐྱོད་པ"ཅེས་པའི་བརྗོད་དོན་བཅར་འདྲི་བྱ་འགུལ་སྤེལ་མགོ་བརྩམས་པ།

2025-06-17
224

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོ་ནི"ལོ་ལྔའི་འཆར་གཞི་བཅུ་བཞི་པའི"འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན། ཟླ6པའི་ཚེས16ཉིན་ནས་བཟུང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་འབྲེལ་ཡོད་ས་གནས་ཀྱི་སྨྱན་སྦྱོར་རྩ་འཛུགས་བྱས་ནས2025ལོའི"གསོན་ཤུགས་ལྡན་པའི་ཀྲུང་གོའི་རྟོག་ཞིབ་ཏུ་བསྐྱོད་པའི"བརྗོད་དོན་བཅར་འདྲི་བྱ་འགུལ་སྒོ་སྤེལ་རྒྱུ་ཡིན་ཞིང་། "ལོ་ལྔའི་འཆར་གཞི་བཅུ་བཞི་པའི"དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་མཚོན་ཏེ། ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་རྒྱ་སྐྱེད་པ། གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱ་རྒྱུ་རེད།

བརྗོད་དོན་བཅར་འདྲི་བྱ་འགུལ་ལ་ཞུགས་པའི་སྨྱན་སྦྱོར་གྱི་གསར་འགོད་པས་གཙོ་གནད་མངའ་ཁོངས་དང་གཙོ་གནད་ས་ཁུལ་ལ་དམིགས་ཏེ། ཡུལ་དངོས་སུ་འཚམས་འདྲི་བྱེད་པ་དང་བརྟག་དཔྱད་གཏིང་ཟབ་བྱེད་པ་སོགས་ཀྱི་རྣམ་པས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཚོལ་ཞིབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསལ་འགྲེལ་བྱ་རྒྱུ་རེད། ས་ཁུལ་སོ་སོས་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱས་པའི་གྱོད་དཔེ་ངོ་མ་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་བཅར་འདྲི་དང་གནས་ཚུལ་གཏིང་ཟབ་སྤེལ་བ་དང་། དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་བྱེད་སྟངས་དང་ཡོངས་ཁྱབ་ཆོས་ཉིད་ཕྱོགས་བསྡོམས་དང་ཞིབ་སྦྱང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འགྲིལ་ཤུགས་རྒྱ་སྐྱེད་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། བྱ་འགུལ་ལས་བརྗོད་དོན་ཆེན་པོ་ལྔ་ལ་དམིགས་ཏེ། དེ་མཚུངས་ཀྱི་དཔེ་མཚོན་ས་ཁུལ་བདམས་ནས་སྐོར་ཐེངས་མང་པོའི་རྟོག་ཞིབ་བཅར་འདྲི་བྱ་རྩིས་ཡོད། དེའི་ཁྲོད་ཚེས16ཉིན་སྤེལ་མགོ་རྩོམ་པའི་སྐོར་ཁག་དང་པོ་དེ་པེ་ཅིན་དང་། ཀོང་ཏུང་། ཨན་ཧུའེ་བཅས་སུ་གཅིག་བསྡུས་ངང་རྟོག་ཞིབ་བཅར་འདྲི་རིམ་བཞིན་སྤེལ་རྒྱུ་ཡིན་པ་རེད། །


  • 顶