ཏིན་ཞུའེ་ཞང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་སུ་ཞུགས་ནས་ཤིས་ཚིག་གནང་བ།

2025-01-23
218

ཟླ1པོའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཏ་ཝོ་སིར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་སུ་ཞུགས་ནས། “ཕྱོགས་མང་རིང་ལུགས་ཀྱི་དྲང་ལམ་བརྟན་སྲུང་བྱས་ནས་སྒོ་འབྱེད་དང་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་ཁ་བྱང་དུ་བཟུང་ནས་ཤིས་ཚིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཏ་ཝོ་སིར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་སུ་ཞུགས་ནས། “ཕྱོགས་མང་རིང་ལུགས་ཀྱི་དྲང་ལམ་བརྟན་སྲུང་བྱས་ནས་སྒོ་འབྱེད་དང་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་ཁ་བྱང་དུ་བཟུང་ནས་ཤིས་ཚིག་གནང་།

ཏིན་ཞུའེ་ཞང་གིས་གསུངས་རྒྱུར། ལོ་བརྒྱད་ཀྱི་ཡར་སྔོན་དུ། ཏག་ཏག་འདི་གར་ཀྲུང་གོའི་རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན། མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་གཏོད་པའི་སྐད་ཆ་སྟོབས་ཆེ་བསྒྲགས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལ་ལན་གསལ་པོ་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་འགག་རྩའི་བཞི་མདོར་སླེབས་ཡོད། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་ལ་བསྐྱར་དྲན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་རོགས་ལས་བྱས་ནས་ཆར་རླུང་དྲག་པོའི་ཁྲོད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་ཁེལ་རང་བཞིན་དེ་བས་མང་པོ་བསྣན་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དྲང་གཞག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱ་དགོས།

ཏིང་ཞུའེ་ཞང་གིས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་ཐུན་མོང་ཐོག་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཀུན་ཕན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་ངལ་སེལ་བ་དང་། བསྟུན་མཁས་ལ་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། གཉིས་ཕན་མཉམ་ལས་ཀྱི་མཉམ་རྒྱལ་ཐབས་ལམ་འཚོལ་ཞིབ་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི“བག་ལེབ”དེ་བས་ཆེན་པོ་བཟོ་དགོས་པ་མ་ཟད། དེ་བས་ལེགས་པར་བགོ་དགོས། གཉིས་ནི་ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་སྲུང་སྐྱོང་དང་ལག་ལེན་བསྟར་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བརྟན་པོ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཐད་རྒྱལ་ཁབ་ཁག་གི་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བར་འགན་ལེན་བྱས་ནས། སྒོ་འབྱེད་དང་ཁོངས་ཡངས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁོར་ཡུག་གཏོད་དགོས། གསུམ་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་དང་། གྲངས་འཛིན་དུས་རབས་ཀྱི་འབྲེལ་མཐུད་དང་འབྲེལ་གཏུག་ལ་སྐུལ་འདེད་གཏོང་རྒྱུ། ཚན་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་དེ་བས་མང་པོ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་འཁོར་ཐོག་སྡོད་དུ་འཇུག་དགོས། བཞི་ནི་གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། ནུས་ཁུངས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གལ་ཆེན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་བཅས་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ། དཀའ་ངལ་ལས་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།

ཏིན་ཞུའེ་ཞང་གིས་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ངོ་སྤྲོད་བྱས། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། གཉིས་ནི་ལྗང་མདོག་དང་ཐཱན་དམའ་བའི་ཚུལ་སྒྱུར་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་བ། གསུམ་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སོང་བ་བཅས་རེད།

ཤིས་ཚིག་གསུངས་རྗེས། ཏིན་ཞུའེ་ཞང་གིས་རྒྱལ་སྤྱིའི་སྒྲིག་ལམ་དང་མིས་བཟོས་རིག་ནུས་སོགས་ཀྱི་གནད་དོན་ཐད་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་གཏོད་པ་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡི་དྲི་བར་ལན་བཏབ།

ཚོགས་འདུར་ཞུགས་རིང་། ཏིན་ཞུའེ་ཞང་གིས་ད་དུང་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་། ཡའོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲེན། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཏེང་ཧུང་སེན་སོགས་ལ་ཐུག་འཕྲད་གནང་།

ཉིན་དེར་ཏིང་ཞུའེ་ཞང་གིས་ཞི་མོན་ཙི་ཀུང་སི་དངABBཚོགས་པ། ཧེ་ཧྲི་ཚོགས་པའི་འགན་འཁུར་བ་སོགས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཁོ་ཚོས་ཀྲུང་གོ་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྤྱད་པའི་སྲིད་ཇུས་དང་བྱེད་ཐབས་ལ་གདེང་འཇོག་ཧུར་ཐག་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཀྲུང་གོར་མུ་མཐུད་དོ་ཁུར་དང་ཀྲུང་གོར་མ་འཇོག་བྱ་རྒྱུ་ཡིན་པར་བསྟན། །


  • 顶