ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་དུ་བྱུང་བའི་ཏང་ཡོན། གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་རྣམ་དག རང་རྒྱལ་གྱི་མི་རིགས་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ཐད་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད། བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་བུ་ཕྲུག སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་མཐུན་རག་སྡིས་སྙུན་གཞིས་རྐྱེན་པས་2025ལོའི་ཟླ་6ཚེས་6ཉིན་གྱི་ཆུ་ཚོད་2དང་སྐར་མ་15ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་87ལ་ཕེབས་ཡོད།
འཕྲིན་སྟེགས། weikangba