ཧན་ཀྲིན2025ལོའི་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ་བ།

2025-05-26
406

ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ2025ལོའི་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ2025ལོའི་གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་སྦྲེལ་དྲ་བ་དང་། གྲངས་འཛིན་ཆེན་མོ། མི་ཐབས་རིག་ནུས་དང་དངོས་ཚན་དཔལ་འབྱོར་བཅས་གཏིང་ཟབ་ངང་མཉམ་འདྲེས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་འདོན་སྤྲོད་བྱེད་དགོས་པར་བསྟན་ཡོད། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་ཏུ་ཕྱིན་པ་དང་། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་འཐུས་ཚབ་དུ་གྱུར་པའི་ཐོན་ལས་གསར་པ་དང་ལག་རྩལ་གསར་པ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱས་པས། གོ་ལ་ཧྲིལ་པོའི་ཉོ་ཚོང་དང་མ་འཇོག་གནས་བབ་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་དང་མདུན་ལམ་རྒྱ་ཆེན་པོ་ཡོད། གྲངས་འཛིན་དང་མི་ཐབས་དུས་རབས་མགྱོགས་མྱུར་ངང་སླེབས་པའི་སྐབས་འདིར། ང་ཚོས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཉོ་ཚོང་དང་དངུལ་གཏོང་འཕོ་འགྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པ་ཐུན་མོང་ཐོག་དམ་འཛིན་བྱེད་པ་དང་། གྲངས་འཛིན་དང་མི་ཐབས་ལག་རྩལ་གསར་གཏོད་བེད་སྤྱོད་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་སྐྱེད་བཏང་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེན་མོ་འདོན་སྤྲོད་བྱ་དགོས། གྲངས་འཛིན་དང་མི་ཐབས་དུས་རབས་ཀྱི་སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། དྲང་གཞག་དང་ཀུན་ཕན་རྒྱུན་འཁྱོངས་བྱས་ཏེ། གྲངས་གཞིའི་ཧེ་བག་དང་རིག་ནུས་ཀྱི་ཧེ་བག་ཧུར་བརྩོན་ངང་སེལ་ནས། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་ཆ་རྐྱེན་དེ་བས་ལེགས་པོ་གཏོད་དགོས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གཏན་འཇགས་ཤར་གཏོང་ཐུབ་པར་སྲུང་སྐྱོང་དང་། གྲངས་འཛིན་དང་མི་ཐབས་ལག་རྩལ་གྱི་བྱེད་ནུས་ལ་བརྟེན་ནས། ཕྲེང་འབྲེལ་གྱི་གོང་འོག་ཁེ་ལས་དེ་བས་ལེགས་པའི་སྒོ་ནས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་ལ་དེ་བས་མཉེན་གཤིས་ལྡན་པ་དང་། དེ་བས་ལས་ཆོད་ཆེ་བ། དེ་བས་གསོན་ཤུགས་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོངས་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་མཁན་གཙོ་བོ་དང་བརྟན་ལྷིང་གི་གཏིང་རྡོ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་འདོན་སྤྲོད་བྱས་ཡོད། ཀྲུང་གོ་དང་ལག་གདང་སྦྲེལ་བ་ནི་གོ་སྐབས་དང་མཉམ་སྐྱོད་བྱེད་པ་དེ་ཡིན།

གོ་ལ་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་ནི་ཀྲུང་གོའི་ཚོང་དོན་སྐུལ་འདེད་ཚོགས་པས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། བསྟུད་མར་སྐབས4ལ་འཚོགས་པ་རེད། སྐབས་འདིའི་རྩེ་ཚོགས་ཀྱི་བརྗོད་དོན་ནི“གྲངས་འཛིན་དང་མི་ཐབས་དུས་རབས་ལ་བསྟུན་ཏེ། ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ”ཞེས་པ་དེ་ཡིན་པ་དང་། ཕྱི་རྒྱལ་སྲིད་གཞུང་སྡེ་ཁག་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་ཚོང་ལས་མཐུན་ཚོགས། གོ་ལ་ཧྲིལ་པོའི་ཚོང་དོན་སྐུལ་སྤེལ་སྒྲིག་གཞིའི་འགན་འཁུར་བ་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་འཐུས་མི་བཅས་ཀྱི་མི800ལྷག་ཚོགས་འདུར་ཞུགས་ཡོད། །


  • 顶